- ldog pa gzhan rigs 'phen pa'i thal 'gyur yang dag gi mtshan nyid bcu drug
- ID:
- T103611
- ལྡོག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་བཅུ་དྲུག (Tibetan, Tibetan script, Original)
- > ldog pa gzhan rigs 'phen pa'i thal 'gyur yang dag gi mtshan nyid bcu drug (Tibetan, Latin script, Transliteration-THL Extended Wylie Transliteration)
- > dokpa zhenrik penpé tengyur yangdakgi tsennyi chudruk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུ་འཕེན་པའི་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་རང་བརྒྱུད་འཕེན་པའི་རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པའི་རྒྱུད་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར། ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པའི་རྒྱུད་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་བཞིན་འཕེན་པའི་ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པའི་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར། རྒྱུ་མ་དམིགས་པའི་རང་རྒྱུད་འཕེན་པའི་འབྲས་བུ་དམིགས་པའི་ཐལག་འགྱུར། ཁྱབ་བྱེད་མ་དམིགས་པའི་རང་རྒྱུད་འཕེན་པའི་རང་བཞིན་དམིགས་པའི་ཐལ་འགྱུར་རོ།། དེ་དག་ལས་ལྡོག་པའི་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པའི་འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་ཁྱབ་བྱེད་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར། རང་བཞིན་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར། རང་བཞིན་དང་འགལ་བའི་རྒྱུ་དམིགས་པའི་རང་རྒྱུད་འཕེན་པའི་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར། ཁྱབ་བྱེད་དང་འགལ་བའི་རྒྱུ་དམིགས་པའི་རང་རྒྱུད་འཕེན་པའི་འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར། འབྲས་བུ་དང་འགལ་བའི་རྒྱུ་དམིགས་པའི་རང་རྒྱུད་འཕེན་པའི་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར། རྒྱུ་དང་འགལ་བའི་རྒྱུ་དམིགས་པའི་རང་རྒྱུད་འཕེན་པའི་འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར། འབྲས་བུ་མ་དམིགས་པའི་རང་རྒྱུད་འཕེན་པའི་རྒྱུ་དམིགས་པའི་ཐལ་འགྱུར། རང་བཞིན་མ་དམིགས་པའི་རང་རྒྱུད་འཕེན་པའི་ཁྱབ་བྱེད་དམིགས་པའི་ཐལ་འགྱུར་རོ།།
- language:
- Tibetan