- sne sa khud/
- ID:
- T113673
- སྣེ་ས་ཁུད (Tibetan, Tibetan script, Original)
- > sne sa khud/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > nesakhü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
ལྟོ་བ་དང་བརླའི་བར་གྱི་རྨེན་བུ་ཡོད་ས་དེའི་མིང་དང་། སྐབས་འགར་མཆན་ཁུང་འོག་གི་རྨེན་བུ་ཡོད་ས་དེ་ལ་ཡང་གོ་དགོས་ཏེ། མན་ངག་ཡོན་ཏན་རྒྱུད་ལས། སྣེ་ས་ཁུད་ན་སྙིང་རྩ་མིག་དམར་གཉིས། ཞེས་པའི་སྐབས་སུ་གོང་མ་དང་། སྨུག་ནག་སྣེ་བཞི་ལས་བབས་སྣེ་ས་བཅིངས། ཞེས་པའི་སྐབས་སུ་གོང་འོག་གཉིས་ཀར་མཉམ་དུ་གོ་དགོས་པས་སྐབས་ཐོབ་ཏུ་ཤེས་པར་བྱའོ། །
- language:
- Tibetan