Skip to main content Skip to search
'dus srong mang po rje/
ID:
T100549
  • འདུས་སྲོང་མང་པོ་རྗེ (Tibetan, Tibetan script, Original)
    • > 'dus srong mang po rje/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > düsong mangpojé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

??? khri 'dus srong mang po rje rlung nam 'phrul gyi rgyal po zhes bya ba 'di, mang srong mang btsan dang 'bro bza' khri long gnyis kyi sras, bod rgyal gdung rabs so drug pa yin la, yab 'das nas zhag bdun lon pa na skyes, mgar btsan snya ldom bu dang mgar khri 'bring btsan brod gnyis kyis chab srid bskyangs, 'di'i ring la rtsal po che mi bdun byung ba deb ther na gsal, ga gon dang, hor dang, sog po btul te, da shab hab kyi la rgyud la gtug par mnga' mdzad de, mtha' bzhi dbang du bsdus, lo nyi shu rtsa dgu'i thog 'jang gi yule du dmag drangs te der 'das,.

language:
English

2. bod rgya tshig mdzod chen mo

[1410] ཁྲི་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ཞེས་བྱ་བ་འདི། མང་སྲོང་མང་བཙན་དང་འབྲོ་བཟའ་ཁྲི་ལོང་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་སོ་དྲུག་པ་ཡིན་ལ། ཡབ་འདས་ནས་ཞག་བདུན་ལོན་པ་ན་སྐྱེས། མགར་བཙན་སྙ་ལྡོམ་བུ་དང་མགར་ཁྲི་འབྲིང་བཙན་བྲོད་གཉིས་ཀྱིས་ཆབ་སྲིད་བསྐྱངས། འདིའི་རིང་ལ་རྩལ་པོ་ཆེ་མི་བདུན་བྱུང་བ་དེབ་ཐེར་ན་གསལ། ག་གོན་དང། ཧོར་དང། སོག་པོ་བཏུལ་ཏེ། ད་ཤབ་ཧབ་ཀྱི་ལ་རྒྱུད་ལ་གཏུག་པར་མངའ་མཛད་དེ། མཐའ་བཞི་དབང་དུ་བསྡུས། ལོ་ཉི་ཤུ་རྩ་དགུའི་ཐོག་འཇང་གི་ཡུལ་དུ་དམག་དྲངས་ཏེ་དེར་འདས། ...

language:
English

3. dung dkar bod rig pa'i tshig mdzod chen mo

བཙན་པོ་མང་སྲོང་མང་བཙན་གྱི་སྲས་ཡིན་ཅིང།ང་། ཏུན་ཧོང་གི་གཏེར་ཡིག་སོགས་བོད་ཀྱི་ལོ་རྒྱུས་མང་པོར་བཙན་པོ་མང་སྲོང་མང་བཙན་སྐུ་གཤེགས་པའི་ལོ་དེར་འཁྲུངས་པར་བཤད། འཁྲུངས་ལོ་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་འདུག།ག ཏུན་ཧོང་གི་གཏེར་ཡིག་ནང།ང་། བྱི་བའི(༦༧༦)ལོ་ལ་ཁྲི་མང་སྲོང་དགུང་ངུདུ་གཤེགས་ནས། བཙན་པོ་ཁྲི་འདུས་སྲོང་སྐུ་བལྟམས་པར་བཤད། 《ཐང་རྒྱལ་རབས་ཀྱི་ཡིག་ཚང་རྙིང་མ》ལས། བཙན་པོ་མང་སྲོང་གཤེགས་པའི་ལོ་དེར་འདུས་སྲོང་མང་པོ་རྗེ་ཁྲི་ལ་འཁོད་པ་དང།ང་། དེ་དུས་འདུས་སྲོང་དགུང་ལོ་བརྒྱད་ལ་ཕེབས་ཡོད་པར་བཤད་པ་སོགས་མི་མཐུན་པ་ཡོད་པ་དེ་སྐོར་གྱི་དཔྱད་གཞི་རྣམས་འདིར་མ་བྲིས་ཤིང།ང་། བོད་ཡིག་གི་ལོ་རྒྱུས་མང་པོར་བཙན་པོ་སྐུ་ན་གཞོན་དུས་ནས་དཔའ་མཛངས་ལྡན་ཞིང་སྟོབས་རྩལ་ཆེ་བ་ཞིག་ཡོད་ཅེས་གསལ་བ་ལྟར། 《ཏུན་ཧོང་གི་གཏེར་ཡིག》ལས་ཀྱང།ང་། བཙན་པོ་ཁྲི་འདུས་སྲོང།ང་། སྐུ་ཆུང་ནས་གཞོན་གྱིས་ཀྱང།ང་། ཕག་རྒོད་ལ་བཤན་གྱིས་མཛད། གཡག་རྒོད་སྒྲོག་ཏུ་བཅུག ་སྟག་གི་རྣ་བ་ལ་བཟུང་བ་སོགས་པ། ཐུགས་སྒམ་པའི་སྟེང་དུ་སྐུ་རྩལ་ཆེན་པོས་བསྣན་ཏེ། མི་དང་མི་འདྲ་བར་འཕགས་པས་ཉི་འོག་རྒྱལ་པོ་ཐམས་ཅད་དང།ང་། འབངས་མགོ་ནག་ཕྱོགས་ཀྱིས་མཚན་བླ་དྭགས་འཕྲུལ་གྱི་རྒྱལ་པོ་ཞེས་བཏགས་སྟེ། བཀའ་མཆིད་ཀྱི་དཔེར་བརྗོད་དོ་ཞེས་གསལ་པོར་འཁོད་ཡོད་པས་དཔའ་མཛངས་ཅན་ཞིག་ཡིན། དགུང་ལོ་ཆུང་དུས་ཆབ་སྲིད་ཀྱི་ལས་དོན་རྣམས་བློན་པོ་མགར་སྟོང་བཙན་གྱི་བུ་མགར་ཁྲི་འབྲིང་གིས་བསྐྱངས་ཤིང།ང་། མགར་གྱི་བུ་གཞན་དག་རྣམས་དམག་དཔོན་དུ་བསྐོས་ཡོད་སྟབས་ལོ་ཉི་ཤུ་ཙམ་གྱི་རིང་བོད་ཀྱི་ཞི་དྲག་དབང་ཆ་ཡོངས་རྫོགས་བློན་པོ་མགར་གྱི་མི་རྒྱུད་རྣམས་ཀྱི་ལག་ཏུ་བཟུང་སྟེ། བཙན་པོ་ནི་མིང་ཙམ་ལས་དོན་དངོས་ཀྱི་དབང་ཆ་བློན་པོའི་ལག་ཏུ་ཤོར་བ་ཞིག་བྱུང།ང་། ཐང་རྒྱལ་རབས་ཀྱི་གོང་མ་འུ་ཙེ་ཐེན་གྱི་ཧྲིན་ལི་ཁྲི་ལོ་གཉིས་པ་ས་ཕག(༦༩༩)ལོར་བཙན་པོས་རི་དྭགས་བརྔོན་པར་ཁ་གཡར་ཏེ་དམག་དཔུང་བསྡུས་ནས་མགར་ཁྲི་འབྲིང་འ་ཞའི་ཡུལ་དུ་དམག་དཔོན་ལ་བསྡད་སྐབས་བཙན་པོས་དམག་ས་ནས་བོད་དུ་ཕྱིར་ལོག་བྱེད་དགོས་པའི་བཀའ་རྒྱ་ཞིག་བཏང།ང་། ཁྲི་འབྲིང་གིས་ཀྱང་བློ་དོགས་བྱུང་སྟེ་བཙན་པོའི་མདུན་དུ་ལོག་མ་འོངས་པར་བརྟེན་གློ་བུར་དུ་ཁྲི་འབྲིང་ལ་དམག་དྲངས་ཐོག་ཁོའི་ཕྱོགས་གཏོགས་མི་ཉིས་སྟོང་ཙམ་བསད་རྗེས་ཁྲི་འབྲིང་རང་སྲོག་བཅད། མགར་གྱི་བུ་བཙན་བྲོད་རང་གཡོག་སྟོང་ཕྲག་གཅིག་ལྷག་ཙམ་ཁྲིད་ནས་ཐང་གི་གོང་མ་འུ་ཙེ་ཐེན་ལ་མགོ་བཏགས་ཞུས་ཏེ་གོ་གནས་ཀྱང་བྱུང།ང་། གོང་མ་འུ་ཙེ་ཐེན་གྱི་ཁྲང་ཨན་ཁྲི་ལོ་གསུམ་པ་ཆུ་ཡོས(༧༠༣)ལོར་བཙན་པོའི་མངའ་འོག་ཏུ་ཡོད་པའི་འཇང་པ་རྣམས་ཀྱིས་ངོ་ལོག་བྱས་པར། བཙན་པོ་རང་ཉིད་ངོ་མས་དམག་སྣེ་ཁྲིད་ནས་འཇང་ལ་དམག་དྲངས་ཏེ་སླར་ཡང་མངའ་འོག་ཏུ་བསྡུས་ཤིང་དམག་ཐོག་ཏུ་འདས། རྒྱལ་པོ་འདིའི་དུས་སུ་བློན་པོ་རྩལ་ཆེན་མི་བདུན་བྱུང་བ་དང།ང་། རྒྱལ་པོ་བསྙུང་བའི་རྐྱེན་གྱིས་དེ་ལ་ཕན་པའི་ཇ་འཚོལ་དུ་བཏང་ནས་བོད་དུ་ཇ་ཐོག་མར་བྱུང་བ། ཇ་དེ་བཞེས་པའི་སྣོད་བཟང་པོ་དཀར་ཡོལ་བཟོ་བའི་ལག་རྩལ་མཁས་ཅན་དགོས་ཞེས་ཐང་རྒྱལ་རབས་ལ་རེ་འདུན་ཞུས་པ་ལྟར་བོད་དུ་ཇ་བཟོའི་ལག་རྩལ་མཁས་ཅན་བཏང་ནས་དཀར་ཡོལ་བོད་དཀར་བཟོས་པ་སོགས་ཞིབ་པར《རྒྱ་བོད་ཡིག་ཚང》ལྕགས་དཔར་མའི་ཤོག་གྲངས་༡༢༣ནས་༡༢༦བར་དང།ང་། 《ཇ་ཡི་བཤད་པ》དང།ང་། 《དཀར་ཡོལ་བརྟག་པའི་བསྟན་བཅོས》བཅས་གོང་གསལ《རྒྱ་བོད་ཡིག་ཚང》གི་ཤོག་གྲངས༡༧༡ནས༡༧༤བར་འཁོད་པ་དེར་གཟིགས། བཙན་པོ་འདེའི་བང་སོ་ནི་ཡབ་མང་སྲོང་མང་བཙན་གྱི་བང་སོའི་གཡོན་ངོས་སུ་ཡོད་པ་དང།ང་། མཐའ་ལ་ལྕགས་རི་ཡང་ཡོད་ཅེས་གསལ་ཞིང།ང་། བང་སོ་འདི་འབངས་གྱེན་ལོག་གི་སྐབས་བྲེང་འཁྱོས་འཁུས་བྲུས་ཟིན་པས་དེང་སང་བང་སོའི་ཤུལ་ཙམ་ལས་མེད། ལྡེའུ་ཇོ་སྲས་ཀྱིས་མཛད་པའི《ཆོས་འབྱུང》ལས། བཙན་པོ་འདིའི་གཅུང་པོ་གསུམ་ཡོད་པ་ཐང་མཚམས་སུ་ཕབ་པར་བཤད།

language:
Tibetan

4. Thupten Phuntsok Dictionary

ཁྲི་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ཞེས་བྱ་བ་འདི། མང་སྲོང་མང་བཙན་དང་འབྲོ་བཟའ་ཁྲི་མ་ལོད་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་སོ་དྲུག་པ་ཡིན་ལ། ཡབ་འདས་ནས་ཞག་བདུན་ལོན་པ་སྤྱི་ལོ་༦༧༦ལོར་ན་སྐྱེས། མགར་བཙན་སྙ་ལྡོམ་བུ་དང་མགར་ཁྲི་འབྲིང་བཙན་བྲོད་གཉིས་ཀྱིས་ཆབ་སྲིད་བསྐྱངས། འདིའི་རིང་ལ་རྩལ་པོ་ཆེ་མི་བདུན་བྱུང་བ་དེབ་ཐེར་ན་གསལ། ག་གོན་དང་། ཧོར་དང་། སོག་པོ་བཏུལ་ཏེ། ད་ཤབ་ཧབ་ཀྱི་ལ་རྒྱུད་ལ་གཏུག་པར་མངའ་མཛད་དེ། མཐའ་བཞི་དབང་དུ་བསྡུས། ལོ་ཉི་ཤུ་རྩ་དགུའི་ཐོག་སྤྱི་ལོ༧༠༤ལོར་འཇང་གི་ཡུལ་དུ་དམག་དྲངས་ཏེ་དེར་འདས།

language:
Tibetan

5. smon lam tshig mdzod chen mo

ཁྲི་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ཞེས་བྱ་བ་འདི། མང་སྲོང་མང་བཙན་དང་འབྲོ་བཟའ་ཁྲི་ལོང་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་སོ་དྲུག་པ་ཡིན་ལ། ཡབ་འདས་ནས་ཞག་བདུན་ལོན་པ་ན་སྐྱེས། མགར་བཙན་སྙ་ལྡོམ་བུ་དང་མགར་ཁྲི་འབྲིང་བཙན་བྲོད་གཉིས་ཀྱིས་ཆབ་སྲིད་བསྐྱངས། འདིའི་རིང་ལ་རྩལ་པོ་ཆེ་མི་བདུན་བྱུང་བ་དེབ་ཐེར་ན་གསལ། ག་གོན་དང༌། ཧོར་དང༌། སོག་པོ་བཏུལ་ཏེ། ད་ཤབ་ཧབ་ཀྱི་ལ་རྒྱུད་ལ་གཏུག་པར་མངའ་མཛད་དེ། མཐའ་བཞི་དབང་དུ་བསྡུས། ལོ་ཉི་ཤུ་རྩ་དགུའི་ཐོག་འཇང་གི་ཡུལ་དུ་དམག་དྲངས་ཏེ་དེར་འདས།

language:
Tibetan