- rnam rdzun dri bcas pa/
- ID:
- T112095
- རྣམ་རྫུན་དྲི་བཅས་པ (Tibetan, Tibetan script, Original)
- > rnam rdzun dri bcas pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > namdzün drichepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jeffrey Hopkins Dictionary
Hopkins' Translations: Tainted False Aspectarian
one of the types of Proponents of Mind-Only (sems tsam pa, citta-mātrin); for others see: sems tsam pa
- language:
- English
2. Rangjung Yeshe Dictionary
rnam shes 'di rnams bde sdug sogs kyi 'dzin rnam de nyid du don la gnas kyang ma rig pa'i mthus phyi rol gyi gzung ba'i rnam par snang bas rnam shes rang gi ngo bo rnam pa rdzun pa des gos par smra ba'o
- language:
- English
3. dung dkar bod rig pa'i tshig mdzod chen mo
སྔོ་འཛིན་མིག་ཤེས་ལ་སོགས་པའི་རྣམ་ཤེས་འདི་རྣམས་མ་རིག་པའི་མཐུས་སྔོན་པོ་སོགས་ཕྱི་རོལ་གྱི་བཟུང་བའི་རྣམ་པར་སྣང་བས་རྣམ་ཤེས་སམ་སེམས་གྱི་ངོ་བོ་ལ་གཉིས་སྣང་གི་དྲི་མས་བསླད་པར་འདོད་པས་རྣམ་རྫུན་དྲི་བཅས་པ་དང་ཡང་ན། སངས་རྒྱས་ཀྱི་ས་ན་མ་རིག་པ་མེད་ཀྱང་འཁྲུལ་བའི་སྣང་བ་ཡོད་དེ། གཉིས་སྣང་ཡོད་པའི་ཕྱིར་ཏེ། སྔོ་སེར་དུ་སྣང་བ་འདི་སངས་རྒྱས་ཀྱི་ས་ལའངཡོད་པར་འདོད་པས་ན་རྣམ་རྫུན་དྲི་བཅས་པ་ཞེས་ཟེར། འོན་ཀྱང་སངས་རྒྱས་ཀྱི་ས་ལ་གཉིས་སྣང་ཡོད་ཀྱང་འཁྲུལ་བར་མི་འགྱུར་ཏེ་རྫུན་པ་ལ་རྫུན་པར་རྟོགས་པའི་ཕྱིར་རོ་ཞེས་སདོད་དོ། རྣམ་རྫུན་པ་ལ་དྲི་བཅས་དང་དྲི་མེདགཉིས་ལས་འདི་ཉིད་ཀྱི་ཁྱད་པརདྲི་མ་སེམས་ཀྱི་རང་བཞིན་ལ་བཞུགས་པ་དང་། མ་ཞུགས་པ་གཉིས་ཀྱི་ཁྱད་པར་ཆེ་འདུག་ནའང་། འཐད་པར་མ་མཐོང་སྟེ་དེ་ལྟར་ན་སེམས་མ་ཟད་བར་དུ་དྲི་མ་མ་ཟད་པ་ཁས་བླངས་དགོས་པས་སོ། དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་མ་ཞུགས་ཀྱི་ཁྱད་པར་ནི་སེམས་ཀྱི་ངོ་བོ་དྲི་མ་སྟེ་ཉོན་མོང་ཀྱི་ངོ་བོར་སོང་བས་ན། དྲི་མ་སེམས་ཀྱ་རང་བཞིན་ལ་བཞུགས་པ་ཡིན། དཔེར་ན། འོ་མ་ཞོ་ཆགས་པའི་ཚེ་འོ་མ་ཞོ་ཡི་ངོ་བོར་སོང་བ་དང་། ལྕགས་ཀྱི་དངོས་རྫས་ཤིག་གྲི་བཟོ་བའི་ཚེ་ལྕགས་རང་ཉིད་གྲི་ངོ་བོར་སོང་བ་ལྟ་བུ་ཡིན། སེམས་དང་དྲི་མ་ངོ་བོ་སོ་སོ་ནས་འབྲལ་རུང་གི་ཚུལ་དུ་ཡོད་པས་ན་དྲི་མ་སེམས་ཀྱི་རང་བཞིན་ལ་མ་བཞུགས་པ་ཡིན། དཔེར་ན་ཉི་མས་སྤྲིན་བསྒྲིབས་པའི་ཚེ་ཉི་མ་རང་གི་ངོ་བོ་སྤྲིན་པའི་ངོ་བོར་མ་སོང་བས། ཉི་མ་དང་སྤྲིན་པ་ངོ་བོ་སོ་སོ་ནས་བྲལ་རུང་དུ་ཡོད་པ་བཞིན་ནོ། །
- language:
- Tibetan
4. Thupten Phuntsok Dictionary
རྣམ་རྫུན་པ། སེམས་ཙམ་པའི་གྲུབ་མཐའི་ནང་གསེས་ཤིག་སྟེ། ཕྱི་དོན་བདེན་དངོས་སུ་མ་གྲུབ་པར་མ་ཟད། དབང་ཤེས་ལ་སྣང་བ་ལྟར་མ་གྲུབ་པས་སེམས་སུའང་མི་བདེན་པར་འདོད་པའོ། །
- language:
- Tibetan