- nam tshong /
- ID:
- T107638
- ནམ་ཚོང (Tibetan, Tibetan script, Original)
- > nam tshong / (Tibetan, Latin script, Transliteration-THL Extended Wylie Transliteration)
- > namtsong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
4. dag yig gsar bsgrigs
མི་དང་སྲོག་ཆགས་ཀྱི་སྙིང་དང་གློ་བ་ཡོད་སའི་ཁོག་པའི་སྟོད་དང་སྒྲོག་རུས་མན་གྱི་ཁག་དེའི་མིང་སྟེ། ལུག་ཤ་ནམ་ཚོང་གཅིག་ཟེར་བ་ལྟ་བུ།
- language:
- Tibetan
5. Thupten Phuntsok Dictionary
〔རྙིང〕སྒྲོག་རུས་ཀྱི་མིང་དང་། སྐེ་སྟོང་ནས་མཆིན་དྲི་བར་གྱི་བྱང་ཁོག་སྟོད་ཀྱི་སྤྱི་མིང་ངམ། སྒྲོག་རུས་ཡན་དང་གྲེ་བ་མན་བར་གྱི་སྤྱི་མིང་བཅས་ལ་འཇུག་པས་སྐབས་ཐོབ་ཏུ་གོ་དགོས་པ་ཞིག་སྟེ། མངོན་བརྗོད་འཆི་མེད་མཛོད་ལས། ཕྲག་པ་དཔུང་མགོ་ཁུར་གནས་ཏེ། མོ་མིན་དེ་མཚམས་ནམ་ཚོང་ངོ་། ཞེས་དང་། མངོན་བརྗོད་གསེར་ཕྲེང་རོལ་པ་ལས། ནམ་ཚོང་མགོ་དང་སྐེ་ཡི་རྟེན། མགོ་འཛིན་ཞེས་སུ་བཤད་པ་ཡིན། ཞེས་དང་། མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག་ལས། སྒྲོག་རུས་ཞེས་པ་ནམ་ཚོང་མིང་། ཞེས་གསུངས་པ་ལྟར་དེ་དག་རྣམས་ཀྱིས་སྒྲོག་རུས་ལ་བཞེད་པ་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ནམ་ཚོང་ནི། སྐེ་སྟོང་ནས་མཆིན་དྲི་བར་གྱི་ཆ་ཤས་དེའི་སྤྱི་མིང་ངོ་། །ཞེས་དང་། སོག་པོ་ལུང་རིག་བསྟན་དར་གྱིས་མཛད་པའི་རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུའི་མཛེས་རྒྱན་གྱི་ནང་དུ་དེ་དང་མཐུན་པར་གསུངས། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། ནམ་ཚོང་ཞེས་པ་སྒྲོག་རུས་ནས། །གྲེ་བ་བར་གྱི་སྤྱི་མིང་སྟེ། །འོན་ཀྱང་སྒྲོག་རུས་བྱང་ཁོག་སྟོད། །སྐབས་ཐོབ་གཞན་དུའང་འཇུག་པ་མཐོང་། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan
6. smon lam tshig mdzod chen mo
མི་དང་སྲོག་ཆགས་ཀྱི་སྙིང་དང་གློ་བ་ཡོད་སའི་ཁོག་པའི་སྟོད་དང་སྒྲོག་རུས་མན་གྱི་ཁག་དེའི་མིང་སྟེ།
- Model Sentence
(དཔེར་ན།) ལུག་ཤ་ནམ་ཚོང་གཅིག་ཟེར་བ་ལྟ་བུ།
- language:
- Tibetan
7. Mahāvyutpatti: Sanskrit-Tibetan-English Vocabulary
- Sanskrit:
- jatru (jatruḥ)