- snang rtse shag las khungs/
- ID:
- T113186
- སྣང་རྩེ་ཤག་ལས་ཁུངས (Tibetan, Tibetan script, Original)
- > snang rtse shag las khungs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > nangtsé shaklekhung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
Tibetan govt, lha sa'i gling skor nang khongs sgrigs khrims gnon gcod byed mkhan gyi las khungs yin zhing, las khungs tshugs yul khrom stod sa khul sngags pa snang rtse ba zer ba zhig gi sdod shag tu byas pas and hence called snang rtse shag
- language:
- English
2. bod rgya tshig mdzod chen mo
[1591] སྔར་བོད་ས་གནས་སྲིད་གཞུང་སྐབས། ལྷ་སའི་གླིང་སྐོར་ནང་ཁོངས་སྒྲིགས་ཁྲིམས་གནོན་གཅོད་བྱེད་མཁན་གྱི་ལས་ཁུངས་ཡིན་ཞིང། ལས་ཁུངས་ཚུགས་ཡུལ་ཁྲོམ་སྟོད་ས་ཁུལ་སྔགས་པ་སྣང་རྩེ་བ་ཟེར་བ་ཞིག་གི་སྡོད་ཤག་ཏུ་བྱས་པས་མིང་སྣང་རྩེ་ཤག་ཅེས་ཐོགས་སོ། …
- language:
- Tibetan
3. dung dkar bod rig pa'i tshig mdzod chen mo
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ལྷ་ས་དང་། ཞོལ་ཁུལ་གཉིས་ཀ་ཞོལ་པ་ལས་ཁུངས་ནས་དོ་དམ་བྱེད་ཀྱི་ཡོད་ཚད་ནི་《མི་དབང་རྟོགས་བརྗོད་》ནང་ལྷ་ཞོལ་གྱི་བྱ་བའི་སྣེ་མོ་འཛིན་པང་ཕོད་བཽ་བཟང་ཞེས་གསལ་ཞིང་། སྣང་རྩེ་ཤག་ནི་རྗེས་སུ་བརྩུགས་པ་ཞིག་ཡིན་འདུག། དེ་བོད་ས་གནས་སྲིང་གཞུང་གི་རྩ་འཛིན་《བཀའ་ཤག་རྒྱ་དེབ་》ཅེ་སཔའི་ནང་རིམ་པ་ལྔ་པ་སྣང་རྩེ་ཤག་མི་དཔོན་གཉིས་ཞེས་གསལ། སྣང་རྩེ་ཤག་ལས་ཁུངས་གྱི་ཁྱབ་ཁོངས་ནི་གླིང་སྐོར་ལམ་གྱི་ནུབ་ངོས་ནས། ལྷོ་གླིང་སྐོར་ལམ་གྱི་བྱང་རྒྱུད། ནུབ་གཡུ་ཐོག་ཟམ་པའི་ཕྱེད་ནས་ཐད་དྲངས་པའི་ཤར་ངོས། བྱང་གླིང་སྐོར་བྱང་ལམ་གྱི་ལྷོ་རྒྱུད་བཅས་ཀྱི་ནང་དུ་ཡོད་པའི་གྲོང་ཁུལ་རྣམས་ཡིན། ལས་ཁུང་དེའི་གནས་ཡུལ་ལྷ་ས་གཙུག་ལག་ཁང་གི་ཕྱི་རོལ་བྱང་ངོས་སུ་གནས་པ་དེར་སྣང་རྩེ་ཤག་ཅེས་པ་ནི་པང་པའི་མིང་ཡིན། དེ་གར་མགོ་འཛིན་མི་དཔོན་གཉིས་དང་། དྲུང་ཡིག་གཅིག། གཉེར་པ་གཉིས། ཁང་གཉེར་གཅིག། པུ་ལི་སི་དམག་སྒར་གྱི་རྒྱ་དཔོན་གཅིག། བསྐོར་བྱ་མི་གཉིས་ཤུ་སྐོར། བཙོན་སྲུང་པ་གཅིག་བཅས་ཡོད། རགས་སྟོབས་མགོ་པས་རག་སྟོབས་པ་དང་། པི་གཏོང་བ་རྣམས་གྱི་མགོ་འཛིན་བྱེད་དགོས། ལས་ཁུངས་དེའི་ལས་འཛིན་གཙོ་བོ་ནི། ལྷ་ས་གྲོང་ཁུལ་གྱི་ཁྲིམ་འདོན་དང་། བདེ་འཇགས་དོ་དམ་ས་ཆ་ཁག་བགོས་ཀྱིས་བལྟ་མཁན་ས་རེས་བསྐོར་བྱ་བ་ཡོད་པ་དེས་སོ་སོའི་ས་ཁོངས་སུ་གནས་ཚུལ་ཇི་བྱུང་དུས་ཐོག་ཏུ་སྙན་སེང་ཞུ་དགོས། ས་གནས་འགག་ཆེ་སར་པུ་ལི་སི་དམག་མི་རེ་ཉིན་མཚན་རྟག་སྡོད་ཀྱིས་སྐོར་གཡེང་རྒྱག་རྒྱུས་མཚོན་བདེ་འཇགས་དང་། གཙང་སྦྲར་བལྟ་བསྐུལ་བྱེད་རྒྱུ། མི་གསོད་གྱོད་དོན་ཆེ་རིགས་མི་དཔོན་ནས་བཀའ་ཤག་ལ་དགོངས་སྐོར་སྙན་སེང་ཞུ་རྒྱུ་དང་། གྱོད་དོན་ཆུང་ཙག་དེ་ག་ནས་ཐག་གཅོད་བྱེད་དགོས། ད་དུང་ལྷ་ས་གྲོང་ཁུལ་དུ་ཆང་མ་ཁྱིམ་ཚང་དགུ་བཅུ་ཐམས་པ་གཏན་འབེབས་ཀྱིས་ཆང་ཁྲལ་བསྡུ་འབབ་སོགས་གཞུང་རྩིས་ཞུ་རྒྱུ་བཅས་ཡིན། སྣང་རྩེ་ཤག་དྲུང་ཡིག་གིས་ལྷ་སའི་ཚོ་པའི་མགོ་འཛིན་བྱེད་དགོས་པ་ཡིན། ལྷ་ས་གྲོང་ཁུལ་དུ་ཁང་པ་གསར་རྒྱགས་བྱེད་དགོས་ཚེ་ལྷ་གཉེར་ཚང་ལས་ཁུངས་སུ་སྙན་སེང་ཐོ་འགོད་བྱེད་དགོས་པ་སོགས་ཡིན། གོང་གསལ་སྣང་རྩེ་ཤག་གི་ཁྱབ་ཁོངས་ཀྱི་ནང་དང་། ཞོལ་པ་ལས་ཁུངས་ཀྱི་ཁོངས་སུ་གྲོང་ཁུལ་ཡོད་པའི་མི་སེར་རྣམས་ཀྱི་དཔོན་ཁུངས་ཞིབ་གསལ་དབྱེ་དབྱེད་དཀའ་རུང་དོན་དུ་མི་སེར་དཀྱུས་མ། (གཞུང་ཞབས་སེར་སྐྱའི་ནང་མི་ངོ་མ་ཕོ་མོ་དང་གྲ་པ་ཕུད་)ཚང་མ་གཞུང་སྒེར་ཆོསགསུམ་གང་རུང་ཞིག་གི་ཁོངས་སུ་ཞུགས་ནས་དཔོན་ཁུངས་དེ་ནས་ལག་འཁྱེར་ཞིག་བླངས་ཏེ་ལོ་རེ་མི་བོགས་དངུལ་གཏན་མེད་འབེབས་ལྟར་སྤྲད་ན་མི་བདག་ཏུ་གྱུར་ཏེ་གཞན་གྱི་བརྙས་འཚེར་བྱེད་མཁན་བྱུང་ཡང་དཔོན་ཁུངས་དེས་འགན་འཁུར་གྱི་ཡོད་འོན་ཀྱང་མི་གཅིག་གི་དཔོན་ཁུངས་ཅིག་ལས་བསྟེན་མི་ཆོག། །
- language:
- Tibetan
4. Thupten Phuntsok Dictionary
སྔར་བོད་ས་གནས་སྲིད་གཞུང་སྐབས། ལྷ་སའི་གླིང་སྐོར་ནང་ཁོངས་སྒྲིག་ཁྲིམས་གནོན་གཅོད་བྱེད་མཁན་གྱི་ལས་ཁུངས་ཡིན་ཞིང་། ལས་ཁུངས་ཚུགས་ཡུལ་ཁྲོམ་སྟོད་ས་ཁུལ་སྔགས་པ་སྣང་རྩེ་བ་ཟེར་བ་ཞིག་གི་སྡོད་ཤག་ཏུ་བྱས་པས་མིང་སྣང་རྩེ་ཤག་ཅེས་ཐོགས་སོ། །
- language:
- Tibetan
5. smon lam tshig mdzod chen mo
སྔར་བོད་ས་གནས་སྲིད་གཞུང་སྐབས། ལྷ་སའི་གླིང་སྐོར་ནང་ཁོངས་སྒྲིགས་ཁྲིམས་གནོན་གཅོད་བྱེད་མཁན་གྱི་ལས་ཁུངས་ཡིན་ཞིང༌། ལས་ཁུངས་ཚུགས་ཡུལ་ཁྲོམ་སྟོད་ས་ཁུལ་སྔགས་པ་སྣང་རྩེ་བ་ཟེར་བ་ཞིག་གི་སྡོད་ཤག་ཏུ་བྱས་པས་མིང་སྣང་རྩེ་ཤག་ཅེས་ཐོགས་སོ།
- language:
- Tibetan