- snang cha/
- ID:
- T112923
- སྣང་ཆ (Tibetan, Tibetan script, Original)
- > snang cha/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > nangcha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jeffrey Hopkins Dictionary
སྣང་སྣང་སྣང་སྣང་
Hopkins' Translations: appearance factor
- language:
- Tibetan
2. Rangjung Yeshe Dictionary
-
perceiving quality; སེམས་ཀྱི་སྣང་ཆ་ the mind's perceiving quality
- language:
- English
-
manifest aspect; appearance aspect, projection, vision; apparent aspect
- language:
- English
4. Jim Valby Dictionary
on the side of appearance, appearance aspect, projection, vision, perceiving quality, perceptual experience, perception
- language:
- English
6. Thupten Phuntsok Dictionary
རང་རེའི་མིག་གིས་མཐོང་བའི་དངོས་པོའི་དབྱིབས་དེ་ཕྱི་གསལ་ནང་གསལ་གྱི་ངོས་སྙོམ་གྱི་སྟེང་ལྷུང་བའི་དངོས་ཁམས་ཀྱི་སྣང་ཚུལ་ལ་ཟེར། དེ་ནི་ཡུལ་ལྗོངས་དང་། དངོས་པོར་རྟོགས་ཞིབ་བྱས་ཏེ་ངོས་སྙོམ་གྱི་རི་མོའི་སྟེང་འབུར་གཟུགས་ཀྱི་བར་སྟོང་ཚོར་སྣང་མཚོན་པའི་ཐད་ཀ་དང་རྩ་བའི་ཐབས་ཤེས་དེ་རི་མོའི་ཐོག་སྤྱད་ཚེ་ཧ་ཅང་གནད་འཁེལ་པོས་དངོས་པོའི་ཉེ་རིང་དང་། མཐོ་དམན། ཆེ་ཆུང་སོགས་ཀྱི་འབྲེལ་བ་མཚོན་རྒྱུར་ཕན་འབྲས་ཐོན་གྱི་ཡོད། དེ་ཡང་དངོས་པོའི་བར་སྟོང་གི་གནས་བབས་ལ་གཞིར་བཞག་ནས་མཉམ་གཤིབ་སྣང་ཆ་དང་། ཟུར་ཆགས་སྣང་ཆ། བསེགས་ལྡན་སྣང་ཆ། འཁྱོག་ཐིག་སྣང་ཆ། སྒོར་ངོས་སྣང་ཆ། མི་སྣའི་སྣང་ཆ། གྲིབ་གཟུགས་ཀྱི་སྣང་ཆ། ལྡོག་གྲིབ་ཀྱི་སྣང་ཆ་སོགས་ལ་དབྱེ་ཡོད། རི་མོའི་ནང་དོན་མི་འདྲ་བ་དང་ཆེ་ཆུང་མི་འདྲ་བར་གཞིགས་ནས་སྣང་ཆ་སྤྱོད་དགོས་པ་དང་། ད་དུང་འདུ་གནས་སྣང་ཆ་དང་། གྲམ་པའི་སྣང་ཆ་གཉིས་ལ་དབྱེ་ཡོད། རི་མོའི་མཚོན་བྱེད་ཀྱི་ཐབས་ཤེས་ལ་བརྟེན་ནས་བཅད་ཀྱི་སྣང་ཆ་དང་། ཚོན་མདོག་གི་སྣང་ཆར་དབྱེ་ཡོད། བཅད་ཀྱི་སྣང་ཆ་ནི་བཅད་ལ་བརྟེན་ནས་སྣང་ཆའི་རྩ་དོན་དང་མཐུན་པའི་སྒོ་ནས་དངོས་པོའི་དབྱིབས་མཚོན་པར་ཟེར། ཚོན་མདོག་གི་སྣང་ཆ་ནི་བྲི་བྱའི་བར་ཐག་རིང་ཐུང་ལ་བརྟེན་ནས་ཉེ་སའི་རིགས་རྣམས་ཚོན་མདོག་ཚོ་བ་དང་ཁམས་དྭངས་པ། རིང་སའི་རིགས་རྣམས་ཚོན་མདོག་སྐྱ་ཞིང་རབ་རིབ་ཅན་ཡིན་དགོས། དེ་བཞིན་མཁའ་རླུང་སྲབ་མཐུག་དང་། བཞའ་ཚན་ཆེ་ཆུང་གིས་ཚོན་མདོག་གི་སྐྱ་ཚོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་དེར་མཁའ་རླུང་གི་སྣང་ཆ་ཟེར། སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་དབྱི་ཐཱ་ལིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་རི་མོ་མཁས་ཅན་མཱ་ས་ཆའོ་ཡིས་རིང་ཐུང་གི་སྣང་ཆའི་ཆོས་ཉིད་རྟོགས་པ་ནས་བཟུང་། དངོས་ཡོད་རིང་ལུགས་ཀྱི་རི་མོར་སྲ་ཞིང་བརྟན་པའི་ཚན་རིག་དང་མཐུན་པའི་གཞི་འཛིན་ས་བྱུང་འགོ་ཚུགས་པའོ། །
- language:
- Tibetan