- spang ltung sum cu/
- ID:
- T117276
- སྤང་ལྟུང་སུམ་ཅུ (Tibetan, Tibetan script, Original)
- > spang ltung sum cu/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > pangtung sumchu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[1651] དགེ་སློང་གི་སྤང་བྱ་ལྟུང་བྱེད་ཀྱི་སྡེའི་ནང་གསེས། གང་ལ་ལྟུང་བ་བྱུང་བའི་དངོས་པོ་དེ་སྤང་བའི་སྒོ་ནས་ཕྱིར་བཅོས་དགོས་ཤིང། མ་བཅོས་ན་རྣམ་སྨིན་ངན་སོང་དུ་ལྟུང་བར་བྱེད་པ་དང། གྲངས་ནི་བཅུ་ཚན་གསུམ་ཡོད་དོ། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
བཅུཚན་དང་པོ་ནི། འཆང་འབྲལ་འཇོག་དང་འཁྲུརའཇུག་ལེན་དང་སློང། ཚད་དང་རིན་ཐང་སོར་སྤགས་བསྐུལ་ལྷག་སྟེ། གོས་ལྷག་འཆང་བའི་སྤང་བ། འབྲལ་བའི་སྤང་བ། ཟླ་འཇོག་གི་སྤང་བ། ཆོས་གོས་འཁྲུར་འཇུག་གི་སྤང་བ། གོས་ལེན་པའི་སྤང་བ། སློང་བའི་སྤང་བ། སློང་བའི་རིགས་པ་སློང་བའི་སྤང་བ། ལྷག་པ་སློང་བའི་སྤང་བ། སོ་སོ་ནས་སྤགས་པ་སློང་བའི་སྤང་བ། བསྐུལ་བའི་སྤང་བའོ། བཅུ་ཚན་གཉིས་པ་ནི། སྲིན་བལ་བལ་ནག་ཆ་གཉིས་ལོ་དྲུག་དང། །མཐོ་གང་མི་ལྷན་ཁུར་རྨེལ་གསེར་དངུལ་རེག། བུན་སྐྱེད་ཉོ་ཚོང་སྟེ། སྲིན་བལ་གྱི་སྟན་གྱི་སྤང་བ། བལ་ནག་གི་སྟན་གྱི་སྤང་བ། མཐོ་གང་གི་སྤང་བ། ལམ་དུ་བལ་ཐོགས་པའི་སྤབ་བ། བལ་འཁུར་དུ་འཇུག་པའི་སྤང་བ། རིན་པོ་ཆེ་ལ་རེག་པའི་སྤང་བ། མངོན་ཚན་ཅན་གྱི་སྤང་བ། ཉོ་ཚོང་བྱེད་པའི་སྤང་བའོ། །བཅུ་ཚན་གསུམ་པ་ནི། ལྷུང་བཟེད་ཐགས་ཉིས། བྱིན་འཕྲོག་གཏད་བྱུང་འབྲལ་སྤང་རས་ཆེན། བསྔོས་བསྒྱུར་གསོག་འཇོག་སྤང་འབྲལ་ལྷུང་བའི་སྡེ་སྟེ། ལྷུང་བཟེད་འཆང་བའི་སྤང་བ། ལྷུང་བཟེད་ལྷག་པོ་འཚོལ་བའི་སྤང་བ། ཐགས་འཐག་ཏུ་འཇུག་པའིསྤང་བ། འཐག་པ་བསྐྱེད་པའི་སྤང་་བ། བྱིན་འཕྲོག་གི་སྤང་བ། གཏད་པ་ལས་བྱུང་བའི་སྤང་བ། རས་ཆེན་གྱི་སྤང་བ། བསྔོས་པ་གཞན་དུ་བསྒྱུར་བའི་སྤང་བ། གསོག་འཇོག་གི་སྤང་བ་བཅས་སོ། །དེ་ལ་འདྲེན་ཚུལ་ཅུང་མི་འདྲ་བ་གཞན་ཞིག་འདུག་པ་དཔྱད་གཞིར་བཀོད་ན། བཅུ་ཚ་དང་པོ་ལ། ༡འཆང་བ། ༢འབྲལ་བ། ༣འཇོག་པ། ༤འཁྲུར་འདུག་པ། ༥ལེན་པ་ ༦སློང་བ། ༧སྨད་གཡོག་དང་སྟོད་གཡོགས་སུ་བཅས་པ། ༨རིན་ཐང། ༩སོ་སོ་བ། ༡༠བསྐུར་བ། བཅུ་ཚན་གཉིས་པ་ལ། ༡༡མོན་དར། ༡༢བལ་ནག་པོ་འབའ་ཞིག། ༡༣ཆ་གཉིས་བསྲེ་བ། ༡༤ལོ་གཅིག་དུ་འཆང་བ། ༡༥མཐོ་གང། ༡༦ལམ་ན་བལ་ཐོགས་པ། ༡༧བལ་སྨེལ་དུ་འཇུག་པའི་སྤང་བ། ༡༨གསེར་དངུལ་ལ་རེག་པ། ༡༩མངོན་ཚན་ཅན་གྱི་སྤྱོད་པ། ༢༠ཉོ་འཚོང་བྱེད་པ། བཅུ་ཚན་གསུམ་པ་ལ། ༢༡ལྷུང་བཟེད་འཆང་བ། ༢༢ལྷུང་བཟེད་འཚོལ། ༢༣བལ་འཐག་ཏུ་འཇུག་པ། ༢༤ཐགས་པ་བསྐྱེད་པ། ༢༥བྱིན་འཕྲོག། ༢༦སྟོན་ཟླ་ཐ་ཆུང་ལ་ཐལ་བ། ༢༧ཞག་བདུན་ལ་བྲལ་བ། ༢༨དབྱར་གྱི་རས་ཆེན་དུས་མ་ཡིན་པར་འཚོལ་བ་དང་འཆང་བ། ༢༩བསྔོས་པ་ལས་བསྒྱུར་བ། ༣༠གསོག་འཇོག་བཅས་སོ། །
- language:
- Tibetan
4. Thupten Phuntsok Dictionary
དགེ་སློང་གི་སྤང་བྱ་ལྟུང་བྱེད་ཀྱི་སྡེའི་ནང་གསེས། གང་ལ་ལྟུང་བ་བྱུང་བའི་དངོས་པོ་དེ་སྤང་བའི་སྒོ་ནས་ཕྱིར་བཅོས་དགོས་ཤིང་། མ་བཅོས་ན་རྣམ་སྨིན་ངན་སོང་དུ་ལྟུང་བར་བྱེད་པ་དང་། གྲངས་ནི་བཅུ་ཚན་གསུམ་ཡོད་དོ། །
- language:
- Tibetan
5. smon lam tshig mdzod chen mo
དགེ་སློང་གི་སྤང་བྱ་ལྟུང་བྱེད་ཀྱི་སྡེའི་ནང་གསེས། གང་ལ་ལྟུང་བ་བྱུང་བའི་དངོས་པོ་དེ་སྤང་བའི་སྒོ་ནས་ཕྱིར་བཅོས་དགོས་ཤིང༌། མ་བཅོས་ན་རྣམ་སྨིན་ངན་སོང་དུ་ལྟུང་བར་བྱེད་པ་དང༌། གྲངས་ནི་བཅུ་ཚན་གསུམ་ཡོད་དོ།
- language:
- Tibetan