- 'dul 'dzin grags pa rgyal mtshan/
- ID:
- T100402
- འདུལ་འཛིན་གྲགས་པ་རྒྱལ་མཚན (Tibetan, Tibetan script, Original)
- > 'dul 'dzin grags pa rgyal mtshan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dündzin drakpa gyemtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
འདུལ་འཛིན་གྲགས་པ་རྒྱལ་མཚན་མཆོག་ནི་དབུ་སྟོང་སྦྲམ་(དབུ་སྟོད་འབྲང་མདའ་ཞེས་ཀྱང་སྣང)དུ་རབ་བྱུང་དྲུག་པའི་ཤིང་སྟག(༡༣༧༤)ལོར་སྐུ་འཁྲུངས། ཆུང་ངུ་ནས་གདན་ས་མཐིལ་དུ་སྤྱན་སྔ་ཆོས་ཀྱི་རྒྱལ་པོའི་གཟིམ་དཔོན་མཛད། དེ་ནས་རྗེ་ཙོང་ཁ་པ་ཆེན་པོ་ལ་མི་ཕྱེད་པའི་དད་པ་བརྙེས་ཏེ་མདོ་སྔགས་ཀྱི་ཆོས་རྒྱ་ཆེན་གསན་སྦྱོང་གནང་ནས་རྗེ་བདག་ཉིད་ཆེན་པོའི་སྲས་ཀྱི་ཐུ་བོར་གྱུར་ཏེ་རྗེའི་སློབ་མ་ཐམས་ཅད་ཀྱིས་རྗེ་ཉིད་དང་འདྲ་བར་གུས་པར་བྱེད་ཅིང་ཆོས་ཞུས། མདོ་སྔགས་སྤྱི་དང་ཁྱད་པར་འདུལ་བ་ལ་མཁས་པས་འདུལ་ཊྰིཀཊཱིཀ། གླིང་འབུམ། བསླབ་བྱ། གཞི་གསུམ་ཆོ་ག་སོགས་ཆོག་བསྒྲིགས་མང་པོ་བརྩམས་ཏེ་འདུལ་འཛིན་ཞེས་པ་མཚན་དོན་དང་མཐུན་པར་གྲགས། དགའ་ལྡན་དགོན་པ་བཞེངས་པའི་ཚེ་རྗེའི་བཀའ་བཞིན་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པ་མ་གྲུབ་པའི་བར་འཁུར་བཞེས། རྗེ་ཙོང་ཁ་པ་ཆེན་པོ་ཞིང་དུ་གཤེགས་རྗེས་རྒྱལ་ཚབ་རྗེ་གདན་སར་མངའ་གསོལ། རྗེའི་གདུང་རྟེན་བཞེངས་པ་སོགས་མཛད། རྗེ་རིན་པོ་ཆེའི་དགོངས་རྫོགས་སུ། སྔར་རྒྱལ་པོ་སྲོང་བཙན་ཡབ་ཡུམ་གྱི་སྐྱེད་མོས་ཚལ་ཏེ་བཙན་མོ་ཚལ་ཞེས་གྲགས་པའི་སར་ཆོས་སྡེ་བཏབ་ནས་དགེ་འདུན་བརྒྱད་བརྒྱ་ཙམ་བསྡུས། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་བསྙེན་རྫོགས་ལས་སློབ་ཀྱང་མཛད། བཀའ་རྩོམ《འདུལ་བའི་བསླབ་བྱ་ཆེན་མོ》དང།ང་། 《རྩ་ལྟུང་བཅུ་བཞིའི་འགྲེལ་པ་གསལ་བྱེད་འཁྲུལ་སྤོང》 《བཅོམ་ལྡན་འདས་ཐམས་ཅད་རིག་པའི་དཀྱིལ་འཁོར་ཆོ་གའི་རྣམ་བཤད་ལེགས་བཤད་སྙིང་པོ》སོགས་པོད་འབྲིང་གཉིས་ཙམ་བཞུགས། དགུང་ལོ་རེ་གཅིག་ལ་ཕེབས་པ་རབ་བྱུང་བདུན་པའི་ཤིང་སྟག(༡༤༣༤)ལོར་བཙུན་མོ་ཚལ་དུ་སྐུ་གཤེགས། སྐུ་གདུང་རིལ་བུ་བཙུན་མོ་ཚལ་གྱི་དགོན་པར་བཞུགས།
- language:
- Tibetan
3. Thupten Phuntsok Dictionary
འདུལ་འཛིན་གྲགས་པ་རྒྱལ་མཚན་མཆོག་ནི་དབུ་སྟོན་སྦྲམ་ (དབུ་སྟོད་འབྲང་མདའ་ཞེས་ཀྱང་སྣང) དུ་རབ་བྱུང་དྲུག་པའི་ཤིང་སྟག (༡༣༧༤) ལོར་སྐུ་འཁྲུངས། ཆུང་ངུ་ནས་གདན་ས་མཐིལ་དུ་སྤྱན་སྔ་ཆོས་ཀྱི་རྒྱལ་པོའི་གཟིམ་དཔོན་མཛད། དེ་ནས་རྗེ་ཙོང་ཁ་པ་ཆེན་པོ་ལ་མི་ཕྱེད་པའི་དད་པ་བརྙེས་ཏེ་མདོ་སྔགས་ཀྱི་ཆོས་རྒྱ་ཆེན་གསན་གནང་ནས་རྗེ་བདག་ཉིད་ཆེན་པོའི་སྲས་ཀྱི་ཐུ་བོར་གྱུར་ཏེ་རྗེའི་སློབ་མ་ཐམས་ཅད་ཀྱིས་རྗེ་ཉིད་དང་འདྲ་བར་བྱེད་ཅིང་ཆོས་ཞུས། མདོ་སྔགས་སྤྱི་དང་ཁྱད་པར་འདུལ་བ་ལ་མཁས་པས་འདུལ་ཊཱིཀ གླེང་འབུམ། བསླབ་བྱ། གཞི་གསུམ་ཆོ་ག་སོགས་ཆོག་བསྒྲིགས་མང་པོ་བརྩམས་ཏེ་འདུལ་འཛིན་ཞེས་པ་མཚན་དོན་དང་མཐུན་པར་གྲགས། བཀའ་རྩོམའདུལ་བའི་བསླབ་བྱ་ཆེན་མོ》དང་། རྩ་ལྟུང་བཅུ་བཞིའི་འགྲེལ་པ་གསལ་བྱེད་འཁྲུལ་སྤོང》བཅོམ་ལྡན་འདས་ཐམས་ཅད་རིག་པའི་དཀྱིལ་འཁོར་ཆོ་གའི་རྣམ་བཤད་ལེགས་བཤད་སྙིང་པོ》སོགས་པོད་འབྲིང་གཉིས་ཙམ་བཞུགས། དགུང་ལོ་རེ་གཅིག་ལ་ཕེབས་པ་རབ་བྱུང་བདུན་པའི་ཤིང་སྟག (༡༤༣༤) ལོར་བཙུན་མོ་ཚལ་དུ་སྐུ་གཤེགས། སྐུ་གདུང་རིལ་བུ་བཙུན་མོ་ཚལ་གྱི་དགོན་པར་བཞུགས།
- language:
- Tibetan
4. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་དྲུག་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ 1374 ལོར་དབུས་སྟོད་སྦྲང་ཡུལ་དུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ 1434 ལོར་བཙུན་མོ་ཚལ་གྱི་དགོན་པར་སྐུ་གཤེགས། ཁོང་འབྲི་གུང་ཆོས་རྗེ་ལས་རབ་ཏུ་བྱུང་། འབྲི་གུང་པ་སྐུ་ཐོག་ཉེར་གཉིས་པ་ལས་ཟབ་ཆོས་མང་དུ་གསན། བྲག་ཚན་དུ་འདུལ་བའི་སྐོར་སྦྱངས། སྔགས་ཀྱི་བླ་མ་ཡང་མང་ཙམ་ལ་བསྟེན་ནས་བུ་སྟོན་གྱི་གསུང་ཐམས་ཅད་མཁྱེན་པར་མཛད། དེ་ནས་རྗེ་ཙོང་ཁ་པ་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ཁྱད་པར་དུ་འདུལ་བའི་གཞུང་ལུགས་ཚང་མ་གསན་ནས་སྡོམ་པ་གསུམ་གྱི་བཅོས་མཚམས་ཕྲ་ཞིང་ཕྲ་བ་ཚུན་ཆད་ཀྱང་ཚུལ་བཞིན་དུ་བསྲུངས་ཤིང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་དམ་གྱི་མཐིལ་དུ་མཛད་པས་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གྱི་གཏེར་ལ་མངའ་བསྒྱུར་བར་མཛད། རྗེ་ཙོང་ཁ་པས་འདུལ་འཛིན་འདི་ལྟ་བུ་ད་ལྟ་རྒྱ་གར་ནའང་དཀོན་ཞེས་བསྔགས་པར་མཛད། དེ་ནས་བཙུན་མོ་ཚལ་དུ་ཕེབས་ནས་དགོན་པ་བཏབ། འཆད་ཉན་ཡུན་རིང་མཛད་པས་དགེ་འདུན་བརྒྱད་བརྒྱ་ལྷག་ཙམ་འདུས། མལ་གྲོ་ཁུལ་གྱི་སྤངས་དགོན་དང་། ཚལ་གུང་[887]ཐང་སོགས་སུ་ཕེབས་ནས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། སྐུ་ཚེ་གང་བོར་དམ་ཆོས་འཆད་ཉན་དང་། ཉམས་ལེན་གྱི་བྱ་བ་ཁོ་ནས་དུས་འདའ་བར་མཛད་ཅིང་། རྗེ་ཙོང་ཁ་པའི་སློབ་མ་མང་པོ་ཞིག་གིས་ཀྱང་ཁོང་ལས་འདུལ་བ་སོགས་མདོ་སྔགས་ཀྱི་ཆོས་ཕོན་ཆེན་གསན། དབུས་གཙང་གི་ཡུལ་གྲུ་ཀུན་ཏུ་རྒྱུད་སྨད་བླ་མ་ཤེས་རབ་སེང་གེ་སོགས་མཁས་གྲུབ་ཀྱི་སློབ་མ་མང་པོར་སྤེལ། ཁོང་ནི་རྗེ་ཙོང་ཁ་པའི་སྲས་ཀྱི་ཐུ་བོ་གཉིས་ལས་གཅིག་ཡིན། ཁོང་གི་གསུང་རྩོམ་ནི་དགེ་སློང་གི་བསླབ་བྱ་ཆེན་མོ། དགེ་ཚུལ་གྱི་བསླབ་བྱ། གླེང་འབུམ་སོགས་མདོའི་སྐོར། རབ་གནས་ཆོ་ག དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་སོགས་སྔགས་ཀྱི་སྐོར་བཅས་པོད་ཆེན་ཞིག་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ། །
- language:
- Tibetan