- n+ya gro ta/
- ID:
- T108731
- ནྱ་གྲོ་ཏ (Tibetan, Tibetan script, Original)
- > n+ya gro ta/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyadrota (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. bod rgya tshig mdzod chen mo
[1535] ༼ལེགས༽ བོད་སྐད་དུ་རྐང་མང་ཞེས་བྱ་ཞིང། དེའི་ས་བོན་ནི་ཡུངས་དཀར་གྱི་བཞི་ཆ་ཙམ་ཡོད་པ་ལ་ལོ་རེ་ལ་ཡལ་ག་རྒྱང་གྲགས་ཙམ་དུ་ཁྱབ་པར་སྐྱེ་བར་བཤད་པས་ཤིན་ཏུ་འཕེལ་སྟོབས་ཆེ་བའི་ཤིང་ཞིག་གི་མིང། ... ས་བོན་ཆུང་སྨིན་ཉ་གྲོ་ཏའི། ཡལ་འདབ་རྒྱས་པས་རྒྱང་གྲགས་ཁེབས། ... མིང་གི་རྣམ་གྲངས་ལ་ཉ་གྲོ་དྷ་དང། པ་ཌ། བྷུ་བད་བཅས་སོ།
- language:
- English
2. smon lam tshig mdzod chen mo
(ལེགས་སྦྱར།) བོད་སྐད་དུ་རྐང་མང་ཞེས་བྱ་ཞིང༌། དེའི་ས་བོན་ནི་ཡུངས་དཀར་གྱི་བཞི་ཆ་ཙམ་ཡོད་པ་ལ་ལོ་རེ་ལ་ཡལ་ག་རྒྱང་གྲགས་ཙམ་དུ་ཁྱབ་པར་སྐྱེ་བར་བཤད་པས་ཤིན་ཏུ་འཕེལ་སྟོབས་ཆེ་བའི་ཤིང་ཞིག་གི་མིང༌། ས་བོན་ཆུང་སྨིན་ཉ་གྲོ་ཏའི། ཡལ་འདབ་རྒྱས་པས་རྒྱང་གྲགས་ཁེབས། མིང་གི་རྣམ་གྲངས་ལ་ཉ་གྲོ་དྷ་དང༌། པ་ཌ། བྷུ་བད་བཅས་སོ། །
- language:
- Tibetan