Skip to main content Skip to search
snar thang /
ID:
T113431
  • སྣར་ཐང (Tibetan, Tibetan script, Original)
    • > snar thang / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nartang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Narthang / Edition - Earliest manuscript edition of the Tibetan Canon, compiled in thirteenth century; different from the later printed edition

language:
English

2. Jim Valby Dictionary

village & monastery

language:
English

3. dag yig gsar bsgrigs

བོད་ལྗོངས་གཞིས་ཀ་རྩེ་གྲོན་ཆུའི་ས་ཆ་ཞིག་གམ་དགོན་པ་ཞིག་གི་མིང་།

language:
Tibetan

4. dung dkar bod rig pa'i tshig mdzod chen mo

སྣར་ཐང་དགོན་པ། དེ་ཡང་རི་བི་གླང་པོ་ཆེའི་སྣ་ཞགས་བརྐྱངས་འདྲའི་འདབས་སུ་བཏབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་སྣར་ཐང་ཞེས་མིང་བྱུང་བར་གྲགས། བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་བཀའ་གདམས་ཀྱི་དགོན་པ་ཞིག་ཡིན། (དེང་སང་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་གཞིས་ཀ་རྩེ་རྫོང་ཆུ་མིག་ཆུས་ཁོངས་སུ་ཡོད།)རབ་བྱུང་གསུམ་པའི་ཆུ་བྱ་(༡༡༥༣)ལོར་དགེ་ཤེས་ཤ་ར་བའི་སློབ་མ་གཏུམ་སྟོན་བློ་གྲོས་གྲགས་པས་ཕྱག་བཏབ། དགོན་པ་འདི་ནས་མཆིམས་ནམ་ཁ་གྲགས་པ་སོགས་མཁས་པ་ཆེན་པོ་མང་དུ་བྱོན། སྔར་དུས་རབས་བཅུ་གཉིས་པའི་མགོར། བཅོམ་ལྡན་རིག་པའི་རལ་གྲི། དབུས་པ་བློ་གསལ་སངས་རྒྱས་འབུམ་སོགས་ཀྱིས་བོད་ས་གནས་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་མ་དཔེ་ཡོད་ཚད་བསྡུས་ནས་ཕྱོགས་སྒྲོགས་གནང་བའི་བཀའ་འགྱུར་བསྟན་འགྱུར་ཆ་ཚང་དང་། རབ་བྱུང་བཅུ་གཉིས་པའི་ལྕགས་ཕག་(༡༧༣༡)ལོར་ཕོ་ལྷ་བ་བསོད་ནས་སྟོབས་རྒྱལ་ཀྱིས་སྦྱིན་བདག་བྱས་སྟེ་བཞེངས་པའི་བཀའ་འགྱུར་པོད་རྒྱ་ཐམ་པའི་དཔར་ཤིང་དང། དེའི་རྗེས་སུ་མུས་མཐུད་ནས་བཞེངས་པའི་བསྟན་འགྱུར་པོད་ཉིས་བརྒྱ་ཉིས་བཤུ་རྩ་ལྔའི་དཔར་ཤིང་། སྟོན་པ་སངས་རྒྱས་ཀྱི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་ཐང་ཀ་གཉིས་ཤུ་རྩ་ལྔའི་དཔར་ཤིང་། རྗེ་ཙོང་ཁ་པའི་རྣམ་ཐར་ཆ་ཚང་གི་ཐང་ཀ་བཅོ་ལྔའི་དཔར་ཤིང་སོགས་དཔར་ཤིང་ཤིན་ཏུ་མང་བ་དང་། གཞན་ཡང་ལག་བྲིས་དཔེ་ཆ་རྩ་ཆེའི་རིགས་ཀྱང་མང་པོ་ཡོད། སྣར་ཐང་དགོན་དུ་དེ་སྔ་གྲྭ་ཚང་གཉིས་དང་མཆོད་ཁང་གཙོ་གྲས་ཁག་བཅུ་གསུམ་ཙམ་ཡོད་པ་དེ་དག་གི་ནང་རྟེན་གཙོ་བོ་རྒྱ་གར་ནས་གདན་དྲངས་པའི་སྨན་འཇིམས་ལས་གྲུབ་པའི་རྒྱལ་བ་བྱམས་པ་དགོན་པོ་དང་། རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་དང་ཤིང་བརྐོས་དང་རེ། གསེར་ཟངས་གི་ཤྰཀྱ་ཐུབ་པ་སོགས་བཞུགས། དེ་མིན་སྐུ་རྟེན་དང་ལྡེབས་རིས་སོགས་མང་དུ་བཞུགས་པ་ཕུད། དུ་དུང་མིང་དང་ཆིང་རྒྱལ་རབས་དུས་ཀྱི་སྐུ་ཐང་རྙིང་མ་ཡང་མི་ཉུང་བ་ཙམ་ཡོད། གཞན་ཡང་གདུ་རྟེན་ལྷ་ཁང་དུ་གདན་རབས་རིམ་བྱོན་གྱི་སྐུ་གདུང་ལི་མ་ལས་གྲུབ་པའི་བཀའ་གདམས་མཆོད་རྟེན་ཆེ་བ་ཐོག་ཚད་མ་དང་། ཆུང་ཤོད་མཐོ་གང་ཙམ་བར་ཡོད་པ་རྒྱ་ཕྲག་བརྒལ་བ་དང་། རྒྱལ་བའི་བཀའ་འགྱུར་གསེར་ཆོས་ཆ་ཚང་བཞུགས་པ་བཅས་ཡིན་ཀྱང་ད་ཆ་ཤུལ་ཙམ་ལས་ལྷག་མེད། །

language:
Tibetan

5. Thupten Phuntsok Dictionary

བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ས་ཆ་ཞིག་གམ་དགོན་པ་ཞིག་གི་མིང་།

language:
Tibetan

6. smon lam tshig mdzod chen mo

བོད་ཀྱི་གཞིས་ཀ་རྩེའི་ས་ཆ་ཞིག་གམ་དགོན་པ་ཞིག་གི་མིང་།

language:
Tibetan