- rdo yi snying po/
- ID:
- T102886
- རྡོ་ཡི་སྙིང་པོ (Tibetan, Tibetan script, Original)
- > rdo yi snying po/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > doyi nyingpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
(1) ཆུའི་ནང་གི་རྡོ་ལས་སྙིང་པོ་དོན་པའི་ཚུལ་གྱི་སྐྱེས་པའི་རིན་པོ་ཆེའི་རིགས་ཤིག་གི་མིང་། (2) སྤྱིར་རྡོའི་སྙིང་པོ་ཞེས་པ་འདི་པཎ་ཆེན་ཚུལ་ཁྲིམས་བསྐྱངས་ཀྱིས་རྡོའི་སྙིང་པོ་ནི་མརྒད་ཡིན་ཞེས་གསུངས་པ་དང་། དངུལ་གྱི་གབ་མིང་དུ་རྡོའི་སྙིང་པོ་ཞེས་གྲགས་པ་སོགས་འཇུག་པ་མང་ཡང་སྐབས་འདིར་རིན་པོ་ཆེ་ཨ་སྨ་གརྦྷ་སྟེ་བོད་སྐད་དུ་བསྒྱུར་ན་རྡོའི་སྙིང་པོར་འགྱུར་བས་ངོ་བོ་རིན་པོ་ཆེ་ཁ་དོག་ནག་པོ་ཞིག་གོ །དེའང་རྒྱ་ཁྱབ་ཏུ་ངོས་འཛིན་གནང་བ་ནི། པཱ་ཤིས་དང་། རྒྱ་གར། སི་རིས་ལན་ཀ ཀོའང་ཤིས། ཧེ་ལུང་ཅང་། ལེའོ་ཉིན། བོད་ལྗོངས་ཀྱི་ནག་ཆུ་དང་། མངའ་རིས། ལྷོ་ཁ་སོགས་ནས་འབྱུང་བ་ངོ་བོ་མཆོང་གི་རྒྱུ་ལ། ཁ་དོག་ནག་པོ། དབྱིབས་དང་ཆེ་ཆུང་ངེས་མེད། ཕྱི་ལ་ཞུ་བ་དང་ཁོལ་བའི་ཉམས་ཅན། འབུར་ཀོང་སོགས་མང་ཞིང་ཅུང་ཟད་རྩུབ་པ། གྲུབ་ཆ་གཙོ་བོ་SiO {MT3HZ}2 ཡིན་པ་དང་། སྲ་ཚད་6.5~7༠དང་། བསྡུར་ལྗིད་ཁེ2.6~2.65ཡོད་པ། འདི་ལས་འཆོས་པའི་ཕྲ་རྒྱན་གྱི་རིགས་རྣམས་ཁ་དོག་ཤིན་ཏུ་ནག་པོ་འོད་དང་ལྡན་པ་ནམ་མཁར་བཏེགས་ནས་བལྟས་ན་དྭངས་ཤིང་། དེའི་ནང་དུ་སྤྲིན་རིས་ཆུའི་ནང་སྣག་ཚ་བླུགས་ནས་མ་འདྲེས་པ་འདྲ་བའམ། ནམ་མཁར་ཆར་སྤྲིན་འཁྲིགས་པ་འདྲ་བའི་རི་མོ་ཡོད་པའོ། །
- language:
- Tibetan