Skip to main content Skip to search
gnam lde 'od srungs/
ID:
T109125
  • གནམ་ལྡེ་འོད་སྲུངས (Tibetan, Tibetan script, Original)
    • > gnam lde 'od srungs/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > namdé ösung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • གནམ་ལྡེ་འོད་སྲུངས་ [son of glang dar ma's btsun mo chun ma, 'di btsun mo chen mas gsod dam 'phrog par dogs pas mtshan mor mar me'i 'od dang ma bral bar bsrungs pas ming de ltar chags, phyis su 'di dang khri lde yum brtan gnyis ma 'chams par 'khrugs te gnyis ka'i rgyal sa shor, de nas bzung ste gnya' khri btsan po'i gdung rgyud kyis bod spyi la dbang

    language:
    Tibetan
  • གནམ་ལྡེ་འོད་སྲུངས་

    language:
    Tibetan

2. bod rgya tshig mdzod chen mo

[1540] འདི་ནི་གླང་དར་མའི་བཙུན་མོ་ཆུན་མའི་སྲས་ཏེ། འདི་བཙུན་མོ་ཆེན་མས་གསོད་དམ་འཕྲོག་པར་དོགས་པས་མཚན་མོར་མར་མེའི་འོད་དང་མ་བྲལ་བར་བསྲུངས་པས་མིང་དེ་ལྟར་ཆགས། ཕྱིས་སུ་འདི་དང་ཁྲི་ལྡེ་ཡུམ་བརྟན་གཉིས་མ་འཆམས་པར་འཁྲུགས་ཏེ་གཉིས་ཀའི་རྒྱལ་ས་ཤོར། དེ་ནས་བཟུང་སྟེ་གཉའ་ཁྲི་བཙན་པོའི་གདུང་རྒྱུད་ཀྱིས་བོད་སྤྱི་ལ་དབང་བསྒྱུར་མ་ཐུབ་བོ། ...

language:
English

3. dung dkar bod rig pa'i tshig mdzod chen mo

(མངའ་བདག་འོད་སྲུངས་ཀྱང་ཞུ་)འདི་ཉིད་ཡབ་གླང་དར་མ་འུ་དུམ་བཙན་དང་ཡུམ་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་བོད་ཆུ་ཕག་(༩༠༣)ལོར་ཡུམ་བུ་བླ་སྒང་དུ་སྐུ་འཁྲུངས་ཞེས་པ་དང་ཆུ་ཁྱི་(༨༤༢)ལོར་འཁྲུངས་སོགས་གསུང་ཚུལ་མི་འདྲ་བ་མང་ཙམ་མཆིས། སྐུ་ཆུང་ངུའི་དུས་ཡབ་ཀྱི་བཙུན་མོ་ཆེན་མ་སྣ་ནམ་བཟས་གསོད་དམ་འཕྲོག་པར་དོགས་ནས་མཚན་མོར་མར་མེའི་འོད་དང་མ་བྲལ་བར་བསྲུངས་པས་མཚན་དེ་ལྟར་ཆགས་སྐད། མངའ་བདག་འདི་སྐུ་ནར་མ་སོན་ཡང་རྒྱལ་སྲིད་ལ་དབང་བསྐུར་ཞིང། བློན་པོ་དགུ་ཁྲི་ཐོག་སྒྲ་དང། རྔོག་དཔལ་གསུམ་སྒྲ་ཆེ། རྔོག་རྒྱལ་ཏོ་རེ་རྒྱལ་རྣམས་ཀྱིས་བྱས། རྒྱལ་པོ་འདིའི་སྐུ་དུས་སུ་ཡབ་ཀྱིས་བསྟན་པ་བསྣུབས་པའི་བྱ་བ་དེ་མཚམས་འཇོག་ཐུབ་པ་དང་རྟེན་གྱི་སྤྱན་སྔར་སྐྱབས་འགྲོ་ཁས་བླངས་ནས་དཀོན་མཆོག་གསུམ་ལ་མཆོད་པ་བྱས། ཇོ་བོ་རྣམ་གཉིས་དང་བྱམས་མགོན་རྣམས་ས་འོག་ནས་བཏོན་ཏེ་རང་རང་གི་ཁྲི་ལ་བཞུགས་སུ་གསོལ་ནས་མཆོད་པའི་རྒྱུན་བཙུགས། ལྷ་ཁང་ཞིག་པ་རྣམས་སླར་གསོས། དེ་སྐབས་ཐང་དམག་གིས་བོད་ཀྱི་ཤར་ཕྱོགས་དང་བྱང་ཕྱོགས་ཀྱི་ས་ཆ་དབང་དུ་བསྡུས། དེ་ནས་འོད་སྲུངས་དང་ཡུམ་བརྟན་གཉིས་མངའ་རིས་ལ་མ་འཆམ་པར་འཁྲུག་ལོང་ཆེན་པོ་བྱུང་སྟེ་འོད་སྲུངས་ཀྱིས་གཡོ་རུ་དང་ཡུམ་བརྟན་གྱིས་དབུ་རུ་བཟུང། དེའི་ཕྱོགས་བོད་ཡུལ་ཕལ་ཆེར་ལ་ཁྱབ་སྟེ་ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་ཆུང་སྲིད་མང་ཚན་ཉུང་ཚན་གསེར་པ་གཡུ་པ་ཤ་ཟན་རྩམ་ཟན་ཞེས་སྡེ་གཉིས་སུ་ཆད་དེ་རྩོད། མཐར་འབངས་གྱེན་ལྡོག་བྱུང་ནས་བཙན་པོའི་བང་སོ་བྲུས་པ་སོགས་བོད་སིལ་བུར་གྱུར། ལོ་རྒྱུས་དེབ་ཐེར་མང་ཆེ་བའི་ནང་དར་མ་ཕ་སྤད་གསུམ་ལ་བསོད་ནམས་ཟད་པའི་རྒྱལ་པོ་ཞེས་གྲགས་སོ། །འོད་སྲུངས་ཀྱིས་ཅོག་རོ་བཟའ་རྒྱལ་མོ་ཁབ་ཏུ་བཞེས་པར་སྲས་དཔལ་འཁོར་བཙན་སྐུ་འཁྲུངས། མཐར་འོད་སྲུངས་དགུང་ལོ་རེ་གསུམ་པ་བོད་ཤིང་གླང་(༩༠༥འམ་༩༦༥བཞེད་ཚུལ་མི་གཅིག་)ལོར་སྐུ་གཤེགས་ཞེས་དང། དགུང་ལོ་སོ་དགུ་ལ་བོད་ཤིང་སྦྲུལ་(༩༤༥)ལོར་སྐུ་གཤེགས་སོགས་གསུང་ཚུལ་མི་འདྲ་བ་མཆིས། འོད་སྲུངས་ཀྱི་བང་སོ་ནི། འོད་སྲུང་གྲལ་ནི་འཕྲུལ་རྒྱལ་རྒྱབ་ན་ཡོད། མིང་ནི་སྐྱེས་བུ་ལྷ་བསྟེན་བྱ་བ་ལགས། དེ་ནི་བཙན་པོའི་བང་སོ་མཐའ་མ་ཡིན་ཞིང། དེ་ནས་བཟུང་བཙན་པོའི་བང་སོ་བརྩིགས་པའི་སྲོལ་ཡང་ནུབ་སྐད།

language:
Tibetan

4. Thupten Phuntsok Dictionary

འདི་ནི་གླང་དར་མའི་བཙུན་མོ་ཆུང་མའི་སྲས་ཏེ། འདི་བཙུན་མོ་ཆེན་མས་གསོད་དམ་འཕྲོག་པར་དོགས་པས་ཉིན་མོ་ཉི་མའི་འོད་དང་མཚན་མོར་མར་མེའི་འོད་དང་མ་བྲལ་བར་བསྲུངས་པས་མིང་དེ་ལྟར་ཆགས། ཕྱིས་སུ་འདི་དང་ཁྲི་ལྡེ་ཡུམ་བརྟན་གཉིས་མ་འཆམས་པར་འཁྲུགས་ཏེ་གཉིས་ཀའི་རྒྱལ་ས་ཤོར། དེ་ནས་བཟུང་སྟེ་གཉའ་ཁྲི་བཙན་པོའི་གདུང་རྒྱུད་ཀྱིས་བོད་སྤྱི་ལ་དབང་བསྒྱུར་མ་ཐུབ་བོ།

language:
Tibetan

5. smon lam tshig mdzod chen mo

འདི་ནི་གླང་དར་མའི་བཙུན་མོ་ཆུན་མའི་སྲས་ཏེ། འདི་བཙུན་མོ་ཆེན་མས་གསོད་དམ་འཕྲོག་པར་དོགས་པས་མཚན་མོར་མར་མེའི་འོད་དང་མ་བྲལ་བར་བསྲུངས་པས་མིང་དེ་ལྟར་ཆགས། ཕྱིས་སུ་འདི་དང་ཁྲི་ལྡེ་ཡུམ་བརྟན་གཉིས་མ་འཆམས་པར་འཁྲུགས་ཏེ་གཉིས་ཀའི་རྒྱལ་ས་ཤོར། དེ་ནས་བཟུང་སྟེ་གཉའ་ཁྲི་བཙན་པོའི་གདུང་རྒྱུད་ཀྱིས་བོད་སྤྱི་ལ་དབང་བསྒྱུར་མ་ཐུབ་བོ། །

language:
Tibetan