- gnam la khri bdun/
- ID:
- T109179
- གནམ་ལ་ཁྲི་བདུན (Tibetan, Tibetan script, Original)
- > gnam la khri bdun/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > namla tridün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
Seven Namla Tri; Seven Thrones of the Sky
- language:
- English
-
Seven Namla Tri
- language:
- English
2. dung dkar bod rig pa'i tshig mdzod chen mo
བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རིན་བཞིན་རྒྱལ་པོ་གནམ་གྱི་ཁྲི་བདུན་བྱུང་བའི་མིང་ནི། མུ་ཁྲི། དིང་ཁྲི། སོ་ཁྲི། མེར་ཁྲི། གདགས་ཁྲི། སྲིབས་ཁྲི་བཅས་བྱུང་བ་རང་རང་སོ་སོའི་སྐྱེས་པའི་ཡུལ་གྱི་མིང་ནས་གྲས་ཏེ་མཚན་གསོལ་ཞེས་བཤད་སྲོལ་ཡོད། གནམ་གྱི་ཁྲི་བདུན་ཟེར་བའི་རྒྱུ་མཚན་ནི་རྒྱལ་པོ་འདི་རྣམས་འདས་སྐབས་སྤྱི་གཙུག་ཏུ་ཡོད་པའི་འོད་དཀར་པོའི་རྨུ་ཐག་ལ་འཇུས་ནས་ནམ་མཁར་གཤེགས་ཏེ་འཇའ་ཚོན་ལྟར་ཡལ་ནས་འགྲོ་བ་ལས་རོ་མེད་པའི་དབང་གིས་མིང་དེ་ལྟར་ཐོགས་པ་ཡིན་ཞེས་བོན་གྱི་བཤད་སྲོལ་ཡིན།
- language:
- Tibetan
3. Thupten Phuntsok Dictionary
བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རིམ་བཞིན་རྒྱལ་པོ་གནམ་གྱི་ཁྲི་བདུན་བྱུང་བའི་མིང་ནི། མུ་ཁྲི། དིང་ཁྲི། སོ་ཁྲི། གདགས་ཁྲི། སྲིབས་ཁྲི་བཅས་བྱུང་བ་རང་རང་སོ་སོའི་སྐྱེས་པའི་ཡུམ་གྱི་མིང་ནས་གྲས་ཏེ་མཚན་གསོལ་ཞེས་བཤད་སྲོལ་ཡོད། གནམ་གྱི་ཁྲི་བདུན་ཟེར་བའི་རྒྱུ་མཚན་ནི་རྒྱལ་པོ་འདི་རྣམས་འདས་སྐབས་སྤྱི་གཙུག་ཏུ་ཡོད་པའི་འོད་དཀར་པོའི་རྨུག་ཐག་ལ་འཇུག་ནས་ནམ་མཁར་གཤེགས་ཏེ་འཇའ་ཚོན་ལྟར་ཡལ་ནས་ནམ་མཁར་འགྲོ་བ་ལས་རོ་མེད་པའི་དབང་གིས་མིང་དེ་ལྟར་ཐོགས་པ་ཡིན་ཞེས་བོན་གྱི་བཤད་སྲོལ་ཡིན།
- language:
- Tibetan