- sna sbyong /
- ID:
- T112661
- སྣ་སྦྱོང (Tibetan, Tibetan script, Original)
- > sna sbyong / (Tibetan, Latin script, Transliteration-THL Extended Wylie Transliteration)
- > najong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
སྣའི་ནང་དུ་སྨན་བླུགས་ནས་སྣ་དང་མཚུལ་པ་འགགས་པ་སོགས་ནམ་ཚོང་ཡན་གྱི་ནད་བསལ་བར་བྱེད་པའི་སྦྱོང་བྱེད་ཀྱི་མིང་སྟེ། གོང་སྨན་དཀོན་ཅོག་བདེ་ལེགས་ཀྱིས་མཛད་པའི་པོད་དམར་ལས། སྣ་སྦྱོང་ཞེས་པ་ནི། སྣ་དང་མཚུལ་པ་སོགས་ནམ་ཚོང་ཡན་གྱི་ནད་རྣམས་སྦྱོང་བར་བྱེད་པའི་ཕྱིར་དུ་སྣ་ནས་སྨན་གཏང་དགོས་པ་ཞིག་གོ ། ཞེས་དང་། སྣ་སྨན་གྱི་སྦྱོར་བ་དངོས་ནི། ཕྱི་མ་འཕྲིན་ལས་རྒྱུད་ལས། སྦྱོར་བ་འགྲོན་བུ་བོང་ང་དཀར་པོ་དང་། སུག་པ་སྒ་སྐྱ་བཞི་པོ་བསྲེགས་ཐལ་དང་། བྱང་པ་རྒྱ་ཚ་དྲི་ཆུར་སྦྱར་བར་བྱ། ཡང་ན་འབྲི་རྟ་ས་འཛིན་རྒྱ་ཚྭ་དང་། ཤུ་དག་རུ་རྟ་ས་འཛིན་རྒྱ་ཚྭ་དང་། གཏོང་ཐབས་སྔ་དྲོ་སྣབས་སྦྱངས་གན་རྐྱལ་ཉལ། འཕུལ་བྱེད་སྔས་ལ་མགོ་དཔྱངས་ཐིགས་དགུ་བླུག རྐན་ནས་བྱུང་ན་འགག་ཅེས་བྱས་ལ་བཟློག བྱ་རྫོགས་སྐད་ཅིག་གྲངས་བརྒྱའི་བར་དུ་ཉལ། ཐེབས་དཀའ་དུ་བ་སུག་ཕྱེ་སྣ་བུག་བདུག ཚ་གཡའ་སྣབས་མང་བྱུང་ན་ལངས་ལ་ཕྱི། དེ་རྗེས་ཆུ་སེར་རྣག་སོགས་གང་ཡོད་དབྱུང་། གྲེ་བ་མཚུལ་པ་དག་ཕྱིར་ཆུ་སྐོལ་བཏུང་། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan