Skip to main content Skip to search
paN+Di ta d+harma pA la/
ID:
T114759
  • པཎྜི་ཏ་དྷརྨ་པཱ་ལ (Tibetan, Tibetan script, Original)
    • > paN+Di ta d+harma pA la/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pendita dharmapala (Tibetan, Latin script, Transcription-THL Simplified Tibetan Transcription)

ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ལྟར་ལོ་ཆེན་རིན་བཟང་གིས་དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་ལ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ངྷརྨ་པ་ལ་མངའ་རིས་སུ་གདན་དྲངས། འདུལ་བའི་བཤད་པ་དང་ལག་ལེན་རྒྱ་ཆེར་སྤེལ་ནས་སྟོད་ཁུལ་དུ་འདུལ་བ་བརྒྱུད་སྤེལ་མཛད། འདི་ཉིད་ལས་རབ་ཏུ་བྱུང་བ་མང་པོ་བསྙེན་པར་རྫོགས་ཤིང་། ཁྱད་པར་དུ་མཁན་བུ་ས་ངྷུ་པཱ་ལ་དང་། གུ་ཎ་པཱ་ལ། པྲཛྙཱ་པཱ་ལ་བཅས་ལ་པཱ་ལ་རྣམ་གསུམ་དུ་གྲགས།

language:
Tibetan
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[1614] ༼ལེགས༽ རྒྱ་གར་ཤར་པ་བ་ཡིན་པ་དེ་དུས་རབས་བཅུ་གཅིག་པ་ཤར་བ་ཙམ་ལ་མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གདན་དྲངས་ཏེ་མངའ་རིས་སུ་བྱོན། བོད་དུ་འདུལ་བའི་སྡོམ་རྒྱུན་སྤེལ། ཞི་གནས་སྒོམ་ཐབས་ཁྲིད་པ་སོགས། བསྟན་པ་ཕྱི་དར་སྐབས་མངའ་རིས་སུ་སྡོམ་པ་ལེན་པའི་དབུ་བརྙེས་ཏེ་སྟོད་ཁུལ་དུ་འདུལ་བ་བརྒྱུད་སྤེལ་བྱས། ...

language:
English

2. Thupten Phuntsok Dictionary

〔ལེགས〕རྒྱ་གར་ཤར་པ་བ་ཡིན་དུས་རབས་བཅུ་གཅིག་པ་ཙམ་ལ་མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གདན་དྲངས་ཏེ་མངའ་རིས་སུ་བྱོན། བོད་དུ་འདུལ་བའི་སྡོམ་རྒྱུན་སྤེལ། ཞི་གནས་སྒོམ་ཐབས་ཁྲིད་པ་སོགས། བསྟན་པ་ཕྱི་དར་སྐབས་མངའ་རིས་སུ་སྡོམ་པ་ལེན་པའི་དབུ་བརྙེས་ཏེ་སྟོད་ཁུལ་དུ་འདུལ་བ་བརྒྱུད་སྤེལ་བྱས།

language:
Tibetan

3. smon lam tshig mdzod chen mo

(ལེགས་སྦྱར།) རྒྱ་གར་ཤར་པ་བ་ཡིན་པ་དེ་དུས་རབས་བཅུ་གཅིག་པ་ཤར་བ་ཙམ་ལ་མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གདན་དྲངས་ཏེ་མངའ་རིས་སུ་བྱོན། བོད་དུ་འདུལ་བའི་སྡོམ་རྒྱུན་སྤེལ། ཞི་གནས་སྒོམ་ཐབས་ཁྲིད་པ་སོགས། བསྟན་པ་ཕྱི་དར་སྐབས་མངའ་རིས་སུ་སྡོམ་པ་ལེན་པའི་དབུ་བརྙེས་ཏེ་སྟོད་ཁུལ་དུ་འདུལ་བ་བརྒྱུད་སྤེལ་བྱས།

language:
Tibetan