- 'dul ba mdo rtsa/
- ID:
- T100309
- འདུལ་བ་མདོ་རྩ (Tibetan, Tibetan script, Original)
- > 'dul ba mdo rtsa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dülwa dotsa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
Root Texts of the Vinaya Sutras [a shastra definitely resolving the intention of the four scriptures of vinaya in 2,700 verses, 9 [the?] volumes, by the Indian khenpo yon tan 'od, translated by the pandita Jinamitra, and the translator klu'i rgyal mtsan.]
- language:
- English
-
Root Texts of the Vinaya Sutras Shastra
- language:
- English
2. bod rgya tshig mdzod chen mo
[1405] འདུལ་བ་ལུང་སྡེ་བཞིའི་དགོངས་པ་ཕྱོགས་གཅིག་ཏུ་གཏན་ལ་འབེབས་པར་བྱེད་པའི་བསྟན་བཅོས་ཤླཽ་ཀ་ཉིས་སྟོང་བདུན་བརྒྱ་དང། བམ་པོ་དགུ་པ། རྒྱ་གར་གྱི་མཁན་པོ་ཡོན་ཏན་འོད་ཀྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་པའོ། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཡོན་ཏན་ཀྱིས་མཛད་པའི《འདུལ་བ་མདོ་རྩ་བ》འདིའི་ནང་དོན་ནི་སངས་རྒྱས་ཀྱི་གསུང་རབ་ནང་བཞུགས་པའི《འདུལ་བ་ལུང་སྡེ་བཞི》ཡི་བརྗོད་དོན་རྣམས་གོ་རིམ་དུ་བསྒྲིགས་ནས་གནད་ཚང་བར་མཛད་པ་ཞིག་ཡིན། འདི་ལ་ལེའུ་ཉི་ཤུ་དང་བམ་པོ་དགུ་ཡོད། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་མུ་ཏིག་བཙན་པོའི་དུས་སུ་རྒྱ་གར་གྱི་པཎྡི་ཏ་ཛི་ན་མི་ཏྲ་དང།ང་། བོད་ཀྱི་ལོ་ཙྰཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་སྣར་ཐང་དཔར་མའི་མདོ་ཕྱོགས་ལེ་ཚན་【ཟ】པའི་ནང་ཡོད། འདི་ལ་སློབ་དཔོན་རང་ཉིད་ཀྱིས་མཛད་པ་པཎྡི་ཏ་ཨ་ལངྐ་དེ་བ་དང།ང་། བོད་ཀྱི་ལོ་ཙྰཙཱ་བ་སྟེང་པ་ཚུལ་ཁྲིམས་འབྱུང་གནས་ཀྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་སྣར་ཐང་དཔར་མའི་མདོ་ཕྱོགས་ལེ་ཚན【འུ】དང【ཡུ】གཉིས་སུ་ཆ་ཚང་ཡོད། དེ་མིན་བསྟན་འགྱུར་མདོ་ མདོ་ཕྱོགས་ལེ་ཚན【རུ】དང【ལུ】【ཤུ】【སུ】བཅས་ལ་པོད་བཞི་ཡོད་ཅིང།ང་། དུས་རབས་བཅུ་གཉིས་པའི་དཀྱིལ་དུ་བཀའ་གདམས་པའི་དགེ་བཤེས་མཚོ་སྣ་བས་མཛད་པའི《འདུལ་བ་མདོ་རྩ་བའི་མཆན་འགྲེལ་ཉི་མའི་འོད་ཟེར》ཞེས་པ་ཧ་ཅང་ལེགས་པོ་ཞིག་ཡོད་པ་བོད་ཡོངས་སུ་ཁྱབ་ཆེ་ཞིང།ང་། དེ་སྔོན་ལྷ་སར་ཤིང་དཔར་ཡོད་ཅིང་ད་ལྟ་ལྕགས་པར་མའང་བཏོན་འདུག།ག
- language:
- Tibetan
4. Thupten Phuntsok Dictionary
འདུལ་བ་ལུང་སྡེ་བཞིའི་དགོངས་པ་ཕྱོགས་གཅིག་ཏུ་གཏན་ལ་འབེབས་པར་བྱེད་པའི་བསྟན་བཅོས་ཤླཽ་ཀ་ཉིས་སྟོང་བདུན་བརྒྱ་དང་། བམ་པོ་དགུ་པ། རྒྱ་གར་གྱི་མཁན་པོ་ཡོན་ཏན་འོད་ཀྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་པའོ། །
- language:
- Tibetan
5. smon lam tshig mdzod chen mo
འདུལ་བ་ལུང་སྡེ་བཞིའི་དགོངས་པ་ཕྱོགས་གཅིག་ཏུ་གཏན་ལ་འབེབས་པར་བྱེད་པའི་བསྟན་བཅོས་ཤླཽ་ཀ་ཉིས་སྟོང་བདུན་བརྒྱ་དང༌། བམ་པོ་དགུ་པ། རྒྱ་གར་གྱི་མཁན་པོ་ཡོན་ཏན་འོད་ཀྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་པའོ།
- language:
- Tibetan