Skip to main content Skip to search
dpal ri dgon/
ID:
T116134
  • དཔལ་རི་དགོན (Tibetan, Tibetan script, Original)
    • > dpal ri dgon/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pelrigön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Palri Monastery, in Lokha

language:
English

2. Thupten Phuntsok Dictionary

(1)རབ་བྱུང་བཅུ་པའི་ནང་དུ་ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱིས་བཏབ། དེའི་གོང་དུ་ས་སྐྱའི་དགོན་པ་ཞིག་ཡོད་པ་དེ་རྙིང་མར་བསྒྱུར་བར་བཤད། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉང་རོང་ཁོངས་སུ་ཡོད། (2)ད་ལྟ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་ཁོངས་སུ་ཡོད་པའི་དཔལ་རོ་དགོན་ནི། འདེབས་མཁན་དང་འདེབས་ལོ་མི་གསལ། གྲུབ་མཐའ་དགེ་ལུགས་པ་ཡིན། (3)ད་ལྟ་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་ཁོངས་སུ་ཡོད་པའི་དཔལ་རི་དགོན་ནི། མིང་གཞན་དཔལ་རི་ཐེག་ཆེན་གླིང་ཟེར། འཕྲེང་འགོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱིས་བཏབ། བཏབ་དུས་མ་གསལ། གྲུབ་མཐའ་རྙིང་མ་པ་ཡིན། (4) ད་ལྟ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་ཁོངས་སུ་ཡོད་པའི་དཔལ་རི་དགོན་ནི། འདེབས་མཁན་དང་འདེབས་ལོ་མི་གསལ། གྲུབ་མཐའ་རྙིང་མ་པ་ཡིན།

language:
Tibetan