Skip to main content Skip to search
pa gor bai ro tsa na rak+Shi ta/
ID:
T114083
  • པ་གོར་བཻ་རོ་ཙ་ན་རཀྵི་ཏ (Tibetan, Tibetan script, Original)
    • > pa gor bai ro tsa na rak+Shi ta/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pagor bairotsana rakshita (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[1605] དུས་རབས་བརྒྱད་པའི་དཀྱིལ་དུ་བྱུང་བའི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་ཀྱི་ལོ་ཙཱ་བ་གྲགས་ཅན་ཞིག་...

language:
English

2. smon lam tshig mdzod chen mo

དུས་རབས་བརྒྱད་པའི་དཀྱིལ་དུ་བྱུང་བའི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་ཀྱི་ལོ་ཙཱ་བ་གྲགས་ཅན་ཞིག

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་ཉང་གཙང་ཆུ་བོ་འདྲེས་པའི་ཡུལ་ཟངས་དཀར་དུ་ཡབ་པ་གོར་རྡོ་རྗེ་རྒྱལ་པོ་དང་། ཡུམ་བྲན་ཀ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ 775 ལོར་མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་མཚན་ལ་རྣམ་པར་སྣང་མཛད་སྲུང་བ་ཞེས་གསོལ། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་སྟེང་དུ་ཡོངས་སུ་གྲགས་པའི་སད་མི་མི་བདུན་གྱི་ཡ་གྱལ་ཞིག་ཡིན་ལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡང་ཡིན། ལོ་ཙཱ་བ་ལ་ཤིན་ཏུ་མཁས་པས་ཆོས་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད་ཅིང་རྔོག་བློ་ལྡན་ཤེས་རབ་གྱིས་ “བེེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ།” ཞེས་པ་སྔགས་བརྗོད་མཛད་འདུག སློབ་དཔོན་པདྨ་འབྱུང་གནས་ལས་བཀའ་བརྒྱད་ཀྱི་དབང་ཞུས་ནས་སྒྲུབ་པ་ཉམས་ལེན་མཛད་པས་གྲུབ་པ་བརྙེས་ཏེ《གྲུབ་མཐའ་ཤེལ་གྱི་མེ་ལོང》ལས་ “བེེ་ར་ཙ་ན་ཡེ་ཤེས་སྤྱན་དང་ལྡན།” ཞེས་གསུངས་སོ། རྒྱ་གར་གྱི་ཡུལ་ཕྱོགས་དུ་མར་ཕེབས་ཏེ་ཡོངས་སུ་གྲགས་པའི་སློབ་[955]དཔོན་མང་པོར་བསྟེན་ནས་གསང་ཆེན་རྙིང་མའི་སེམས་སྡེ་དང་ཀློང་སྡེ་དར་བར་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྤྲང་མི་ཕམ་མགོན་པོ་ཡིན། བན་བོན་གཉིས་ཀྱི་འཐབ་རྩོད་ཁྲོད་ནས་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་སོགས་ཀྱི་ཐུགས་ལ་མ་བབས་ནས་རྒྱལ་མོ་ཚ་བ་རོང་དུ་རྒྱང་ཕུད་བཏང་བའི་ལོ་རྒྱུས་ཀྱང་མཆིས། ཁོང་ནི་རྗེ་དང་འབངས་ཉེར་ལྔ་ནང་གི་ཡ་གྱལ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི་《བསྟན་འགྱུར》ལས《རྣལ་འབྱོར་མའི་སྒྲུབ་ཐབས》དང་། 《རྡོ་རྗེ་རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས》། 《རྡོ་རྗེ་རྣལ་འབྱོར་མའི་དཀར་མོའི་སྒྲུབ་ཐབས》། 《རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྣམ་པར་བཤད་པ》། 《ཕ་རོལ་ཏུ་ཕྱིན་པ་བསྡུས་པ》། 《སོ་སོར་ཐར་བའི་འགྲེལ་བ་འདུལ་བ་བསྡུས་པ》། 《རིགས་པ་གྲུབ་པའི་སྒྲོན་མ》བཅས་བཞུགས་སོ། །

language:
Tibetan