- rdo sbis dge bshes shes rab rgya mtsho/
- ID:
- T102842
- རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ (Tibetan, Tibetan script, Original)
- > rdo sbis dge bshes shes rab rgya mtsho/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dobi geshé sherap gyamtso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་མདོ་སྨད་རྡོ་སྦིས་གསེར་མོ་ལྗོངས་ཞེས་པའི་ཡུལ་གྱི་ཁོངས་གཏོགས་ཧོར་ལུང་པ་ཞེས་པའི་གྲོང་སྡེ་ཡབ་ལྷ་ལུང་སྐྱབས་དང།ང་། ཡུམ་ལྷ་ལུང་སྐྱབས་དང།ང་། ཡུམ་ལྷ་ལུང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲེལ་(༡༨༨༤)ལོར་སྐུ་འཁྲུངས་། དགུང་ལོ་ལྔ་པ་ས་བྱི་ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་ནོར་བུ་རིན་པོ་ཆེའི་དྲུང་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་བཞེས་ཐོག་དགེ་ལྡན་འཕེལ་རྒྱས་གླིང་གི་ཆོས་སྒོར་བཞུགས་ནས་ཡི་གེ་སྦྱོར་ཀློག་ལ་སྦྱངས་པ་པ་མཛད། དགུང་ལོ་བཅུ་དྲུག་པར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེག་ཨ་ཁུ་གུང་ཐང་བློ་གྲོས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུགས་སོགས་སྡེ་སྣོད་འཛིན་པའི་བླ་མ་དུ་མ་བསྟེན། ཨ་ཁུ་གུང་ཐང་བློ་གྲོས་ཚང་གི་མདུན་ནས་དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ཉེར་གཅིག་པ་ཤིང་འབྲུག(༡༩༠༤)ལོར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲ་གྲྭ་་ཚང་གི་ཆོས་གྲྭར་ཞུགས། མཁས་དབང་འབུལ་སྡུད་རིན་པོ་ཆེ་མཆོག་གྲུབ་ ཚ་དཀར་བློ་བཟང་ཡི་ཡེ་ཤེས་བསྟན་པའི་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་ལྷག་ཙམ་གྱི་ཞབས་ལ་གཏུགས་ཏེ་རིག་པའི་གནས་མཐའ་དག་དང་། མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་ གྱི་བསམ་མཐར་ཕྱིན་པར་མཛད་ནས་འཆད་རྩོད་རྩོམ་གསུམ་དང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས་ཤིང།ང་། སྒོ་ཐམས་ཅད་ནས་འགྲན་པའི་ཟླ་དང་བྲལ་བའི་མཁས་པའི་གོ་འཕངས་མཐོན་པོར་གཤེགས། དགུང་ལོ་སོ་གསུམ་གྱི་སྟེང་དམིགས་བསལ་གྱིས་ལྷ་རམས་འཕར་མའི་མིང་བཏགས་བཞེས། ནོར་བུ་གླིང་གའི་རྩོད་རྒྱུགས་སྐབས་ཨང་དང་པོ་ཐོབ། ཏྰཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་བཀའ་ལྟར་རིག་པའི་གནས་ལྔ་ལ་མཁས་པ་ཨང་དང་པོ་འབྲས་སྤུངས་སྒོ་མང་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཞེས་མཚན་སྙན་གྱི་མེ་ཏོག་དགུང་དུ་འཐོར། དགུང་ལོ་སོ་བཞི་པ་མེ་སྦྲུལ་ལོ་ནས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་བཀའ་ལྟར་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་པོད་ཉེར་དགུའི་དཔར་གཞི་གསར་བཞེངས་ཞུ་དག་དང་། བཀའ་འགྱུར་གསར་བཞེངས་གྱི་ཞུ་དག་ལེགས་པར་མཛད། སློབ་མའི་ཚོགས་ཀྱང་ཤིན་ཏུ་མང་སྟེ། གྲགས་ཆེ་བ་དགེ་བཤེས་ལྷ་རམས་པ་སྐལ་བཟང་རྒྱ་མཚོ་དང་། དགེ་བཤེས་གཞུང་པ་ཚུལ་ཁྲིམས་རྒྱ་མཚོ་སོགས་དང་། དེ་མིན་སློབ་གཉེར་ལ་དོན་གཉེར་བྱེད་མཁན་མང་པོ་ལ་སྒྲ་སྙན་ངག་སུམ་རྟགས་སོགས་ཁྲིད་ནས་སྐྱེད་སྲིང་མཛད་དེ་བོད་ཀྱི་རིག་གནས་མི་ཉམས་གོང་སྤེལ་གྱི་བྱ་བ་མང་པོ་མཛད། དགུང་ལོ་ལྔ་བཅུ་ང་ལྔ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་སྟག(༡༩༣༨)ལོར་གོ་མིན་ཏང་སྲིད་གཞུང་གིས་ལྷ་སྡོད་སྐུ་ཚབ་ཅང་ཚན་ཉིད་བརྒྱུད་ནང་སར་ཕེབས་དགོས་ནན་ཞུས་བྱས་པ་ལྟར་ལྷ་འབྱོར་བརྒྱ་དཔོན་ལིས་ཏན་ཨུ་ཡོན་གྱིས་ཕེབས་རོགས་འོག་སྐུ་འཁོར་ཞབས་འབྲིང་དགེ་བཤེས་སྐལ་བཟང་རྒྱ་མཚོ་དང་དགོན་གསར་ཐུབ་བསྟན་འཇིགས་བྲལ་སོགས་དང་ལྷན་དུ་རྒྱ་ནག་ཏུ་ཕེབས་ཏེ་ཆོས་སྲིད་ཀྱི་བྱ་བ་མང་པོ་གནང་། དགུང་ལོ་བདུན་ཅུ་དོན་གསུམ་པ་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ལོ(༡༩༥༦)ལོར་རྒྱ་གར་དང་བལ་ཡུལ་ནས་གདན་ཞུས་ལྟར་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱའི་རྗེས་དྲན་ཚོགས་ཆེན་ལ་ཞུགས། དེའི་སྔ་གཞུག་ཏུ་འབར་མ་དང་། ཀམ་པོ་ཛ། སིང་ག་ལ།རོས་ཏན་སོགས་ལ་ཕེབས་ནས་དེ་གའི་ཆོས་པ་རྣམས་ལ་བཀའ་ཆོས་མང་དུ་གསུངས་ཤིང་། བསྟན་འགྲོའི་དོན་རྒྱ་ཆེར་མཛད། བཅིངས་འགྲོལ་ཐོབ་རྗེས་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ཆོས་སྲིད་ཀྱི་ཐུགས་འགན་དུ་མ་བཞེས། གསུང་འབུམ་དེབ་གཟུགས་ལྕགས་དཔར་མ་པོད་བཞི་བཞུགས་པ་མཚོ་སྔོན་མུ་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད། དགུང་ལོ་གྱ་ལྔ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་སྤྲེལ(༡༩༦༨)ལོའི་ཟླ་༡༡ཚེས་༡ཉིན་མཚོ་སྔོན་དུ་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
མདོ་སྨད་རྡོ་སྦིས་གསེར་མོ་ལྗོངས་ཞེས་པའི་ཡུལ་གྱི་ཁོངས་གཏོགས་ཧོར་ལུང་པ་ཞེས་པའི་གྲོང་སྡེར་ཡབ་ལྷ་ལུང་སྐྱབས་དང་། ཡུམ་ལྷ་ལུང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་(༡༨༨༤)ལོར་སྐུ་འཁྲུངས། དགུང་ལོ་ལྔ་པའི་ས་བྱི་ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་ནོར་བུ་རིན་པོ་ཆེའི་དྲུང་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་བཞེས། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་སོགས་སྡེ་སྣོད་འཛིན་པའི་བླ་མ་དུ་མ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་མཐར་ཕྱིན་པར་མཛད། དགུང་ལོ་གྱ་ལྔ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་སྤྲེལ་(༡༩༦༨)ལོའི་ཟླ ༡༡ ཚེས ༡ ཉིན་མཚོ་སྔོན་དུ་སྐུ་གཤེགས།
- language:
- Tibetan
- Grammars:
- Language: