Skip to main content Skip to search
spyi khyab mkhan po/
ID:
T118600
  • སྤྱི་ཁྱབ་མཁན་པོ (Tibetan, Tibetan script, Original)
    • > spyi khyab mkhan po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chikhyap khenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

official abbot

language:
English

2. Ives Waldo Dictionary

official abbot, Tibetan govt from among the rtse drung dpon thob che ba, Dalai Lama's mdzod pa [treasurer?/ appointee]

language:
English

3. Jim Valby Dictionary

a high-ranking monk official in the traditional Tibetan government

language:
English

4. bod rgya tshig mdzod chen mo

[1675] སྔར་བོད་ས་གནས་སྲིད་གཞུང་སྐབས་རྩེ་དྲུང་གི་ནང་ནས་དཔོན་ཐོབ་ཆེ་བ་ཞིག་སྟེ་ཏཱ་ལའི་བླ་མའི་མཛོད་པ། ...

language:
English

5. dung dkar bod rig pa'i tshig mdzod chen mo

དེ་སྔ་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་ལས་ཚན་ཞིག་སྟེ། དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་དུས་སུ་གསར་དུ་བསྐོ་གཞག་གནང་བ་ནས་བཟུང་བྱུང་བ་ཞིག་ཡིན་ཅིང་། སྤྱི་མཁན་གྱི་ལས་དོན་བྱ་ཡུལ་སྒེར་ཤག་རྩེ་ཕོ་བྲང་ཤར་རྒྱུད་བཅོ་བརྒྱད་སྐས་འཛེགས་ཀྱི་འགོར་སྒོ་ནུབ་ལྟའི་ནང་ཡོད་པ་དང་། ནོར་གླིང་དུའང་སྒེར་ཤག་ཡོད། སྐུ་བཅར་སྤྱི་ཁྱབ་མཁན་པོ་ཞེས་ཏཱ་ལའི་བླ་མའི་མདུན་དུ་གཏན་སྡོད་ཀྱིས་ལས་དོན་ཆེ་ཕྲ་གང་ཅིར་ཏཱ་ལའི་བླ་མར་གཞོགས་འདེགས་ཞུ་བ་དང་སྐུ་སྒེར་གྱི་ཕྱག་རྫས་ཚང་མར་དོན་དམ་བྱེད་མཁན་ཏཱ་ལའི་བླ་མ་སྐུ་སྒེར་གྱི་ཕྱག་མཛོད་ལྟ་བུ་ཞིག་ཡིན་ལ། ཆབ་སྲིད་ཐོག་ཀྱང་རྩེ་ཡིག་ཚང་ལས་ཁུངས་དང་། རྩེ་འགག། རྣམ་གན་དང་། མཛོད་སྦུག་མཛོད་ཆུང་། ཞོལ་ཆིབས་ར་བཅས་ལ་ཕྱོགས་ཡོངས་ནས་འགོ་འདོམས་བྱེད་པའི་ཐོག་ལས་དོན་གལ་ཆེའི་སྐབས་བཀའ་ཤག་དང་མཉམ་ཚོགས་བྱེད་དབང་ཡང་ཡོད། ད་དུང་མཁན་ཁོངས་ཞེས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གཞུང་ཁང་ཁག་དང་། གཞུང་གླིང་གཞིས་ཁག། སྒེར་ཆོས་ཁོངས་ཀྱི་ཁྲལ་མི་མཛོད་སྦུག་ཏུ་སྐྱབས་བཅོལ་ཞུས་རིགས་ཀྱི་མི་རྩ་སོགས་ལ་བདག་གཉེར་བཅས་བྱེད་ཀྱི་ཡོད། སྤྱི་མཁན་གྱི་ལས་དོན་མང་ཆེ་བ་རང་ཉིད་ཀྱི་སྒེར་ཤག་ཏུ་སྒྲུབ་ཀྱི་ཡོད་པས་སྒེར་བཙུགས་ཕྱག་མཛོད་གཅིག་དང་། དྲུང་ཡིག་གཅིག། ལྕར་གཅོད་དོ་དམ་རྩེ་དྲུང་གཅིག་བཅས་ཡོད། སྒེར་གྱི་ཕྱག་མཛོད་ལ་སྲིད་འཛིན་གྱི་གོ་གནས་གང་ཡང་མེད་ཀྱང་དབང་ཆ་མི་ཉུང་བ་ཡོད་པས་རྩེ་ཤོད་དཀྱུས་དང་། ཕྱག་ནང་ཕལ་ཆེ་བས་ཞྭ་འབུད་གཟན་སྐྱུར་སོགས་གུས་ཞབས་གང་ལེགས་བྱེད་དགོས་པ་ཡིན།།

language:
Tibetan

6. Thupten Phuntsok Dictionary

དེ་སྔ་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་ལས་ཚན་ཞིག་སྟེ། དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་དུས་སུ་གསར་དུ་བསྐོ་གཞག་གནང་བ་ནས་བཟུང་བྱུང་བ་ཞིག་ཡིན་ཅིང་། སྤྱི་མཁན་གྱི་ལས་དོན་བྱ་ཡུལ་སྒེར་ཤག་རྩེ་ཕོ་བྲང་ཤར་རྒྱུད་བཅོ་བརྒྱད་སྐས་འཛེགས་ཀྱི་འགོར་སྒོ་ནུབ་ལྟའི་ནང་ཡོད་པ་དང་། ནོར་གླིང་དུའང་སྒེར་ཤག་ཡོད། སྐུ་བཅར་སྤྱི་ཁྱབ་མཁན་པོ་ཞེས་ཏཱ་ལའི་བླ་མའི་སྐུ་མདུན་དུ་གཏན་སྡོད་ཀྱིས་ལས་དོན་ཆེ་ཕྲ་གང་ཅིར་ཏཱ་ལའི་བླ་མར་གཞོགས་འདེགས་ཞུ་བ་དང་སྐུ་སྒེར་གྱི་ཕྱག་རྫས་ཚང་མར་དོ་དམ་བྱེད་མཁན་ཏཱ་ལའི་བླ་མ་སྐུ་སྒེར་གྱི་ཕྱག་མཛོད་ལྟ་བུ་ཞིག་ཡིན་ལ། ཆབ་སྲིད་ཐོག་ཀྱང་རྩེ་ཡིག་ཚང་ལས་ཁུངས་དང་། རྩེ་འགག རྣམ་གན་དང་། མཛོད་སྤུག་མཛོད་ཆུང་། ཞོལ་ཆིབས་ར་བཅས་ལ་ཕྱོགས་ཡོངས་ནས་འགོ་འདོམས་བྱེད་པའི་ཐོག་ལས་དོན་གལ་ཆེའི་སྐབས་བཀའ་ཤག་དང་མཉམ་ཚོགས་བྱེད་དབང་ཡང་ཡོད། ད་དུང་མཁན་ཁོངས་ཞེས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གཞུང་ཁང་ཁག་དང་། གཞུང་གླིང་གཞིས་ཁག སྒེར་ཆོས་ཁོངས་ཀྱི་ཁྲལ་མི་མཛོད་སྦུག་ཏུ་སྐྱབས་བཅོལ་ཞུས་རིགས་ཀྱི་མི་རྩ་སོགས་ལ་བདག་གཉེར་བཅས་བྱེད་ཀྱི་ཡོད། སྤྱི་མཁན་གྱི་ལས་དོན་མང་ཆེ་བ་རང་ཉིད་ཀྱི་སྒེར་ཤག་ཏུ་སྒྲུབ་ཀྱི་ཡོད་པས་སྒེར་བཙུགས་ཕྱག་མཛོད་གཅིག་དང་། དྲུང་ཡིག་གཅིག ལྕང་གཅོད་དོ་དམ་རྩེ་དྲུང་གཅིག་བཅས་ཡོད། སྒེར་གྱི་ཕྱག་མཛོད་ལ་སྲིད་འཛིན་གྱི་གོ་གནས་གང་ཡང་མེད་ཀྱང་དབང་ཆ་མི་ཉུང་བ་ཡོད་པས་རྩེ་ཤོད་དྲུང་དཀྱུས་དང་། ཕྱག་ནང་ཕལ་ཆེ་བས་ཞྭ་འབུད་གཟན་སྐྱུར་སོགས་གུས་ཞབས་གང་ལེགས་བྱེད་དགོས་པ་ཡིན།

language:
Tibetan

7. smon lam tshig mdzod chen mo

སྔར་བོད་ས་གནས་སྲིད་གཞུང་སྐབས་རྩེ་དྲུང་གི་ནང་ནས་དཔོན་ཐོབ་ཆེ་བ་ཞིག་སྟེ་ཏཱ་ལའི་བླ་མའི་མཛོད་པ།

language:
Tibetan