- sde srid sangs rgyas rgya mtsho/
- ID:
- T104577
- སྡེ་སྲིད་སངས་རྒྱས་རྒྱ་མཚོ (Tibetan, Tibetan script, Original)
- > sde srid sangs rgyas rgya mtsho/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > desi sangyé gyamtso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
(1653-1705)
- language:
- English
-
Desi Sangye Gyatso: 1653-1703/5; regent-king
- language:
- English
3. Jim Valby Dictionary
medical writer, regent who concealed dalai lama death for 13 years
- language:
- English
4. bod rgya tshig mdzod chen mo
[1475]Â རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ལོར་ལྷ་ལྡན་བྱང་ཕྱོགས་ཉང་བྲན་གྲོང་སྨད་གཞིས་ཀར་ཡབ་ཨ་སུག་དང།Â ཡུམ་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།Â དགུང་ལོ་བཞི་ལྔའི་ཐོག་ནས་ཡི་གེ་འབྲི་ཀློག་དང་སུམ་རྟགས་སོགས་ལ་ཐུགས་གཞོལ།Â དགུང་ལོ་བརྒྱད་ཀྱི་ཐོག་རྒྱལ་དབང་ལྔ་པའི་སྐུ་མདུན་དུ་བཅར་ནས་མདོ་སྔགས་སོགས་སྤྱི་དང་བྱེ་བྲག་གི་གཞུང་དོན་མང་པོ་གསན།Â འདར་པ་ལོ་ཙཱ་ལས་སྐར་རྩིས་དང།Â སྒྲ་རིག་པ།Â ལུ་འགོ་བླ་མཁྱེན་ངག་གི་དབང་པོ་ལས་དབྱངས་འཆར།Â བྱང་པ་ལྷུན་སྡིངས་པ་རྣམ་རྒྱལ་རྡོ་རྗེ་ལས་བྱང་ཁོག་ཡུལ་ཐིག་དང།Â རྩ་རྒྱུད་སྡོང་འགྲེམས།Â གསང་སྨན་ཚིག་བརྒྱུད་སྐོར་གྱི་མན་ངག་བཅས་གསོ་བ་རིག་པ་སྦྱང་བ་སོགས་མདོར་ན་མཁས་གྲུབ་གཉིས་ལྡན་གྱི་ཡོངས་འཛིན་དུ་མ་བསྟེན་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་མཛད།Â རྒྱལ་དབང་ལྔ་པ་ཆེན་པོས་ཆོས་སྲིད་གཉིས་ཀའི་རྒྱལ་ཚབ་ཀྱི་ལས་ཀ་བསྩལ་བས་ལོ་ཉི་ཤུ་རྩ་དྲུག་གི་རིང་སྡེ་སྲིད་བཟུང་ནས་སྲིད་བསྐྱངས།Â རྩེ་ཕོ་བྲང་དམར་པོ་ཉམས་གསོ་དང་རྒྱ་སྐྱེད་གནང།Â རྒྱལ་དབང་ལྔ་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས།Â གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་ལ་ཞུས་དག་མཛད་དེ་དཔར་དུ་བསྐྲུན་པ་སོགས་མཛད་རྗེས་ཤིན་ཏུ་ཆེ།Â གསུང་རྩོམ་སྐོར་ལ་ཕུག་ལུགས་རྩིས་ཀྱི་ལེགས་བཤད་བཻཌཱུརྱ་དཀར་པོ་དང།Â བཻཌཱུརྱ་དཀར་པོའི་གཡའ་སེལ།Â གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཁྲིམས་ཡིག་དྭངས་ཤེལ་ཉེར་གཅིག་གསོ་བ་རིག་པའི་ཁོག་འབུབས་ལེགས་བཤད་བཻཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན།Â དཔལ་ལྡན་རྒྱུད་བཞིའི་འགྲེལ་པ་བཻཌཱུརྱ་སྔོན་མོ།Â མན་ངག་རྒྱུད་ཀྱི་ལྷན་ཐབས་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་སོགས་ལེགས་བཤད་རྨད་དུ་བྱུང་བའི་བསྟན་བཅོས་སྣ་ཚོགས་པོད་ཉི་ཤུ་རྩ་དྲུག་ཙམ་མཛད།Â གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་རྣམས་མ་འདྲེས་མཚོ་ལ་ཟླ་སྐར་ཤར་བ་ལྟར་མིག་ལམ་དུ་གསལ་བར་འཆར་བའི་སྔོན་མེད་ཀྱི་བྲིས་ཆ་ཐང་དེབ་གྲངས་བདུན་ཅུ་དོན་བདུན་གྱི་མཚོན་བྱེད་དཔེ་རིས་བཀོད།Â ལྕགས་པོ་རིར་སྨན་གྱི་སློབ་གྲྭ་འགྲོ་ཕན་རིག་བྱེད་གླིང་བཙུགས་པ་སོགས་སྐུ་ཚེ་ཧྲིལ་པོར་བསྟན་དོན་ཁོ་ན་མཛད།Â མཐར་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་ལོར་སོག་པོ་ལྷ་བཟང་ཧཱན་གྱིས་བཀྲོངས།Â ...
- language:
- English
5. dung dkar bod rig pa'i tshig mdzod chen mo
སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་པས་བོད་ས་གནས་ཀྱི་སྲིད་དབང་བཞེས་རྗེས་དངོས་སུ་ལས་དོན་བྱེད་མཁན་གྱི་སྡེ་སྲིད་རིམ་པ་བསྐོས་པའི་གྲས་ནས་མཚན་ཐོག་ལྔ་པ་ཡིན། བོད་ཀྱི་རབ་བྱུང་བཅུ་གཉིས་པའི་ཆུ་འསྦྲུལ(༡༦༥༣)(ཆིང་རྒྱལ་རབས་ཀྱི་གོང་མ་ཆིང་ཧྲི་ཙུའུ་ཧྲུན་ཀྲི་ཁྲི་ལོ་བཅུ་པ)ལོར་སྐུ་འཁྲུངས། བོད་ཀྱི་རབ་བྱུང་བཅུ་གཉིས་པའི་ཤིང་བྱ(ཆིང་རྒྱལ་རབས་ཀྱི་གོང་མ་ཆིང་ཧྲེང་ཙུའུ་ཁང་ཤིས་ཁྲི་ལོ་ཞེ་བཞི་པ)(༡༧༠༥)ལོར་རྒྱལ་པོ་ལྷ་བཟང་གིས་བཀྲོངས། འཁྲུངས་ཡུལ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་ཉང་བྲན་གྲོང་སྨད་གཞིས་ཀར(དེང་སང་ལྷ་ས་གྲོང་ཁྱེར་སྤ་རི་ཁུག་དོན་གཅོད་ཁང་གི་ཁོངས་གཏོགས་ཉང་བྲན་ནམ་ཉང་རལ)ཡབ་ཨ་སུག་དང་ཡུམ་བུ་ཁྲིད་རྒྱལ་མོའི་སྲས་སུ་འཁྲུངས་ཤིང།ང་། དགུང་ལོ་བརྒྱད་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་མདུན་དུ་ཞབས་ཕྱིར་བཞུགས་ཐོག།ག ཞོར་ལ་སྒྲ་དང་ །སྙན་ངག་སྨན་རྩིས་སློབ་སྦྱོང་མཛད། བོད་ཀྱི་རབ་བྱུང་བཅུ་གཅིག་པའི་ས་ལུག(ཆིང་རྒྱལ་རབས་ཀྱི་གོང་མ་ཆིང་ཧྲིང་ཙུའུ་ཁང་ཤིས་ཁྲི་ལོ་བཅོ་བརྒྱད་པ)(༡༦༧༩)ལོ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་མ་འདས་བར་ལོ་ངོ་ལྔ་དང།ང་། དེ་ནས་རབ་བྱུང་བཅུ་གཉིས་པའི་ཆུ་རྟ(ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་ཁྲི་ལོ་ཞེ་གཅིག་པ)(༡༧༠༢)ལོར་བར་ ལོ་ལོ་ཉི་ཤུ་རྩ་དྲུག་རིང་སྲིད་དབང་བཟུང།ང་། སེ་འབྲས་དགའ་གསུམ་དང་བཀྲ་ཤིས་ལྷུན་པོ་སོགས(བཀའ་བརྒྱུད་པ་ཕུད)ཆོས་ལུགས་རིས་མི་འདྲ་བའི་དགོན་པ་ཁག་ཚང་མར་ཞིབ་བཤེར་ཐོག་འགའ་ཞིག་ལ་མཆོད་གཞིས་མི་སེར་མང་པོ་སྤྲད་པ་དང།ང་། འགའ་ཞིག་ལ་གཏན་འཇགས་ཀྱི་འབྲུ་ཕོགས་ཇ་མར་སོགས་སྤྲོད་རྒྱུའི་གཏན་འབེབས་བཟོས་གནང་བ་དང།ང་། ས་གནས་ཁག་གི་ཐོན་ཁུངས་དང་མི་སེར་ཐེམ་གྲངས་ཞིབ་བཤེར་བྱས་ཏེ་ཡུལ་ཐོན་དངོས་ཟོག་གི་ཁྲལ་བསྡུ་རྒྱུ་དང།ང་། མི་སེར་རྣམས་ཀྱི་ཐེམ་ཐོ་གཞུང་དེར་དེབ་གསར་དུ་བཀོད། 《ཁྲིམས་ཡིག་དྭངས་ཤེལ་མེ་ལོང་》ཟེར་བ་བརྩམས་ནས་ལས་ཁུངས་མང་པོ་གསར་འཛུགས་བྱས། བཀས་བཀོད་བརྒྱུད་འཛིན་ཞིང་བྲན་ལམ་ལུགས་སྔར་ལས་ལྷག་པར་ཆ་ཚང་དུ་བཏང་ཞིང།ང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་འདས་རྗེས་དེ་སྔོན་ཞལ་ཆེམས་གནང་དོན་ལྟར། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་གཤེགས་པའི་གནས་ཚུལ་སྐོར་བོད་ས་གནས་སུ་ཁྱབ་བསྒྲགས་མ་བྱས་པར་ལོ་བཅུ་གསུམ་རིང་གསང་བ་མཛད། དངོས་སློབ་ཕ་བོང་ཁའི་དགེ་སློང་འཇམ་དབྱངས་གྲགས་པ་དང།ང་། རྣམ་རྒྱལ་གྲྭ་ཚང་གི་སྡེ་པ་བཀྲས་རབ་པ་གཉིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་ཚབ་བྱེད་དུ་བཅུག་ཐོག།ག གོང་མའི་འཚམས་འདྲིའི་ཡིག་ལན་དང།ང་། གཞན་དག་གི་ཆོས་ལུགས་སྐོར་ལ་དྲི་བ་བཏོན་པའི་ལན་བསྐུར་བ་སོགས་བྱེད་དུ་བཅུག།ག འོན་ཀྱང་དགེ་སློང་ཁོང་མ་གཞི་རིག་གནས་དང་ཆོས་ལུགས་ཀྱི་ཤེས་ཡོན་ལེགས་པོ་ཡོད་ཀྱང།ང་། ཆོས་ལུགས་སྐོར་ལ་གཞན་དག་གིས་དྲི་བ་བཏོན་པའི་ལན་དང་རྩོམ་ཡིག་ཐད་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་མཁྱེན་ཡོན་ཆུ་ཚད་ལ་སླེབས་ཀྱི་མེད་སྟབས་དོགས་པ་ཟ་མཁན་ཉིན་རེ་ལས་ཉིན་རེ་མང་དུ་སོང་ཞིང།ང་། སྐབས་དེར་གསང་བ་དེ་འདྲ་བྱེད་དགོས་དོན་ནི་ཏཱ་ལའི་བླ་མས་གཙོ་བོ་གནང་བའི་བོད་ས་གནས་ཀྱི་སྲིད་དབང་དེ་བཙུགས་ནས་ལོ་ལྔ་བཅུ་ང་གསུམ་ལས་སོང་མེད་པ་མ་ཟད། སྔར་ཏཱ་ལའི་བླ་མ་དངོས་སུ་བཞུགས་པའི་སྐབས་སུ་ཡང་བཀའ་བརྒྱུད་ཆོས་ལུགས་ལ་དད་པ་ཡོད་པའི་ས་གནས་ཁག་ནས་ངོ་ལོག་ཟིང་འཁྲུག་ཐེངས་མང་པོ་བྱུང་བ་དང།ང་། ལྷག་པར་དུ་སྲིད་དབང་གསར་དུ་བཙུགས་ནས་ལོ་ངོ་བཅོ་བརྒྱད་སོང་བའི་རབ་བྱུང་བཅུ་གཅིག་པའི་ས་ཕག(ཆིང་རྒྱལ་རབས་ཀྱི་གོང་མ་ཧྲུན་ཀྲི་ཁྲི་ལོ་བཅུ་དྲུག་པ)(༡༦༤༩)ལོར་ཕྱག་མཛོད་བསོད་ནམས་ཆོས་འཕེལ་གྱི་སྤུན་མཆེད་གཞིས་ཀ་རྩེའི་སྡེ་པ་ནང་སོ་ནོར་བུས་འབྲུག་པ་སྲིད་གཞུང་དདང་ངན་འབྲེལ་བྱས་ནས་བསླངས་པའ་པའི་ངོ་ལོག་ཟིང་འཁྲུག་དེས་དུས་ཚོད་ཕྲན་བུ་ཞིག་མ་གཏོགས་སྲིད་དབང་ཡོངས་རྫོགས་ཤོར་གྲབས་བྱས་པར་བརྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་འདས་པའི་གནས་ཚུལ་མི་ཚང་མས་ཤེས་པ་ཡིན་ན་གསར་འཛུགས་བྱས་པའི་སྲིད་དབང་དེ་ཤོར་རྒྱུའི་ཉེན་ཁ་ནི་ཏཱ་ལའི་བླ་མ་ཞལ་བཞུགས་སྐབས་ལས་ཆེ་བ་ཡོད་པ་མཁྱེན་ནས་སྐུ་འདས་ཁར་སྡེ་པ་སངས་རྒྱས་རྒྱ་མཚོར་རང་ཉིད་སྐུ་འདས་པའི་གནས་ཚུལ་སྐོར་ལོ་ཤས་རིང་གསང་བ་བྱེད་དགོས་པའི་བཀས་བཀའ་ཕབ། ཏཱ་ལའི་བླ་མ་སྐུ་འདས་ནས་ལོ་བརྒྱད་སོང་བའི་རབ་བྱུང་བཅུ་གཉིས་པའི་ལྕགས་རྟ(ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་ཁྲི་ལོ་ཉེར་དགུ་པ)(༡༦༩༠)ལོར་པོ་ཏ་ལའི་ཕོ་བྲང་དམར་པོ་འཛུགས་སྐྲུན་བྱ་འགོ་ཚུགས་ཤིང།ང་། དེ་ནས་ལོ་ངོ་གཉིས་སོང་རྗེས་གསང་བའི་སྒོ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་གདུང་བཞུགས་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་དངོས་སུ་བཟོ་སྐྲུན་བྱེད་འགོ་ཚུགས་པ་དང།ང་། དུས་མཚུངས་གོང་མ་ཁང་ཤིས་ཀྱི་མདུན་དུ་འཚམས་འདྲིའི་མི་སྣ་བཏང་ཐོག་དེའི་མདུན་ལ་ཏཱ་ལའི་བ་བླ་མ་རང་ཉིད་ཀྱིས་རྒྱུན་དུ་འབྲལ་མེད་བསྣམས་རྒྱུའི་ཆོས་གོས་རྣམ་གསུམ་དང་འཇིམ་བཟོས་འདྲ་སྐུ་ཞིག་བཅས་བསྐུར་ཏེ་དངོས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་འདས་ཞེས་གོང་མར་སྙན་སེང་མ་ཞུས་ཀྱང་ཤུགས་ཀྱི་གོ་བ་ལེན་ཐུབ་པ་ཡོང་བའི་ཐབས་མཁས་གནང་ཡོད། བོད་ཀྱི་རབ་འབྱུང་བཅུ་གཉིས་པའི་ཤིང་ཁྱི(ཆིང་ཁང་ཤིས་ཁྲི་ལོ་སོ་གསུམ་)(༡༦༩༤)ལོའི་བོད་ཟླ་དང་པོའི་ཚེས་ཉེར་དགུ་ལ། མཚམས་འདྲིའི་མི་སྣ་ཡེ་ཤེས་དགེ་སློང་དང་སྤྱང་ཁི་སྦྱར་གོ་ཆི་སོགས་བཏང་བའི་མདུན་གསེར་གྱི་བྱང་བུ་ཤོག་གྲངས་བཅུ་གཉིས་ལ་གསེར་སྲང༡༨༠ཡོད་པའི་ངོས་སུ་རྒྱ་དང།ང་། སོག་པོ། བོད་བཅས་ཀྱི་ཡི་གེ་གསུམ་ཤན་སྦྱན་གྱི་འཇའ་ས་བཀའ་ཡིག(འདིའི་ངོ་བཤུས་ཆ་ཚང་སྡེ་པ་སངས་རྒྱས་རྒྱ་མཚོ་རང་ཉིད་ཀྱིས་མཛད་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ཤོག་གྲངས་༤༩༦ནས་༥༩༧བར་གསལ)དང།ང་། རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཆོས་སྲིད་འཛིན་ཅིང་རྒྱལ་བའི་བསྟན་པ་དར་རྒྱས་སུ་སྐྱོང་བའི་ས་དབང་ཞེས་པའི་གོ་གནས་དང།ང་། ནང་དོན་དེ་དང་འདྲ་བའི་གསེར་ཐམ་ལ་གསེར་སྲང་༡༨༠ཡོད་པ་བཅས་སྤྲད། (འདི་སྐོར་སྡེ་པ་སངས་རྒྱས་རྒྱ་མཚོ་རང་ཉིད་ཀྱིས་མཛད་པའི་སོ་སོའི་ལོ་རྒྱུས་ནང་འཁོད་དོན་དུ་ཡོན་རྒྱལ་རབས་དང་མིང་རྒྱལ་རབས་བཅས་རིམ་བྱུང་གི་སྲིད་སྐྱོང་སྡེ་སྲིད་ཚང་མ་ནི་རང་ཉིད་ཀྱིས་ཆེད་མངགས་རྟེན་འབུལ་མི་སྣ་པེ་ཅིན་དུ་མངགས་ཏེ་བོད་ས་གནས་ཀྱི་སྲིད་དབང་བཟུང་ཆོག་པའི་འཇའ་ས་དང་ཐམ་ཀ་ཞུས་པར་བརྟེན་ནས་གོ་གནས་བྱུང་བ་ཤ་སྟག་ཡིན་ཀྱང་སྡེ་པ་སངས་རྒྱས་རྒྱ་མཚོ་རང་ཉིད་ཀྱིས་གོང་མ་ཁང་ཤིས་ལ་བོད་ས་གནས་ཀྱི་སྲིད་དབང་བཟུང་ཆོག་པའི་གོ་གནས་དང་འཇའ་ས་ཐམ་ཀ་བཅས་ཞུ་མ་དགོས་པར། ཆེད་མངགས་མི་སྣ་བཏང་ནས་དམིགས་གསལ་གཟེངས་བསྟོད་ཆེན་པོ་གནང་བྱུང་ཞེས་འཁོད་ཡོད)སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་གཞུང་གི་ལས་དོན་མཛད་བཞིན་དུ་བོད་ཀྱི་ལོ་རྒྱུས་དང།ང་། སྨན་གཞུང།ང་། སྐར་རྩིས་རིག་པ། སྒྲ་རིག་པ། སྙན་ངག་བཅས་ཀྱི་ཐད་རྩོམ་ཡིག་ཧ་ཅང་མང་པོ་ཡོད་པ་ཁྱོན་བསྡོམས་པོད་ཆེན(པོད་ཆེ་བ་ལ་ཤོག་གྲངས་༥༠༠ལྷག་ཙམ་ཡོད)༢༦ཙམ་ཡོད་པ་དེའི་ནང་ནས་བོད་དུ་སྐད་གྲགས་ཡོད་པའི་རྩོམ་ཡིག་སྐོར་གཤམ་གསལ《ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིངས་》ཤོག་གྲངས་༧༦༧(འདི་ནང་པོ་ཏཱ་ལའི་ཕོ་བྲང་དམར་པོ་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་ཧ་ཅང་ཞིབ་ཕྲ་བཀོད་ཡོད)《ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་》རྒྱས་པ་དང།ང་། འབྲིང་པོ། བསྡུས་པོཔ། གསང་བའི་རྣམ་ཐར་བྲིས་མ་ཤོག་གྲངས༣༠སྐོར(འདི་ནང་ཏཱ་ལའི་བླ་མའི་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་གནས་ཚུལ་ཡོངས་གྲགས་མིན་པ་རྣམས་ཞིབ་ཕྲ་བྲིས་ཡོད་) 《གསོ་བ་རིག་པའི་ཁོག་དབུབ་དྲང་སྲོང་དགྱེས་པའི་དགའ་སྟོན》ཤོག་གྲངས་༢༩༣(འདི་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ལེགས་པོ་ཞིག་ཡོད) 《སྨན་གྱི་རྒྱུད་བཞིའི་འགྲེལ་པ་བཻཌཱུརྱ་སྔོན་པོ》ཤོག་གྲངས་༡༠༦༧(འདི་བོད་ཀྱི་སྨན་མཁས་པ་ཚོས་བརྩམས་པའི་སྨན་གཞུང་མང་པོའི་ལེགས་ཆ་བསྡུས་ཐོག་ཆ་ཚང་ལ་གོ་བདེ་བའི་འགྲེལ་བཤད་ཡོད་པ་ཞིག་ཡིན)《ཕུག་ལུགས་རྩིས་ཀྱི་ལེགས་བཤད་བེེཌཱུ་རྱ་དཀར་པོ》ཤོག་གྲངས་༦༣༩(འདི་དེ་སྔོན་བོད་ཀྱི་སྐར་རྩིས་མཁས་པ་ཚོས་བརྩམས་པའི་སྐར་རྩིས་གི་ཀྱི་གཞུང་ཚང་མའི་ལེགས་ཆ་བསྡུས་པ་ཞིག་ཡིན)《བསྟན་བཅོས་བེེཌཱུརྱ་དཀར་པོའི་དྲིས་ལན་འཁྲུལ་སྣང་གཡའ་སེལ》ཤོག་གྲངས༤༧༣(འདི་ནང་སྐར་རྩིས་གནད་དོན་སྐོར་ལ་གཞན་གྱིས་དྲི་བ་བཏོན་པའི་ལན་དོན་ཚན་༢༠༨ཡོད་པ་དང།ང་། ད་དུང་བོད་ཀྱི་རིག་གནས་ཁག་གི་ལོ་རྒྱུས་དང།ང་། ཡི་གེ་དབུ་ཅན་དང་དབུ་མེད་ཀྱི་ཐིག་ཚད། བོད་ལུགས་ལྷ་སྐུའི་ཐིག་ཚད་དེབ་ཐེར། 《བོད་ལུགས་གླུ་གར་གྱི་དེར་ཐེར་མིག་ཡིད་རྣ་མའི་བའི་དགའ་སྟོན》སོགས་ཡོད) 《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ》ཤོག་གྲངས་༤༡༩(འདི་ནང་སྐབས་དེའི་ས་གནས་སྲིད་གཞུང་གི་མངའ་ཁོངས་སུ་གཏོགས་པའི་དགེ་ལུགས་པའི་དགོན་པ་ཁག་སོ་སོའི་ལོ་རྒྱུས་དང།ང་། དགོན་པ་དེ་རྣམས་ས་ཁུལ་གང་དུ་ཡོད་པ། དགོན་པའི་ཨང་གྲངས་ག་ཚོད་ཡིན་པ། སྐབས་དེར་གྲ་གྲྭ་པ་གོ་ག་ཚོད་ཡོད་པ། སློབ་སྦྱོང་བྱེད་བྱེད་པའི་ཡིག་ཆ་དང་འདོན་ཆ་གང་དང་གང་ཡིན་པ། གྲྭ་རྒྱུན་འགྲོ་ཁུངས་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ་བཅས་གང་གི་ཁོངས་གཏོགས་ཡིན་པ། མཆོད་གཞིས་ས་ཞིང་གི་རྒྱ་ཁྱོན་དང་མི་སེར་ཐེམ་དུད་ཇི་ཙམ་ཡོད་པ་དང།ང་། མཆོད་གཞིས་མེད་པའི་དགོན་པ་ཚོར་སྲིད་གཞུང་ནས་འབྲུ་དདང།ང་། ཇ་མར་སོགས་ཀྱི་ཕོགས་མང་ཉུང་ཇི་ཙམ་སྤྲོད་དགོས་པ། སྐབས་དེར་གསར་འཛུགས་བྱས་པའི་དགོན་པ་དང།ང་། བཀའ་བརྒྱུད་དགེ་བསྒྱུར་དགོན་པ་གང་དང་གང་ཡིན་པ་བཅས་ཞིབ་ཕྲ་བྲིས་ཡོད)《བླང་དོར་གསལ་བྱེད་པའི་ཁྲིམས་ཡིག་དྭགས་ཤེལ་མེ་ལོང》ཤོག་གྲངས་༤༣(འདི་ནང་སྲིད་གཞུང་གི་དཔོན་རིགས་དང།ང་། ལས་ཁུངས་ཁག་ཁག རྫོང་གཞིས་ཁག་བཅས་ཀྱི་ཁྲིམས་ལུགས་རྣམས་ཞིབ་ཕྲ་བཀོད་ཡོད) 《ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་སྙན་ངག་འགྲེལ་པ་དབྱངས་ཅན་དགྱེས་པའི་གླུ་དབྱངས་ཀྱི་མཆན་འགྲེལ》ཤོག་གྲངས་༣༠༧(འདིའི་ནང་སྡེ་སྲིད་རང་ཉིད་ཀྱིས་མཛད་པའི་མཆན་འགྲེལ་དང་དཔེར་བརྗོད་ཁག་མང་པོ་ཡོད) རབ་བྱུང་བཅུ་གཉིས་ལྕགས་སྦྲུལ(ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་ཁྲི་ལོ་བཞི་བཅུ་པ)(༡༧༠༡)ལོར་གུ་ཤྲི་ཧན་གྱི་བུ་བསྟན་འཛིན་དཱ་ལའི་ཧན་ལ་དུག་སྐྱོན་བྱུང་ནས་འདས་རྗེས་དེའི་བུ་ལྷ་བཟང་ཧན་ཁྲི་ལ་བསྐོས་ཏེ་སྟེ་སངས་རྒྱས་རྒྱ་མཚོ་དང་མཉམ་འབྲེལ་གྱིས་སྲིད་དབང་བཟུང་སྐབས་ལྷ་བཟང་ནས་སྲིད་དབང་ཡོངས་རྫོགས་ལོན་ཐབས་སུ་སྡེ་སྲིད་ནས་གོང་མར་བརྩི་བཀུར་མེད་ལུགས་དང།ང་། ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མཛད་པར་སྐྱོན་འདོགས་སོགས་ཀྱི་དབྱེན་སྦྱོར་བྱས་པར་སྡེ་སྲིད་ནས་ཀྱང་དེ་ལན་འཇལ་ཐབས་སོགས་ཀྱི་སྒོ་ནས་ཁོང་གཉིས་བར་འགལ་བ་ཇེ་ཆེར་སོང་མཐར་ཁོ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་མ་བསྟུན་པར་རང་ཐག་གཅོད་ཀྱི་ཡོད་པ་དང།ང་། ལྷག་པར་དུ་ལྷ་བཟང་ཧན་གྱིས་ཁོ་རང་གི་ཕ་དུག་སྐྱོན་བྱུང་ནས་འདས་པའི་ནག་ཉེས་དེ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ལ་ཡོད་ཚུལ་བཤད་དེ་འགལ་ཟླ་ལྔར་སྔར་ལས་ཆེ་རུ་སོང་ནས་ལོ་གཉིས་ལྷག་ཙམ་ཕྱིན་པའི་བོད་རབ་བྱུང་བཅུ་གཉིས་པའི་ཆུ་ལུག་(༡༧༠༣)ལོའི་སྨོན་ལམ་ཆེན་མོ་ཚུགས་སྐབས་ལྷ་བཟང་ཧན་གྱི་གཡོག་པོ་འགའ་ཤས་ཀྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དྲུང་འཁོར་དཔོན་རིགས་ཁ་ཤས་བསད་པར་བརྟེན་སྡེ་སྲིད་ཀྱི་ཁོངས་ནས་དམག་དཔུང་བསྐོངས་ཏེ་འཐེན་པས་ལྷ་བཟང་གི་དཔུང་སྡེ་འདམ་གཞུང་བར་ཕྱིར་འཐེན་གྱིས་བསྐྱར་སབསྒྲིགས་བྱས་ཏེ་ལྷ་སར་དཔུང་འཇུག་བྱས་རྐྱེན་བོད་སོག་བར་དམག་འཁྲུག་ཆེན་པོ་ལངས། ལྷ་བཟང་ཧན་དགེ་ལུགས་པའི་ཆོས་ལ་དད་པ་ཡོད་པ་དང་ཁོ་རང་གིས་དད་པ་བྱེད་སའི་བླ་མ་ནི་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་དང་སྐབས་དེའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོ་འཇམ་དབྱངས་བཞད་པ(སྐུ་ཕྲེང་དང་པོ་)ངག་དབང་བརྩོན་འགྲུས་ཡིན་ཅིང།ང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་སེ་འབྲས་དགེ་གསུམ་སོགས་དགེ་ལུགས་དགོན་པ་ཚོར་མཆོད་གཞིས་མི་སེར་མང་པོ་སྤྲད་པའི་དྲན་དྲིན་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས་མཐོ་རིམ་གྲྭ་པ་ཁག་གཅིག་གིས་སྡེ་སྲིད་ཀྱི་ཕྱོགས་སུ་ལངས་ཀྱི་ཡོད་ཀྱང།ང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྒྱུན་དུ་རྙིང་མའི་ཆོས་ལུགས་ལ་དད་པ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་སེ་འབྲས་དགེ་གསུམ་གྱི་གྲྭ་པ་ཁག་གཅིག་སྡེ་སྲིད་སངས་རྒྱས་རྒྱ་མཚོར་དེ་ཙམ་གྱི་དགའ་པོ་མེད་པར་ལྷ་བཟང་ཧན་གྱི་ཕྱོགས་སུ་ལངས། སྐབས་དེར་སེ་འབྲས་དགའ་གསུམ་གྱི་འཐུས་མི་དང།ང་། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་བར་འདུམ་མཛད་དེ་སྡེ་སྲིད་ཁྲི་གཤོལ་ནས་སྲས་ངག་དབང་རིན་ཆེན་སྡེ་སྲིད་ལ་བསྐོས། འོན་ཀྱང་ལྷ་བཟང་ཧན་དང་མཉམ་དུ་སྲིད་དབང་བཟུང་མཁན་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྲས་སྡེ་སྲིད་ངག་དབང་རིན་ཆེན་དང་ལྷ་བཟང་གཉིས་ཀྱང་མཐུན་པོ་མ་བྱུང་བར་རབ་བྱུང་བཅུ་གཉིས་པའི་ཤིང་བྱ(ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་ཁྲི་ལོ་ཞེ་བཞི་པ)(༡༧༠༥)ལོར་སླར་ཡང་འཁྲུག་ཟིང་བྱུང་སྟབས་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་དང།ང་། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ། སེ་འབྲས་དགའ་གསུམ་གྱི་འཐུས་མི་སོགས་ནས་བར་འདུམ་མཛད་དེ་སྡེ་སྲིད་ཟུར་པ་སངས་རྒྱས་རྒྱ་མཚོ་ལྷ་ཁ་གོང་དཀར་དུ་བཞུགས་རྒྱུ་དང།ང་། ལྷ་བཟང་རང་ཡུལ་དུ་ལོག་རྒྱུའི་ཐག་བཅད། ལྷ་བཟང་གིས་ནག་ཆུ་བར་ཕྱིན་ནས་ཕྱིར་ལོག་གིས་སོག་དམག་རྣམས་འཕན་པོ་དང་སྟོད་ལུང་ལམ་ཁག་གཉིས་ནས་ལྷ་སར་དམག་དྲངས། སྡེ་སྲིད་དམག་ཕམ་ཏེ་ལྷ་ས་གཙང་པོའི་ཐོག་ཀོ་གྲུ་བཏང་ནས་གོང་དཀར་རྫོང་དུ་བྲོས། སྐབས་དེར་ལྷ་བཟང་རང་ཉིད་ཀྱིས་དམག་སྣེ་ཁྲིད་པའི་དམག་དཔུང་དེ་འཕན་པོ་བརྒྱུད་ནས་ལྷ་སར་ཡོང་བ་དང།ང་། ལྷ་བཟང་ཧན་གྱི་བཙུན་མོ་ཚེ་དབང་རྒྱལ་མོའམ་རྒྱལ་མོ་ཚེ་རིང་བཀྲ་ཤིས(འདི་ཐོག་མར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཙུན་མོར་ལེན་རྒྱུའི་རེ་བ་བྱས་པ་དེར་སྡེ་སྲིད་ཀྱིས་ཁ་ཡ་མ་བྱས་སྟབས་རྗེས་སུ་ལྷ་བཟང་ཧན་གྱིས་མནའ་མར་བླངས་པ་ཡིན་ཟེར་སྲོལ་ཡོད)ཟེར་བ་དེས་དམག་ཁག་གཅིག་ལ་སྣེ་ཁྲིད་དེ་སྟོད་ལུང་ཕུ་བརྒྱུད་ནས་ལྷ་སར་ཡོང།ང་། སྐབས་དེར་གལ་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྷ་བཟང་གི་ལག་ཏུ་ཐེབས་ན་གསོལ་ཕོགས་ཕྲན་བུ་འཚོ་རྟེན་དུ་ཕུལ་ནས་བཟང་བཙོན་དུ་འཇོག་རྩིས་ཡོད་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགོངས་པར་ང་རང་དང་ལྷ་བཟང་གཉིས་མཐུན་ཐབས་མེད་པའི་དགྲ་བོ་ཡིན་སྟབས་གལ་ཏེ་རང་ཉིད་ལྷ་བཟང་གི་ལག་པར་ཐེབས་ན་དེ་མ་ཐག་གསོད་རྒྱུ་ཡིན་པར་ཐག་ཆོད་པས་དེ་ལས་སྟོད་ལུང་ཕུར་ལྷ་བཟང་གི་བཙུན་མོ་ཚེ་དབང་རྒྱལ་མོའི་སར་སོང་ནས་མགོ་བཏགས་ཞུས་ན་རང་ཉིད་ལ་སྲོག་སྐྱོན་ཡོང་གི་མ་རེད་དགོངས་ཏེ་གོང་དཀར་ནས་ཐོན་ཐོག་སྟོད་ལུང་ཕུར་ལྷ་བཟང་གི་བཙུན་མོ་ཚེ་དབང་རྒྱལ་མོ་སར་མགོ་བཏགས་ཞུ་བར་ཕེབས། སྐབས་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་སྲོག་སྐྱོན་མི་འབྱུང་ཆེད་སེ་འབྲས་དགའ་གསུམ་གྱི་མཁན་པོ་ཚང་མ་སྟོད་ལུང་ཕུར་ལྷ་བཟང་གི་བཙུན་མོ་སར་ངོ་ཆེན་རྒྱབ་སྐྱོར་ཞུ་བར་བཏང་གནང་མཛད་རུང།ང་། སེ་འབྲས་དགའ་གསུམ་གྱི་མཁན་པོ་ཚོས་སྟོད་ལུང་མདའི་ཟམ་པ་ལ་བསྐོར་ནས་འགྲོ་བའི་ཤུལ་དུ་ལྷ་བཟང་ཧན་གྱི་བཙུན་མོས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་འཛིན་བཟུང་བྱས་ཏེ་དེ་མ་ཐག་མགུལ་བྲེགས་ནས་སྲོག་ཐོག་བཏང་བ་དང།ང་། སྡེ་སྲིད་ཀྱི་སྲས་ངག་དབང་རིན་ཆེན་དང།ང་། སྲས་མོ་གཅིག།ག དྲུང་འཁོར་ཁ་ཤས་བཅས་པེ་ཅིན་དུ་གོང་མ་ཁང་ཤིས་ལ་རྩིས་འབུལ་བྱས་ཐོག་སྲས་འབྲིང་པོ་དམག་ཟོར་ཚེ་དབང་དེང་སང་ལྷ་ས་གཙོང་གཙང་པོའི་འགྲམ་གྱི་དམག་ཟོར་རྡོ་ཕུང་ཟེར་བ་ཡོད་ས་དེར་རང་སྲོག་རང་གིས་བཅད་ནས་ཤི་བ་སོགས་བྱུང།ང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ལོ་རྒྱུས་སྐོར་ཞིབ་ཕྲ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རང་ཉིད་ཀྱིས་མཛད་པའི《ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་གསེར་དུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ནང་སྡེ་སྲིད་རང་ཉིད་ཀྱི་ལོ་རྒྱུས་སྐར་སྐོར་དང།ང་། སུམ་པ་མཁན་ཆེན་གྱིས་མཛད་པའི་《མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན》སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི《མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན》སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི《དགའ་ལྡན་ཁྲི་ཐོག་རིམ་བྱོན་གྱི་རྣམ་ཐར་》ཞེས་པའི་ནང་གསེས《དགའ་ལྡན་ཁྲི་ཐོག་ཞེ་བརྒྱད་པ་དོན་ཡོད་རྒྱ་མཚོའི་རྣམ་ཐར་》 ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད་པ《འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱི་རྣམ་ཐར་ངོ་མཚར་ཀེ་ཏ་ཀའི་ཕྲེང་བ》སོགས་ལ་གཟིགས།
- language:
- Tibetan
6. Thupten Phuntsok Dictionary
རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ལོར་ལྷ་ལྡན་བྱང་ཕྱོགས་ཉང་བྲན་གྲོང་སྨད་གཞིས་ཀར་ཡབ་ཨ་སུག་དང་། ཡུམ་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞི་ལྔའི་ཐོག་ནས་ཡི་གེ་འབྲི་ཀློག་དང་སུམ་རྟགས་སོགས་ལ་ཐུགས་གཞོལ། དགུང་ལོ་བརྒྱད་ཀྱི་ཐོག་རྒྱལ་དབང་ལྔ་པའི་སྐུ་མདུན་དུ་བཅར་ནས་མདོ་སྔགས་སོགས་སྤྱི་དང་བྱེ་བྲག་གི་གཞུང་དོན་མང་པོ་གསན། འདར་པ་ལོ་ཙཱ་ལས་སྐར་རྩིས་དང་། སྒྲ་རིག་པ། ལུ་འགོ་བླ་མཁྱེན་ངག་གི་དབང་པོ་ལས་དབྱངས་འཆར། བྱང་པ་ལྷུན་སྡིངས་པ་རྣམ་རྒྱལ་རྡོ་རྗེ་ལས་བྱང་ཁོག་ཡུལ་ཐིག་དང་། རྩ་རྒྱུད་སྡོང་འགྲེམས། གསང་སྨན་ཚིག་བརྒྱུད་སྐོར་གྱི་མན་ངག་བཅས་གསོ་བ་རིག་པ་སྦྱང་བ་སོགས་མདོར་ན་མཁས་གྲུབ་གཉིས་ལྡན་གྱི་ཡོངས་འཛིན་དུ་མ་བསྟེན་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་མཛད། རྒྱལ་དབང་ལྔ་པ་ཆེན་པོས་ཆོས་སྲིད་གཉིས་ཀའི་རྒྱལ་ཚབ་ཀྱི་ལས་ཀ་བསྩལ་བས་ལོ་ཉུ་ཤི་རྩ་དྲུག་གི་རིང་སྡེ་སྲིད་བཟུང་ནས་སྲིད་བསྐྱངས། རྩེ་ཕོ་བྲང་དམར་པོ་ཉམས་གསོ་དང་རྒྱ་སྐྱེད་གནང་། རྒྱལ་དབང་ལྔ་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས། གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་ལ་ཞུས་དག་མཛད་དེ་དཔར་དུ་བསྐྲུན་པ་སོགས་མཛད་རྗེས་ཤིན་ཏུ་ཆེ། གསུང་རྩོམ་སྐོར་ལ་ཕུག་ལུགས་རྩིས་ཀྱི་ལེགས་བཤད་བཻཌཱུརྱ་དཀར་པོ་དང་། བཻཌཱུརྱ་དཀར་པོའི་གཡའ་སེལ། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག ཁྲིམས་ཡིག་དྭངས་ཤེལ་ཉེར་གཅིག གསོ་བ་རིག་པའི་ཁོག་འབུབས་ལེགས་བཤད་བཻཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན། དཔལ་ལྡན་རྒྱུད་བཞིའི་འགྲེལ་པ་བཻཌཱུརྱ་སྔོན་མོ། མན་ངག་རྒྱུད་ཀྱི་ལྷན་ཐབས་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་སོགས་ལེགས་བཤད་རྨད་དུ་བྱུང་བའི་བསྟན་བཅོས་སྣ་ཚོགས་པོད་ཉི་ཤུ་རྩ་དྲུག་ཙམ་མཛད། གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་རྣམས་མ་འདྲེས་མཚོ་ལ་ཟླ་སྐར་ཤར་བ་ལྟར་མིག་ལམ་དུ་གསལ་བར་འཆར་བའི་སྔོན་མེད་ཀྱི་བྲིས་ཆ་ཐང་དེབ་གྲངས་བདུན་ཅུ་དོན་བདུན་གྱི་མཚོན་བྱེད་དཔེ་རིས་བཀོད། ལྕགས་པོ་རིར་སྨན་གྱི་སློབ་གྲྭ་འགྲོ་ཕན་རིག་བྱེད་གླིང་བཙུགས་པ་སོགས་སྐུ་ཚེ་ཧྲིལ་པོར་བསྟན་དོན་ཁོ་ན་མཛད། མཐར་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་ལོར་སོག་པོ་ལྷ་བཟང་ཧཱན་གྱིས་བཀྲོངས།
- language:
- Tibetan
7. smon lam tshig mdzod chen mo
རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ལོར་ལྷ་ལྡན་བྱང་ཕྱོགས་ཉང་བྲན་གྲོང་སྨད་གཞིས་ཀར་ཡབ་ཨ་སུག་དང༌། ཡུམ་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞི་ལྔའི་ཐོག་ནས་ཡི་གེ་འབྲི་ཀློག་དང་སུམ་རྟགས་སོགས་ལ་ཐུགས་གཞོལ། དགུང་ལོ་བརྒྱད་ཀྱི་ཐོག་རྒྱལ་དབང་ལྔ་པའི་སྐུ་མདུན་དུ་བཅར་ནས་མདོ་སྔགས་སོགས་སྤྱི་དང་བྱེ་བྲག་གི་གཞུང་དོན་མང་པོ་གསན། འདར་པ་ལོ་ཙཱ་ལས་སྐར་རྩིས་དང༌། སྒྲ་རིག་པ། ལུ་འགོ་བླ་མཁྱེན་ངག་གི་དབང་པོ་ལས་དབྱངས་འཆར། བྱང་པ་ལྷུན་སྡིངས་པ་རྣམ་རྒྱལ་རྡོ་རྗེ་ལས་བྱང་ཁོག་ཡུལ་ཐིག་དང༌། རྩ་རྒྱུད་སྡོང་འགྲེམས། གསང་སྨན་ཚིག་བརྒྱུད་སྐོར་གྱི་མན་ངག་བཅས་གསོ་བ་རིག་པ་སྦྱང་བ་སོགས་མདོར་ན་མཁས་གྲུབ་གཉིས་ལྡན་གྱི་ཡོངས་འཛིན་དུ་མ་བསྟེན་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་མཛད། རྒྱལ་དབང་ལྔ་པ་ཆེན་པོས་ཆོས་སྲིད་གཉིས་ཀའི་རྒྱལ་ཚབ་ཀྱི་ལས་ཀ་བསྩལ་བས་ལོ་ཉི་ཤུ་རྩ་དྲུག་གི་རིང་སྡེ་སྲིད་བཟུང་ནས་སྲིད་བསྐྱངས། རྩེ་ཕོ་བྲང་དམར་པོ་ཉམས་གསོ་དང་རྒྱ་སྐྱེད་གནང༌། རྒྱལ་དབང་ལྔ་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས། གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་ལ་ཞུས་དག་མཛད་དེ་དཔར་དུ་བསྐྲུན་པ་སོགས་མཛད་རྗེས་ཤིན་ཏུ་ཆེ། གསུང་རྩོམ་སྐོར་ལ་ཕུག་ལུགས་རྩིས་ཀྱི་ལེགས་བཤད་བཻཌཱུརྻ་དཀར་པོ་དང༌། བཻཌཱུརྻ་དཀར་པོའི་གཡའ་སེལ། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཁྲིམས་ཡིག་དྭངས་ཤེལ་ཉེར་གཅིག་གསོ་བ་རིག་པའི་ཁོག་འབུབས་ལེགས་བཤད་བཻཌཱུརྻའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན། དཔལ་ལྡན་རྒྱུད་བཞིའི་འགྲེལ་པ་བཻཌཱུརྻ་སྔོན་མོ། མན་ངག་རྒྱུད་ཀྱི་ལྷན་ཐབས་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་སོགས་ལེགས་བཤད་རྨད་དུ་བྱུང་བའི་བསྟན་བཅོས་སྣ་ཚོགས་པོད་ཉི་ཤུ་རྩ་དྲུག་ཙམ་མཛད། གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་རྣམས་མ་འདྲེས་མཚོ་ལ་ཟླ་སྐར་ཤར་བ་ལྟར་མིག་ལམ་དུ་གསལ་བར་འཆར་བའི་སྔོན་མེད་ཀྱི་བྲིས་ཆ་ཐང་དེབ་གྲངས་བདུན་ཅུ་དོན་བདུན་གྱི་མཚོན་བྱེད་དཔེ་རིས་བཀོད། ལྕགས་པོ་རིར་སྨན་གྱི་སློབ་གྲྭ་འགྲོ་ཕན་རིག་བྱེད་གླིང་བཙུགས་པ་སོགས་སྐུ་ཚེ་ཧྲིལ་པོར་བསྟན་དོན་ཁོ་ན་མཛད། མཐར་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་ལོར་སོག་པོ་ལྷ་བཟང་ཧཱན་གྱིས་བཀྲོངས།
- language:
- Tibetan
8. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1653 ལོར་ལྷ་སའི་བྱང་རྒྱུད་ཉེ་ཀོར་ཉང་བྲན་གྲོང་སྨད་པར་ཡབ་ཨ་སུག་[918]དང་། ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ 1705 ལོར་སྟོད་ལུང་སྣང་རྩེར་མགུལ་བཅད་དེ་བཀྲོངས། ལ་མོ་ཚངས་པས་བྱིས་པའི་མཚན་ལ་དཀོན་མཆོག་དོན་གྲུབ་ཅེས་གསོལ། དགུང་ལོ་བརྒྱད་པར་རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་སངས་རྒྱས་རྒྱ་མཚོ་ཞེས་གསོལ། དེ་ནས་བཟུང་སུམ་རྟགས་དག་གསུམ་དང་། སྒྲ་དང་སྡེབ་སྦྱོར། སྙན་ངག་མངོན་བརྗོད། གསོ་རིག་སྐར་རྩིས། བཟོ་དང་ནང་དོན་རིག་པ་བཅས་ལ་ལེགས་པར་སྦྱངས་པས་རྒྱལ་དབང་ལྔ་བ་ཐུགས་ཤིན་ཏུ་དགྱེས་ཏེ་དགུང་ལོ་ཉེར་དྲུག་པར་ཆོས་སྲིད་ཡོངས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་རྣམ་པར་མཐོ་བའི་ཁྲི་ལ་བཀོད། དགུང་ལོ་ཉེར་དགུ་བར་རྒྱལ་དབང་ལྔ་བ་ལས་གསང་སྔགས་ཀྱི་དཀྱིལ་འཁོར་ཕྱི་ནང་གཉིས་དང་གསང་བ་ཡོངས་སུ་རྫོགས་པའི་གཞུང་ལུགས་མཐའ་དག་གི་གདམས་པ་མང་པོ་བུམ་པ་གང་བྱོའི་ཚུལ་དུ་གནང་ནས་ཐུགས་སུ་གྱུར། དགུང་ལོ་སོ་བདུན་ནས་པོ་ཏཱ་ལའི་ཕོ་བྲང་དམར་པོ་འཛུགས་སྐྲུན་བྱེད་པའི་འགོ་བརྩམས་ཤིང་། དེ་ནས་ལོ་གཉིས་སོང་རྗེས་གསེར་སྡོང་འཛམ་གླིང་རྒྱན་གཅིག་གསང་བའི་སྒོ་ནས་བཞེངས་སོ། དགུང་ལོ་ཞེ་གཅིག་པར་གོང་མ་ཁང་ཤིས་ཀྱིས་ “རྡོ་རྗེ་འཆང་ཏཱ་ལའི་ཆོས་སྲིད་འཛིན་ཅིང་། རྒྱལ་བའི་བསྟན་པ་དར་རྒྱས་སུ་སྐྱོང་པའི་ས་དབང་” ཞེས་པའི་གོ་ས་དང་གསེར་ཐམ་གནང་། དགུང་ལོ་ཞེ་བཞི་བར་རྒྱལ་དབང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཏཱ་ལའི་གསེར་ཁྲི་མངའ་གསོལ་མཛད། ཕོ་[919]བྲང་དམར་པོ་རྒྱལ་ཁའི་ངང་ནས་ལེགས་སུ་གྲུབ་པ་དང་། ལྷ་སའི་ལྕགས་པོ་རི་ལ་སྨན་རྩིས་སློབ་གྲྭ་གསར་དུ་བཙུགས་པ་དང་། རྒྱལ་དབང་ལྔ་བའི་དགོངས་རྫོགས་སུ་བོད་ཟླ་གཉིས་པའི་ནང་དུ་སེ་འབྲས་དགེ་གསུམ་གྱི་དགེ་འདུན་རྣམས་ཉིན་བཅུའི་རིང་ལ་ལོ་ལྟར་ཚོགས་མཆོད་སྨོན་ལམ་ཆེ་མོ་གསར་འཛུགས་ཀྱང་མཛད། ཁོང་གིས་དགའ་ལྡན་ཕོ་བྲང་གི་སྲིད་དོན་ལོ་ངོ་ཉེར་དྲུག་གི་རིང་དུ་འགན་ཁུར་བཞེས་ཏེ། མཛད་འབྲེལ་ཤིན་ཏུ་ཆེ་བའི་གནས་ཚུལ་གྱི་འོག་ནས་བོད་ཀྱི་ལོ་རྒྱུས་དང་། གསོ་རིག རྩིས་རིག སྒྲ་རིག སྙན་ངག་ཁྲིམས་ཡིག རྣམ་ཐར། དཀར་ཆག་བཅས་ཁྱོན་བསྡོམས་པོ་ཏི་ཉི་ཤུ་རྩ་དྲུག་ཙམ་ཕྱག་བརྩམས་གནང་ཡོད། །
- language:
- Tibetan