Skip to main content Skip to search
po to ba/
ID:
T115273
  • པོ་ཏོ་བ (Tibetan, Tibetan script, Original)
    • > po to ba/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > potowa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

1031-1105 - Potowa, a Kadampa master

language:
English

2. Ives Waldo Dictionary

པོ་ཏོ་བ་

language:
Tibetan

3. bod rgya tshig mdzod chen mo

[1619] རབ་བྱུང་དང་པོའི་ལྕགས་ལུག་ལོར་འཁྲུངས། མཚན་རིན་ཆེན་གསལ། འབྲོམ་སྟོན་གྱི་དངོས་སློབ་སྤྲུལ་པའི་སྐུ་མཆེད་གསུམ་དུ་གྲགས་པའི་ཡ་གྱལ། བླ་མ་འདས་རྗེས་ཡུན་རིང་ལ་གཙོ་བོར་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་ལྔ་བཅུ་ང་གཅིག་ནས་བཟུང་སྟེ་བཀའ་གདམས་གཞུང་དྲུག་གི་འཆད་ཉན་མཛད་དེ་གཞུང་པའི་སྲོལ་བཏོད། པོ་ཏོ་དགོན་པའང་བཏབ་པས་དགེ་བཤེས་པོ་ཏོ་བ་ཞེས་གྲགས། རབ་བྱུང་གཉིས་པའི་ཤིང་བྱ་ལོར་འདས། སློབ་མ་དག་གིས་དེའི་གསུང་སྒྲོས་བསྒྲིགས་ཏེ་འགྲེལ་བ་སྦྱར་བ་ལ་བེའུ་བུམ་སྔོན་པོ་ཞེས་ཟེར། ... ༼1031-1105༽ 

language:
English

4. dung dkar bod rig pa'i tshig mdzod chen mo

འབྲོམ་གྱི་དངོས་སློབ་བཀའ་གདམས་སྐུ་མཆེད་གསུམ་དུ་གྲགས་པའི་ཡ་གྱལ་དགེ་བའི་བཤེས་གཉེན་པོ་ཏོ་བ་ནི་འཕན་ཡུལ་སྤྲས་ཀྱི་བྲའོ་ཐང་(གསུམ་འཕྲེང་ཤང)དུ་ཡབ་སྐུ་གཤེན་སྲིད་ལ་ཕྱུག་སྟེ་སྲིད་ཅེས་གྲགས་པ་དང་ཡུམ་མོ་ལོ་ཞེས་གྲགས་པ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་མེ་མོ་ཡོས(་༡༠༢༧)ལོར་སྐུ་འཁྲུངས། གདུང་གཉོས། བྱིས་པའི་དུས་ནས་གཞན་སྡུག་བསྔལ་བ་གཟིགས་ན་འདིའི་སྡུག་བསྔལ་འདི་ཐབས་གང་གིས་སེལ་བར་ནུས་སྙམ་པ་དང་། གཞན་བདེ་བ་གཟིགས་ན་ཐུགས་དགའ་ཞིང་འདིའི་བདེ་བ་འདི་ནམ་ཡང་མི་ཉམས་པར་གོང་དུ་སོང་ན་སྙམ་པ་ཞིག་ཡོད། ཡབ་ཀྱི་བླ་མཆོད་སྦ་སྒོམ་ཞེས་པས་བསྐུལ་ནས་ཡེར་པ་བ་རྔོག་བྱང་ཆུབ་འབྱུང་གནས་ལས་རབ་ཏུ་བྱུང་། མཚན་རིན་ཆེན་གསལ་ཞེས་བཏགས། ཁུ་སྟོན་སོགས་མཁས་པ་མང་པོ་བསྟེན་ནས་སྡེ་སྣོད་གསུམ་ལ་སྦྱངས་པ་ཕུལ་ཕྱིན་མཛད། ཡེར་པར་ཇོ་བོ་རྗེ་ལ་སྒོམ་རིམ་བར་པ་གཅིག་གསན། ཐོས་བསམ་དང་བསམ་གཏན་ལ་བརྩོན་པར་མཛད། སྒོམ་པར་བཞེད་ནས་སྦ་སྒོམ་ལ་གྲོས་ཞུསཔར་སྦ་སྒོམ་གྱིས་བྱང་རྭ་སྒྲེང་ན་འབྲོམ་སྟོན་བྱ་བ་བཞུགས་པས་དེ་ལ་མན་ངག་ཞུས་ན་ལེགས་གསུངས་པ་ལྟར་རྭ་སྒྲེང་དུ་དགེ་བཤེས་སྟོན་པའི་སྤྱན་སྔར་བྱོན་ནས་གདམས་ངག་ཞུས། ལོ་བདུན་གྱི་རིང་དུ་འབྲལ་མེད་བཞུགས་ནས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཞུས་པར་འབྲོམ་སྟོན་པས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས། འབྲོམ་སྟོན་པ་འདས་ཁར་པོ་ཏོ་བར་བཤེས་གཉེན་མདོ་སྡེ་ལ་གྱིས་ལ་སེམས་བཟང་པོ་གྱིས་གསུངས། དགོན་པ་བ་འདས་རྗེས་རྭ་སྒྲེང་བསྐྱངས་པར་དགོངས་ཀྱང་རྨི་ལྟས་ཀྱི་རྐྱེན་བྱས་ཆས་དངོས་གང་ཡོད་དོར་ཏེ་གཅིག་པུར་གཤེགས། པོ་ཏོ་བ་དང་། སྤྱན་སྔ་བ། ཕུ་ཆུང་བ་གསུམ་ཀླུང་ཤོད་ན་འགོར་སོགས་སུ་བྱོན་ཏེ་སྒོམས། སྒྲོ་ལག་དགོན་པ་སོགས་སུ་ཆོས་མང་དུ་གསུངས། དགོང་ལོ་དྲུག་ཅུ་རེ་གཅིག་པ་ལ་སྤྲས་ཀྱི་པོ་ཏོ་དགོན་ན་བཞུགས་དུས་འཕན་ཡུལ་སྟོད་དུ་སྡེ་རྩོད་ཆེན་པོ་བྱུང་བར་བྲོས་པ་མང་པོ་སྤྲས་སུ་བསྡད་བཅུག་ནས་སྡུད་མོ་བཏབ། དགེ་བཤེས་པོ་ཏོ་བ་དང་དེའི་འཁོར་རྣམས་ཀྱང་ཟང་ཟིང་གི་དངོས་པོར་མི་ཆགས་པ་ཤ་སྟག་ཡིན་པ་དང་། པོ་ཏོ་བ་ནི་སྡེ་སྣོད་ལ་མཁྱེན་པ་རྒྱས་ཤིང་། དེ་ཐམས་ཅད་གདམས་ངག་ཏུ་ཤར་བ་ཞིག་ཡིན། སྐུ་ཚེའི་སྨད་ལ་པོ་ཏོ་དགོན་པ་ཕྱག་བཏབ་པས་དགེ་བཤེས་པོ་ཏོ་བ་ཞེས་གྲགས། བཀའ་གདམས་ཞེས་པའི་སྒྲ་དེ་ཡང་དེ་དུས་སུ་གྲགས་པ་ཡིན། དགུང་གྲངས་དོན་དགུ་པ་རབ་བྱུང་གཉིས་པའི་ཤིང་བྱ་(༡༡༠༥)ལོར་སྐུ་གཤེགས། བུ་ཆེན་བརྒྱད་སོགས་བྱུང་། ཁོང་གི་བཀའ་གདམས་པའི་དགེ་བཤེས་སློབ་མ་ལ་ཆོས་འཆད་པ་ལ་མཁས་པའི་མཆོག་ཏུ་གྱུར་པ་ཡིན་ཞིང་། ཁོང་ལ་སློབ་མ་མང་དུ་ཡོད་པ་ལས། གཙང་ན་རམ་སྣང་གཉིས། གཙང་སྟོད་ན་ཕྱ་ཕག་གཉིས། གཉལ་གྱི་གླང་གཉོས་གཉིས། དོལ་ན་འབེ་རོག་གཉིས་ཏེ་ཆེན་པོ་བརྒྱད་དང་། གླང་ཐང་པ་དང་ཤ་ར་བ་ལ་དབུས་ཀྱི་ཀ་ཆེན་ཟེར་ཞིང་། ཁོང་རྣམས་ནི་གཙོ་བོའི་སློབ་མ་རྣམས་སོ། སློབ་མ་དག་གིས་བླ་མ་འདི་ཉིད་ཀྱི་གསུང་སྒྲོས་བསྒྲིགས་ཏེ་འགྲེལ་པ་སྦྱར་བ་ལ་བེའུ་བུམ་སྔོན་པོ་ཞེས་ཟེར། ལོ་རྒྱུས་ཞིབ་པ་ས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་《བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག》གི་ཤོག་གྲངས་༢༡༦ནས་༢༢༢བར་གསལ་བས་དེར་གཟིགས་པར་ཞུ།

language:
Tibetan

5. Thupten Phuntsok Dictionary

རབ་བྱུང་དང་པོའི་ལྕགས་ལུག་ལོར་འཁྲུངས། མཚན་རིན་ཆེན་གསལ། འབྲོམ་སྟོན་གྱི་དངོས་སློབ་སྤྲུལ་སྐུ་མཆེད་གསུམ་དུ་གྲགས་པའི་ཡ་གྱལ། བླ་མ་འདས་རྗེས་ཡུན་རིང་ལ་གཙོ་བོར་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་ལྔ་བཅུ་ང་གཅིག་ནང་བཟུང་སྟེ་བཀའ་གདམས་གཞུང་དྲུག་གི་འཆད་ཉན་མཛད་དེ་གཞུང་པའི་སྲོལ་བཏོད། པོ་ཏོ་དགོན་པའང་བཏབ་པས་དགེ་བཤེས་པོ་ཏོ་བ་ཞེས་གྲགས། རབ་བྱུང་གཉིས་པའི་ཤིང་བྱ་ལོར་འདས། སློབ་མ་དག་གིས་དེའི་གསུང་སྒྲོས་བསྒྲིགས་ཏེ་འགྲེལ་བ་སྦྱར་བ་ལ་བེའུ་བུམ་སྔོན་པོ་ཞེས་ཟེར།

language:
Tibetan

6. smon lam tshig mdzod chen mo

རབ་བྱུང་དང་པོའི་ལྕགས་ལུག་ལོར་འཁྲུངས། མཚན་རིན་ཆེན་གསལ། འབྲོམ་སྟོན་གྱི་དངོས་སློབ་སྤྲུལ་པའི་སྐུ་མཆེད་གསུམ་དུ་གྲགས་པའི་ཡ་གྱལ། བླ་མ་འདས་རྗེས་ཡུན་རིང་ལ་གཙོ་བོར་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་ལྔ་བཅུ་ང་གཅིག་ནས་བཟུང་སྟེ་བཀའ་གདམས་གཞུང་དྲུག་གི་འཆད་ཉན་མཛད་དེ་གཞུང་པའི་སྲོལ་བཏོད། པོ་ཏོ་དགོན་པའང་བཏབ་པས་དགེ་བཤེས་པོ་ཏོ་བ་ཞེས་གྲགས། རབ་བྱུང་གཉིས་པའི་ཤིང་བྱ་ལོར་འདས། སློབ་མ་དག་གིས་དེའི་གསུང་སྒྲོས་བསྒྲིགས་ཏེ་འགྲེལ་བ་སྦྱར་བ་ལ་བེའུ་བུམ་སྔོན་པོ་ཞེས་ཟེར།

language:
Tibetan