Skip to main content Skip to search
sna nam rdo rje bdud 'joms/
ID:
T112619
  • སྣ་ནམ་རྡོ་རྗེ་བདུད་འཇོམས (Tibetan, Tibetan script, Original)
    • > sna nam rdo rje bdud 'joms/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nanam dorjé dünjom (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

one of Padmasambhava's 25 disciples

language:
English

2. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་གྲུ་ཤུལ་ལ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་ཞུས་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་པས་གྲུབ་ཐོབ་ཆེན་པོར་གྱུར་ཏེ། བོད་ལུགས་མེ་མོ་ཡོས་ལོ་སྟེ་སྤྱི་ལོ 787 ལོར་བསམ་ཡས་གཙུག་ལག་ཁང་ཡོངས་སུ་གྲུབ་སྟེ་རབ་གནས་མཛད་སྐབས་གྲུབ་རྟགས་མང་དུ་བསྟན་ཞིང་། 《གྲུབ་མཐའ་ཤེལ་གྱི་མེ་ལོང》ལས་ “རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་པ་མེད།” ཅེས་གསུངས་སོ། དུས་རྒྱུན་གྱི་སྒྲུབ་གནས་ནི་བྲག་དམར་ཀེའུ་ཚང་ཡིན། ལོ་ཙཱ་བ་ལ་མཁས་པས་ཆོས་གཞུང་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི《བསྟན་འགྱུར》ལས《འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཡིད་བཞིན་གྱི་ནོར་བུ་འཁོར་ལོས་སྒྱུར་བའི་སྒྲུབ་ཐབས》དང་། 《དབང་བསྒྱུར་བའི་ཆོ་ག》། 《ཧེ་རུ་ཀ་ཉེ་བར་འབྱུང་བ》ཞེས་བྱ་[943]བའི་དཀྱིལ་འཁོར་གྱི་ཆོ་ག་བཅས་བཞུགས་སོ། །

language:
Tibetan