Skip to main content Skip to search
paN chen er te ni/
ID:
T114718
  • པཎ་ཆེན་ཨེར་ཏེ་ནི (Tibetan, Tibetan script, Original)
    • > paN chen er te ni/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > penchen erteni (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Panchen-erdini (Panchen Lama)

language:
English

2. bod rgya tshig mdzod chen mo

[1613] ༼སོག༽ བོད་ཀྱི་དགེ་ལུགས་སྤྲུལ་སྐུ་ཞིག་གི་མཚན་ཏེ། པཎ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ཞིང། པཎྜི་ཏའི་བསྡུས་མིང་ཡིན། བོད་སྐད་དུ་མཁས་པའི་དོན་དུ་འཇུག་ཨེར་ཏེ་ནི་ཞེས་པ་ནི་སོག་སྐད་ཡིན་ཞིང། བོད་སྐད་དུ་རིན་པོ་ཆེའི་དོན་དུ་འཇུག་དེ་ནི་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་ལོར་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་མཉྫུ་གོང་མས་ཆེ་བསྟོད་ཀྱི་མཚན་གསོལ་བ་ཞིག་ཡིན་པས། དེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་པཎ་ཆེན་ཨེར་ཏེ་ནི་ཞེས་འབོད། པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་ནས་ད་བར་སྐུ་ཕྲེང་བཅུ་བྱོན། དེ་དག་གི་གདན་ས་ནི་གཙང་བཀྲ་ཤིས་ལྷུན་པོ་ཡིན། ...

language:
English

3. Thupten Phuntsok Dictionary

〔སོག〕 བོད་ཀྱི་དགེ་ལུགས་སྤྲུལ་སྐུ་ཆེན་མོ་ཞིག་གི་མཚན་ཏེ། པཎ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ཞིང་། པཎྜི་ཏའི་བསྡུས་མིང་ཡིན། བོད་སྐད་དུ་མཁས་པའི་དོན་དུ་འཇུག ཨེར་ཏེ་ནི་ཞེས་པ་ནི་སོག་སྐད་ཡིན་ཞིང་། བོད་སྐད་དུ་རིན་པོ་ཆེའི་དོན་དུ་འཇུག དེ་ནི་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲུལ་ལོར་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་མཉྫུ་གོང་མས་ཆེ་བསྟོད་ཀྱི་མཚན་གསོལ་བ་ཞིག་ཡིན་པས། དེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་པཎ་ཆེན་ཨེར་ཏེ་ནི་ཞེས་འབོད། པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་ནས་ད་བར་སྐུ་ཕྲེང་བཅུ་བྱོན། དེ་དག་གི་གདན་ས་ནི་གཙང་བཀྲ་ཤིས་ལྷུན་པོ་ཡིན།

language:
Tibetan

4. smon lam tshig mdzod chen mo

(སོག་སྐད།) བོད་ཀྱི་དགེ་ལུགས་སྤྲུལ་སྐུ་ཞིག་གི་མཚན་ཏེ། པཎ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ཞིང༌། པཎྜི་ཏའི་བསྡུས་མིང་ཡིན། བོད་སྐད་དུ་མཁས་པའི་དོན་དུ་འཇུག ཨེར་ཏེ་ནི་ཞེས་པ་ནི་སོག་སྐད་ཡིན་ཞིང༌། བོད་སྐད་དུ་རིན་པོ་ཆེའི་དོན་དུ་འཇུག་དེ་ནི་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་ལོར་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་མཉྫུ་གོང་མས་ཆེ་བསྟོད་ཀྱི་མཚན་གསོལ་བ་ཞིག་ཡིན་པས། དེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་པཎ་ཆེན་ཨེར་ཏེ་ནི་ཞེས་འབོད། པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་ནས་ད་བར་སྐུ་ཕྲེང་བཅུ་བྱོན། དེ་དག་གི་གདན་ས་ནི་གཙང་བཀྲ་ཤིས་ལྷུན་པོ་ཡིན།

language:
Tibetan