- rdol bon/
- ID:
- T103126
- རྡོལ་བོན (Tibetan, Tibetan script, Original)
- > rdol bon/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dölbön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
5. dung dkar bod rig pa'i tshig mdzod chen mo
བོན་རང་གི་ལོ་རྒྱུས་ཐོག་རྡོལ་བོན་ཞེས་པའི་ཐ་སྙད་དེ་འདྲ་སྦྱོར་སྲོལ་མི་སྣང་བས་དེ་ནི་བོད་ཀྱི་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་གནའ་རབས་བོད་དུ་དར་བའི་བོན་ཆོས་ལ་བཏགས་པའི་མིང་ཞག་ཞིག་མིན་ནམ་སྙམ། གང་ལྟར་ཐ་སྙད་དེ་ལྟར་འབོད་པའི་གོ་དོན་ནི། ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི《གྲུབ་མཐའ་ཤེལ་དཀར་མེ་ལོང》གི་བོན་ཆོས་བྱུང་ཚུལ་གསུངས་པའི་ཐད་དུ་འདི་ལྟར་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་དྲུག་པའི་ཁྲི་ལྡེ་བཙན་པོའི་དུས་སུ་དབུས་ཀྱི་ངམ་ཤོད་འོན་ཞེས་བྱ་བར་རུས་གཤེན་ཡིན་པའི་བྱིས་པ་ལོ་བཅུ་གསུམ་ལོན་པ་ཞིག་ལོ་བཅུ་གསུམ་གྱི་བར་དུ་འདྲེས་ཁྲིད་ནས་ལོ་ཉི་ཤུ་རྩ་དྲུག་ལ་མིའི་ནང་དུ་ཆུད་པ་ལ། མི་མ་ཡིན་གྱི་ནུས་པས་ཡུལ་འདི་དང་འདི་ལྟ་བུ་ན་ལྷ་འདྲེ་འདི་དང་འདི་ལྟ་བུ་ཡོད་པས་ཕན་གནོད་འདི་དང་འདི་ལྟ་བུ་བྱེད། དེ་ལ་གསོལ་མཆོད་དང།ང་། ཡས་སྟག་གཏོང་ལུགས་འདི་འདྲ་བྱས་པས་ཕན་ཟེར་བ་སྣ་ཚོགས་ཤེས་པ་བྱུང།ང་། རྒྱལ་རབས་རྣམས་སུ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉི་ཤུ་རྩ་དྲུག་རིང་ཆབ་སྲིད་བོན་གྱིས་བསྐྱངས་ཞེས་པ་ཙམ་ལས་མ་བཤད་ཀྱང།ང་། བོད་ཡུལ་དུ་བོན་དར་བའི་ཐོག་མ་འདི་ནས་བྱུང་བར་མངོན། འོན་ཀྱང་དེ་དུས་ཀྱི་བོན་རྣམས་ལ་མར་འདྲེ་སྲི་གནོན་པ་དང།ང་། ཡར་རྒན་གྱི་ལྷ་མཆོད་པ་དང།ང་། བར་ཁྱིམ་གྱི་ཐབས་འདོན་པ་གསུམ་ཙམ་ལས་བོན་ལུགས་ཀྱི་ལྟ་བ་སོགས་ཀྱི་ཐ་སྙད་མ་བྱུང་བས། ཆོས་འབྱུང་དང་རྒྱལ་རབས་འགའ་ཞིག་ཏུ་གྲི་གུམ་བཙན་པོའི་རིང་ནས་བོན་དར་བར་ཡང་བཤད་དོ།དོ།། ཞེས་གསུངས། འདི་ནི་འབྲི་གུང་སྐྱོབ་པ་རིན་པོ་ཆེས་མཛད་པའི《བསྟན་སྙིང་དགོངས་གཅིག》ནས་གསུངས་པ་ལྟར་བཀོད་གནང་མཛད་པའི་བཤད་སྲོལ་ཙམ་ཡིན་གྱི་ཐུའུ་བཀྭན་རང་ཉིད་ཀྱི་བཞེད་པ་མིན་ཚོད་རེད། གང་ཡིན་ཞེ་ན་གྲི་གུམ་བཙན་པོའི་གོང་གཉའ་ཁྲི་བཙན་པོའི་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཞེས་པ་བྱུང་ཟིན་པ་དང།ང་། ཁོང་ཚོ་ཡང་བོན་གྱི་མཁས་པ་མི་བཅུ་གཉིས་ཡིན་པ་ལས་བོད་ཀྱི་བོན་ཆོས་ཐོག་མར་གསར་གཏོད་བྱེད་མཁན་གྱི་སྟོན་པ་མི་བཅུ་གཉིས་མིན། བོན་གྱི་ཆོས་ལུགས་དེ་རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་སུ་ཚེ་མི་གཤེན་གྱི་རྨུ་རྒྱལ་གྱིས་ཞང་ཞུང་གི་སྐད་ནས་བོན་སྐད་དུ་བསྒྱུར་བའི་ལོག་རྒྱུས་དེ་བདེན་པ་ཡིན་ན། དེ་ནི་ཞང་ཞུང་ནས་བོད་དབུས་གཙང་དུ་དར་བའི་བོན་ཆོས་ཡིན་པ་ལས། བོད་དབུས་གཙང་གཅིག་པུའི་ནང་གསར་དུ་བྱུང་བའི་བོན་ཆོས་ཡིན་མི་སྲིད་ །གོང་དུ་བཤད་པའི་བོན་འོན་མདའི་བྱིས་པ་ཞིག་ལོ་ན་ཆེན་པོར་སོན་ནས་བརྩམས་པའི་བོན་གཞུང་ཞིག་ཡོད་ན། དེ་ནི་བོད་ས་གནས་རང་དུ་བྱུང་བའི་བོན་ཆོས་གསར་པ་ཞིག་ཏུ་བཞག་ཆོག་པ་དང།ང་། དེ་ལ་བརྡོལ་བོན་ཞེས་པའི་མིང་བཏགས་ཀྱང་མི་རུང་བ་མེད་སྙམ་པས་མཁས་དབང་རྣམས་ཀྱིས་དཔྱད་པར་ཞུ།
- language:
- Tibetan