- snang ba gzugs kyi gzhi/
- ID:
- T113078
- སྣང་བ་གཟུགས་ཀྱི་གཞི (Tibetan, Tibetan script, Original)
- > snang ba gzugs kyi gzhi/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > nangwa zukkyizhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
form basis of appearance, as one of the fivefold basis of knowables; appearing forms; dbang po lnga / don lnga / rnam par rig byed ma yin pa'i gzugs te rdzas bcu gcig
- language:
- English
2. Ives Waldo Dictionary
form basis of appearance [one of the 5-fold basis of knowables, appearing forms ???
- language:
- English
3. dung dkar bod rig pa'i tshig mdzod chen mo
སྣང་བ་གཟུགས་ཀྱི་བཞི་ནི་དབང་པོ་ལྔ། དོན་ལྔ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སྟེ་བཅུ་གཅིག་གོ། 《མཛོད་》ལས། གཟུགས་ནི་དབང་པོ་ལྔ་དང་དོན། ལྔ་དང་རྣམ་རིག་བྱེད་མིན་ཉིད། ཅེས་གསུང་པ་ལྟར་རོ། དབང་པོ་ལྔ་ནི་མིག་རྣ་བ་སྣ་ལྕེ་ལུས་ཏེ་དབང་པོ་ལྔ། དོན་ལྔ་ནི་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ལྔའོ། འདི་བཅུའི་ནང་གསེས་ཀྱི་དབྱེ་བ། དཔེར་ན་གཟུགས་ཀྱི་སྐྱེ་མཆེད་ལ་དབྱིབས་དང་ཁ་དོག་གཉིས། དབྱིབས་བརྒྱད་དང་ཁ་དོག་གཉིས་སོགས་ཀྱི་འཇོག་ཚུལ་སྤྱིར་མདོ་སྡེ་པ་དང་མཐུན་ལ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་ལུས་ཀྱི་གཡོ་འགུལ་འདེགས་འཇོག་སོགས་བྱེད་པ་ན་དེའི་སྔ་ལོགས་ཀྱི་ཀུན་སློང་ནི་རང་གི་ཡིད་ཤེས་ཁོ་ནའི་ཡུལ་དུ་སྣང་ཞིང་གཞན་གྱི་རྣམ་ཤེས་ཀྱིས་རིག་པར་བྱར་གཟུགས་ཡིན་པས་ན་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཟེར་བ་ཡིན། དེ་ལ་དབྱེ་ན་སྡོམ་པ་དང་། སྡོམ་པ་མ་ཡིན་པ། བར་མའི་གཟུགས་ཏེ་གསུམ་དུ་ཡོད། བྱེ་བྲག་སྨྲ་བ་དང་ཐལ་འགྱུར་བ་གཉིས་ཀྱིས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མཚན་ཉིད་པར་འདོད་ཅིང་། མདོ་སྡེ་པ་སོགས་ཀྱི་དེ་ལྟར་མི་འདོད་དོ། །
- language:
- Tibetan
4. Thupten Phuntsok Dictionary
སྣང་བ་གཟུགས་ཀྱི་གཞི་ནི་དབང་པོ་ལྔ། དོན་ལྔ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་བཅུ་གཅིག་གོ། མཛོད》ལས། གཟུགས་ནི་དབང་པོ་ལྔ་དང་དོན། ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་པ་ལྟར་རོ། །དབང་པོ་ལྔ་ནི། མིག་རྣ་བ་སྣ་ལྕེ་ལུས་ཏེ་དབང་པོ་ལྔ། དོན་ལྔ་ནི། གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ལྔའོ། །འདི་བཅུའི་ནང་གསེས་ཀྱི་དབྱེ་བ། དཔེར་ན་གཟུགས་ཀྱི་སྐྱེ་མཆེད་ལ་དབྱིབས་དང་ཁ་དོག་གཉིས། དབྱིབས་བརྒྱད་དང་ཁ་དོག་བཅུ་གཉིས་སོགས་ཀྱི་འཇོག་ཚུལ་སྤྱིར་མདོ་སྡེ་པ་དང་མཐུན་ལ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་ལུས་ཀྱི་གཡོ་འགུལ་འདེགས་འཇོག་སོགས་བྱེད་པ་ན་དེའི་སྔ་ལོགས་ཀྱི་ཀུན་སློང་ནི་རང་གི་ཡིད་ཤེས་ཁོ་ནའི་ཡུལ་དུ་སྣང་ཞིང་གཞན་གྱི་རྣམ་ཤེས་ཀྱིས་རིག་པར་བྱར་མེད་པའི་གཟུགས་ཡིན་པས་ན་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཟེར་བ་ཡིན། དེ་ལ་དབྱེ་ན་སྡོམ་པ་དང་། སྡོམ་པ་མ་ཡིན་པ། བར་མའི་གཟུགས་ཏེ་གསུམ་དུ་ཡོད། བྱེ་བྲག་སྨྲ་བ་དང་ཐལ་འགྱུར་བ་གཉིས་ཀྱིས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མཚན་ཉིད་པར་འདོད་ཅིང་། མདོ་སྡེ་པ་སོགས་ཀྱིས་དེ་ལྟར་མི་འདོད་དོ། །
- language:
- Tibetan