Skip to main content Skip to search
snang ba'i rang bzhin so gsum/
ID:
T113134
  • སྣང་བའི་རང་བཞིན་སོ་གསུམ (Tibetan, Tibetan script, Original)
    • > snang ba'i rang bzhin so gsum/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nangwé rangzhin sosum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

CHN

language:
English

2. dung dkar bod rig pa'i tshig mdzod chen mo

ཆ་བྲལ་ནི་ངོ་བོ་ཞེ་སྡང་སྟེ་ཡུལ་ལ་མི་སྡུག་པར་འཛིན་པ་ཡིན་ཅིང་། དེ་ལ་ཆེ་ཆུང་གི་དབྱེ་བ་གསུམ་མོ། དེའང་ཅུང་ཟད་འཛིན་སྟངས་མི་གསལ་བ་ཆུང་ངུ་དང་། གསལ་པོ་བྱུང་ཡང་ཡུན་ཐུང་བ་སོགས་འདུ་བྱེད་རྩོམ་མི་ཐུབ་པ་འབྲིང་དང་། གསལ་ལ་ཡུན་རིང་བས་འདུ་བྱེད་ལ་བསྐུལ་ནུས་པ་ཆེན་པའོ། ཡིད་ལ་འགྲོ་བ་ནི་ཡུལ་ཕར་སེམས་པ་དང་། འོང་བ་ནི་སླར་ཡང་ནང་དུ་སེམས་པ་སྟེ་གཉིར་ཀར་སེམས་པའོ། མྱ་ངན་ནི་ཡིད་དུ་འོང་བ་བྲལ་བའི་གདུང་བ་སྟེ་ཆེ་ཆུང་གསུམ་ནི་ཆགས་བྲལ་གྱི་རིགས་འགྲེའོ། ཞི་བ་ནི་དལ་ཞིང་ཐང་ཆད་པ་ལྟར་ཧད་དེ་འཇུག་པ་སྟེ་ཤེས་བཞིན་མ་ཡིན་པའོ། རྣམ་རྟོག་ནི་མིང་དོན་བསྲེས་ནས་མཚན་མར་འཛིན་པའི་འདུ་ཤེས་སོ། འཇིགས་པ་ནི་སྐྲག་པ་སྟེ་དེའང་ཆེ་ཆུང་གསུམ་མོ། སྲེད་པ་ནི་དུས་གསུམ་དུ་བྱུང་བ་བའི་ཡིད་དུ་འོང་བ་ལ་དམིགས་ནས་ཞེན་སྟེ་དེའང་གསུམ་མོ། ལེན་པ་ནི་སྲེད་པའི་ཡུལ་ལ་འཇུག་པརར་འདོད་པའོ། བཀྲེས་དང་བསྐོམ་པས་ཡིད་མི་བདེ་བ་གཉིས་དང་ཚོར་བ་ནི་བདེ་སྡུག་བཏང་སྙོམས་རྣམས་ཡིན་ལ་ཆེ་ཆུང་གི་དབྱེ་བས་གསུམ་མོ། རིག་པ་པོ་སྟེ་རིག་པ་དངོས་དང་། རིག་ཅེས་པ་ནི་རིག་མཁན་བྱེད་པ་པོ་དང་། འཛིན་པའི་བཞི་སྟེ་རིག་བྱའི་ཡུལ་རྣམས་ལ་དེ་མ་ཡིན་ལ་དེར་འཛིན་པའི་ལོག་ཤེས་ཏེ་ཡུལ་གསུམ་པོ་དེའི་དབྱེ་བ་ལས་གསུམ་དང་། རིགས་པ་དང་མ་རིགས་པ་དཔྱོད་པའི་སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་ནིརང་ངན་པར་སོང་བའམ་འགྲོ་བ་མི་འདོད་པའམ། གཞན་ཁྲེལ་གྱི་བྱ་བ་ངན་པ་ལ་འཛེམ་པ་སྟེ། ཁྲེལ་ཡོད་ཀྱང་དེའི་ནང་དུ་བསྡུའོ། གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། གཞན་ཡིད་དུ་འོང་བའི་སེམས་ཅན་རྣམས་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་ནི་བརྩེ་བ་སྟེ་དབྱེ་ན་ཆེ་ཆུང་གསུམ་མོ། ཡུལ་ཡིད་དུ་འོང་བ་སྡུག་པ་དང་བདེ་བར་འདོད་པ་དང་། གནོད་པ་ལས་གསུང་པ་སྟེ་གསུམ་མོ་ཞེས་ཀྱང་འཆད་ལ། ཐེ་ཚོམ་དང་འབྲེལ་བར་ཉམ་ངའི་རྣམ་པ་ཅན་ཡིད་བརྟན་མེད་པ་ནི་དོགས་པ་སྟེ་བསགས་པ་དང་། གཞན་གྱིཕུན་ཚོགས་ལ་སེམས་འཁྲུགས་པ་ནི་ཕྲག་དོག་སྟེ་ཞེས་གསུངས་སོ། །སྣང་བས་ཡོད་མཐའ་སེལ། སྤྱིར་བཏང་སྣང་བར་འཇོག་ཚུལ་མངཡང་སྐབས་འདིར་ཀུན་རྫོབ་ཕྲ་མོའམ། ཀུན་རྫོབ་བདེན་པ་ལ་བྱེད་པ་ཡིན། ཡོད་མཐའ་ནི་རང་བཞིན་གྱི་གྲུབ་པ་ཡིན། ཀུན་རྫོབ་དུ་ཡོད་པར་རྟོགས་པས་རང་བཞིན་གྱི་གྲུབ་པ་བཀག་ཐུབ་པའམ། ཁེགས་ཐུབ་པ། སེལ་ཇུབཔ་བྱུང་ན། སྣང་བས་ཡོད་མཐའ་གསལ་བའི་དོན་ཡིན། །

language:
Tibetan

3. Thupten Phuntsok Dictionary

ཆ་བྲལ་ནི་ངོ་བོ་ཞེ་སྡང་སྟེ་ཡུལ་ལ་མི་སྡུག་པར་འཛིན་པ་ཡིན་ཅིང་། དེ་ལ་ཆེ་ཆུང་གི་དབྱེ་བས་གསུམ་མོ། ། དེའང་ཅུང་ཟད་འཛིན་སྟངས་མི་གསལ་བ་ཆུང་ངུ་དང་། གསལ་པོ་བྱུང་ཡང་ཡུན་ཐུང་བ་སོགས་ཀྱིས་འདུ་བྱེད་རྩོམ་མི་ཐུབ་པ་འབྲིང་དང་། གསལ་ལ་ཡུན་རིང་བས་འདུ་བྱེད་ལ་བསྐུལ་ནུས་པ་ཆེན་པོའོ། །ཡིད་ལ་འགྲོ་བ་ནི་ཡུལ་ལ་ཕར་སེམས་པ་དང་། འོང་བ་ནི་སླར་ནང་དུ་སེམས་པ་སྟེ་གཉིས་ཀར་སེམས་པའོ། །མྱ་ངན་ནི་ཡིད་དུ་འོང་བ་དང་བྲལ་བའི་གདུང་བ་སྟེ་ཆེ་ཆུང་གསུམ་ནི་ཆགས་བྲལ་གྱི་རིགས་འགྲེའོ། །ཞིབ་ནི་དལ་ཞིང་ཐང་ཆད་པ་ལྟར་ཧད་དེ་འཇུག་པ་སྟེ་ཤེས་བཞིན་མ་ཡིན་པའོ། །རྣམ་རྟོག་ནི་མིང་དོན་བསྲེས་ནས་མཚན་མར་འཛིན་པའི་འདུ་ཤེས་སོ། །འཇིགས་པ་ནི་སྐྲག་པ་སྟེ་དེའང་ཆེ་ཆུང་གསུམ་མོ། །སྲེད་པ་ནི་དུས་གསུམ་དུ་བྱུང་བའི་ཡིད་དུ་འོང་བ་ལ་དམིགས་ནས་ཞེན་པ་སྟེ་དེའང་གསུམ་མོ། །ལེན་པ་ནི་སྲེད་པའི་ཡུལ་ལ་འཇུག་པར་འདོད་པའོ། །བསྲེས་དང་སྐོམ་པས་ཡིད་མི་བདེ་བ་གཉིས་དང་། ཚོར་བ་ནི་ངོ་བོ་བདེ་སྡུག་བཏང་སྙོམས་རྣམས་ཡིན་ལ་ཆེ་ཆུང་གི་དབྱེ་བས་གསུམ་མོ། །རིག་པ་པོ་སྟེ་རིག་པ་དངོས་དང་། རིག་ཅེས་པ་ནི་རིག་མཁན་བྱེད་པ་པོ་དང་། འཛིན་པའི་གཞི་སྟེ་རིག་བྱའི་ཡུལ་རྣམས་ལ་དེ་མ་ཡིན་ལ་དེར་འཛིན་པའི་ལོག་ཤེས་ཏེ་ཡུལ་གསུམ་པོ་དེའི་དབྱེ་བས་གསུམ་དང་རིགས་པ་དང་མི་རིགས་པ་དཔྱོད་པའི་སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་ནི་རང་ངན་པར་སོང་བའམ་འགྲོ་བ་མི་འདོད་པའམ། གཞན་ཁྲེལ་གྱིས་དོགས་པས་བྱ་བ་ངན་པ་ལ་འཛེམ་པ་སྟེ། ཁྲེལ་ཡོད་ཀྱང་འདིའི་ནང་དུ་བསྡུའོ། །གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། གཞན་ཡིད་དུ་འོང་བའི་སེམས་ཅན་རྣམས་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་ནི་བརྩེ་བ་སྟེ་དབྱེ་ན་ཆེ་ཆུང་གསུམ་མོ། །ཡུལ་ཡིད་དུ་འོང་བ་སྡུག་པ་དང་བདེ་བར་འདོད་པ་དང་། གནོད་པ་ལས་བསྲུང་བར་འདོད་པ་སྟེ་གསུམ་མོ་ཞེས་ཀྱང་འཆད་ལ། ཐེ་ཚོམ་དང་འབྲེལ་བར་ཉམ་ངའི་རྣམ་པ་ཅན་ཡིད་བརྟན་མེད་པ་ནི་དོགས་པ་དང་། གཏོང་མི་བྲ་བའི་སེར་སྣ་ནི་གསོག་པར་འདོད་པ་སྟེ་བསགས་པ་དང་། གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུགས་པ་ནི་ཕྲག་དོག་སྟེ་ཞེས་གསུངས་སོ། །

language:
Tibetan