- pu de gung rgyal/
- ID:
- T115027
- པུ་དེ་གུང་རྒྱལ (Tibetan, Tibetan script, Original)
- > pu de gung rgyal/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > pudé gungyel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
9th king of Tibet pu de kun rgyal [zur chag stod kyi steng gnyis kyi ya gyal zhig khong gis sku mkhar phying dbar stag rtse brtsigs, rgyal po 'di'i sku dus su 'phrul blon mdzangs mi bdun gyi dang po ru las skyes kyis chu yur bur drangs, spang zhing du rmos, rdo bzhus nas dngul zangs lcags gsum bton, chu la zam pa 'dzugs pa sogs byas, mtsan gzhan bya khri btsan po yang zer
- language:
- English
-
9th king of Tibet pu de kun rgyal
- language:
- English
2. bod rgya tshig mdzod chen mo
[1617] སྔར་བོད་རྒྱལ་དགུ་པ་པུ་དེ་ཀུན་རྒྱལ་ཞེས་པའི་ཟུར་ཆག་སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ་ཞིག་ཁོང་གིས་སྐུ་མཁར་ཕྱིང་དབར་སྟག་རྩེ་བརྩིགས། རྒྱལ་པོ་འདིའི་སྐུ་དུས་སུ་འཕྲུལ་བློན་མཛངས་མི་བདུན་གྱི་དང་པོ་རུ་ལས་སྐྱེས་ཀྱིས་ཆུ་ཡུར་བུར་དྲངས། སྤང་ཞིང་དུ་རྨོས། རྡོ་བཞུས་ནས་དངུལ་ཟངས་ལྕགས་གསུམ་བཏོན། ཆུ་ལ་ཟམ་པ་འཛུགས་པ་སོགས་བྱས། མཚན་གཞན་བྱ་ཁྲི་བཙན་པོ་ཡང་ཟེར། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
(སྤུ་དེ་གུང་རྒྱལ་ཞེས་པའང་སྣང་)བོད་རྒྱལ་དགུ་པ། བར་རམ་སྟོད་ཀྱི་སྟེངས་གཉིས་ཀྱི་ཡ་གྱལ། འདི་སྟོད་ཀྱི་སྟེངས་གཅིག་ཡིན་པར་བཞེད་མཁན་ཡང་ཡོད། ཡབ་གྲི་གུམ་བཙན་པོ་དང་ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ལ་སྲས་གསུམ་བལྟམས་པ་ལས་འབྲིང་པོ་བྱ་ཁྲི་ཞུ་བ་དེ་ཡིན་ཞེས་ལོ་རྒྱུས་ཆོས་འབྱུང་མང་ཆེ་བར་གསལ་ནའང་། ལོ་རྒྱུས་ཀྱི་ཡིག་རྙིང་ཁག་གཅིག་ནང་སྲས་གཉིས་བྱུང་བ་ལས་ཆུང་བ་ཤ་ཁྱིའམ་ཤ་ཁྲི་ཞུ་བ་དེ་ཡིན་ཞིང་། ཤ་ཁྱིས་དམག་སུམ་སྟོང་སུམ་བརྒྱ་ཁྲིད་དེ་སྐུའི་ཤ་ལན་ལེན་དུ་གཤེགས་ཞེས་འཁོད། ཡབ་བློན་པོ་ལོ་ངམ་གྱིས་བཀྲོངས་རྗེས་སྲས་གསུམ་ཀོང་ཡུལ་དུ་བྲོས་ཕེབས་པའམ་སྤྱུགས་ཤིང་། མཐར་རུ་ལས་སྐྱེས་ཀྱིས་འབྲིང་པོ་བྱ་ཁྲི་སྤོ་བོའི་ཡུལ་ནས་སྤྱན་དྲངས་ཏེ་རྒྱལ་སར་བཏོན། ཡུམ་གྱིས་སྲས་ལ་འཇུས་ནས་ལྷ་ལ་དམོད་འབོར་བས་ནམ་མཁའ་ལས་ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་ཞེས་སྒྲ་བྱུང་བས་དེ་ལྟར་མཚན་དུ་ཆགས། འོན་ཀྱང་རྗེས་སུ་འབངས་ཀྱིས་སྒྲ་ཉམས་ནས་པུ་དེ་གུང་རྒྱལ་དུ་གྲགས། བཙན་པོ་འདིའི་སྐུ་རིང་ལ་ཞང་ཞུང་ནས་གཤིན་པོ་དུ་མ་སྤྱན་དྲངས་ཤིང་། བོན་གྱི་དཔེ་མང་དུ་བསྒྱུར་ནས་སླར་ཡང་བོན་གྱི་བསྟན་པ་རྒྱས་པར་མཛད་པ་དང་། མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དར། མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྱོད། བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་སའི་གདུང་རྣམས་ལ་བྲིས་ནས་ཡོད་སྐད། སྐུ་མཁར་ཕྱིང་བ་སྟག་རྩེ་བཞེངས། འོམ་ཐང་སྨན་མཚོའམ་བོམ་ཐང་རྨང་གཉའ་ཁབ་ཏུ་བཞེས། དེའི་དུས་སུ་འཕྲུལ་བློན་མཛངས་མི་བདུན་གྱི་དང་པོ་རུ་ལས་སྐྱེས་ཀྱིས་གསེར་དངུལ་ཟངས་ལྕགས་བཏོན་པ་དང་། རྨོན་པ་དོར་བརྡེབས་ཀྱིས་ས་ཞིང་རྨོ་བ། ཆུ་ལ་ཟམ་པ་བཙུགས་པ་སོགས་མཛད། དེ་སྐབས་ལྷོ་རྒྱུད་ཡར་ལུང་ཁུལ་དུ་རྒན་མོ་བལ་མ་ཞེས་པས་ཟླ་བའི་དཀར་ཆའི་འཕེལ་གྲིབ་ལ་བརྟེན་ནས་ཟླ་ཚེས་བརྩིས་པ་ལ་རྒན་མོ་བ་བལ་མའི་ཟླ་རྩིས་སུ་གྲགས་པའང་བྱུང་། སྟོད་ཀྱི་སྟེངས་གཉིས་ཀྱི་བང་སོ་རྫ་དང་གཡའ་ལ་བཏབ་ཅེས་འཁོད་ཡོད་དོ།
- language:
- Tibetan
4. Thupten Phuntsok Dictionary
སྔར་བོད་རྒྱལ་དགུ་པ་པུ་དེ་ཀུན་རྒྱལ་ཞེས་པའི་ཟུར་ཆག་སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ་ཞིག ཁོང་གིས་སྐུ་མཁར་ཕྱིང་བ་སྟག་རྩེ་བརྩིགས། རྒྱལ་པོ་འདིའི་སྐུ་དུས་སུ་འཕྲུལ་བློན་མཛངས་མི་བདུན་གྱི་དང་པོ་རུ་ལས་སྐྱེས་ཀྱིས་ཆུ་ཡུར་བུར་དྲངས། སྤང་ཞིང་དུ་རྨོས། རྡོ་བཞུས་ནས་དངུལ་ཟངས་ལྕགས་གསུམ་བཏོན། ཆུ་ལ་ཟམ་པ་འཛུགས་པ་སོགས་བྱས། མཚན་གཞན་བྱ་ཁྲི་བཙན་པོ་ཡང་ཟེར།
- language:
- Tibetan
5. smon lam tshig mdzod chen mo
སྔར་བོད་རྒྱལ་དགུ་པ་པུ་དེ་ཀུན་རྒྱལ་ཞེས་པའི་ཟུར་ཆག་སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ་ཞིག་ཁོང་གིས་སྐུ་མཁར་ཕྱིང་དབར་སྟག་རྩེ་བརྩིགས། རྒྱལ་པོ་འདིའི་སྐུ་དུས་སུ་འཕྲུལ་བློན་མཛངས་མི་བདུན་གྱི་དང་པོ་རུ་ལས་སྐྱེས་ཀྱིས་ཆུ་ཡུར་བུར་དྲངས། སྤང་ཞིང་དུ་རྨོས། རྡོ་བཞུས་ནས་དངུལ་ཟངས་ལྕགས་གསུམ་བཏོན། ཆུ་ལ་ཟམ་པ་འཛུགས་པ་སོགས་བྱས། མཚན་གཞན་བྱ་ཁྲི་བཙན་པོ་ཡང་ཟེར།
- language:
- Tibetan