- pa to la/
- ID:
- T114109
- པ་ཏོ་ལ (Tibetan, Tibetan script, Original)
- > pa to la/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > patola (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Dan Martin Dictionary
See gser gyi me tog. JD 208. = (?) gser me. SS 519.6. Mdo 195.
- language:
- English
2. Ives Waldo Dictionary
-
{pa to la med. herb [ro mngar la tsa, zhu rjes snyom, nus pas srin nad sel, yi ga 'byed
- language:
- English
-
པ་ཏོ་[ལ་] med. herb
- language:
- Tibetan
4. bod rgya tshig mdzod chen mo
[1605] སྔོ་སྨན་གྱི་རིགས་ཤིག་སྟེ། རོ་མངར་ལ་ཚ། ཞུ་རྗེས་སྙོམ། ནུས་པས་སྲིན་ནད་སེལ། ཡི་ག་འབྱེད། ...
- language:
- English
5. dag yig gsar bsgrigs
རྩྭ་ལྡུམ་ཞིག་གི་མིང་སྟེ། ལོ་མ་ཐང་ཤིང་གི་ལོ་མ་དང་འདྲ་ལ། མེ་ཏོག་སེར་བོ་བཞད། རྩ་བ་ཕྱི་ཤུན་སྨུག་སྐྱ་དང་ནང་སྙིང་དཀར་བོ་ཟ་ཆོག
- language:
- Tibetan
6. Thupten Phuntsok Dictionary
འདི་རྒྱ་ནག་གི་ལྷོ་ཕྱོགས་ས་ཁུལ་ཕལ་ཆེ་བར་ཡོད་པ་དང་རང་ལྗོངས་ཀྱི་སྤོ་བོ་དང་། མེ་ཏོག རྫ་ཡུལ། ཉིང་ཁྲི། སྨིན་གླིང་སོགས་རོང་ཆེན་རྣམས་ཀྱི་སྨི་2300མན་གྱི་ཡུལ་དུ་ཡང་ཡོད་ཅིང་མང་ཆེ་བ་ནགས་འདབས། རི་རྒོད། གྲོག་རོང་སོགས་ཀྱི་རྩ་གསེབ་དང་རླན་ཚད་ཡོད་སར་སྐྱེ་བ། རྩ་བ་སྤོ་བཙུགས་བྱས་ན་ལྡུམ་རར་ཡང་སྐྱེ་བ་སྟེ། སྐྱེ་ཚུལ་ས་འོག་གི་སྡོང་རྐང་སྐྱ་བོ་སྐོག་པའི་དབྱིབས་འདྲ་བ་ལས། ཁ་སྤུ་འདྲ་བའི་རྩ་ཕྲན་མང་དུ་གྱེས་ཤིང་། དེ་ལས་གཅིག་གིས་གཅིག་ལ་འབྲེལ་བའི་རྩ་བ་སེར་སྐྱ་ར་མཉེའམ་སྒ་སྐྱ་འདྲ་བ་ལས་ཁ་སྤུ་མང་དུ་གྱེས་པ། ལོ་མ་ལྗང་འཇམ་ཕྲ་རིང་རལ་གྲིའི་དབྱིབས་ཅན། མཐའ་སྙོམས་རྩ་རིས་གཞུང་དུ་གཤིབ་པ་རུག་པ་དང་དབང་ལག་སོགས་ཀྱི་ལོ་མ་འདྲ་བའི་སྨད་ཆས་ངར་པ་གཏུམ་སྟེ་ཕྱོགས་གཉིས་ནས་རེས་མོས་སྐྱེ་པ། སྨན་དུ་སྦྱར་བྱ་ནི་རྩ་བ་སྟེ། ཟླ་བ་9~10པར་བརྐོས་ནས་ཁ་སྤུ་དང་རྒྱུས་ཕྲན་དོར་ཏེ་ས་དྲེག་སོགས་གཙང་མར་བཀྲུས་ལ་ཉི་སྐམ་བྱ་བ་ཡིན། རོ་ཁ་ཚ། ཞུ་རྗེས་སྙོམས། ནུས་པས་སྲིན་ནད་སེལ་ཞིང་ཡི་ག་འབྱེད།
- language:
- Tibetan
7. smon lam tshig mdzod chen mo
སྔོ་སྨན་གྱི་རིགས་ཤིག་རོ་མངར་ལ་ཚ། ཞུ་རྗེས་སྙོམ། ནུས་པས་སྲིན་ནད་སེལ། ཡི་ག་འབྱེད།
- language:
- Tibetan