Skip to main content Skip to search
spyi dang bye brag
ID:
T118722
  • སྤྱི་དང་བྱེ་བྲག (Tibetan, Tibetan script, Original)
    • > spyi dang bye brag (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chidang jedrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

Hopkins' Translations: generality and particular
Sanskrit: sāmānya-viśeṣa

language:
English

2. Rangjung Yeshe Dictionary

3. Ives Waldo Dictionary

general and specific

language:
English

4. dung dkar bod rig pa'i tshig mdzod chen mo

རང་གི་གསལ་བ་ལ་རྗེས་སུ་འགྲོ་བའི་ཆོས་དེ་སྤྱིའི་མཚན་ཉིད། མཚན་གཞི་ནི། ཤེས་བྱ་དང་། དངོས་པོ་ལྟ་བུའོ། དཔེར་ན། ཤེས་བྱ་སྤྱི་ཡིན་ཏེ་རང་གི་གསལ་བ་སྟེ་རང་གི་བྱེ་བྲག་དངོས་པོ་དང་རྟག་པ་སོགས་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པའི་ཕྱིར། སྤྱི་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཚོགས་སྤྱི་རིགས་སྤྱི་དོན་སྤྱི་གསུམ་དང་། ཁྱབ་བྱེད་དུ་འཇུག་པའི་རང་གི་རིགས་ཡོད་པ་ཅན་གྱི་ཆོས་དེ་བྱེ་བྲག་གི་མཚན་ཉིད། མཚན་གཞི་ནི། ཤེས་པ་དང་། ཀ་བུམ་གཉིས་ལ་སོགས་པ་ལྟ་བའོ། དཔེར་ན། ཤེས་པ་བྱེ་བྲག་ཡིན་ཏེ། དངོས་པོ་དེ་ཤེས་པ་རང་གི་ཁྱབ་བྱེད་དུ་ཡོད་པའི་ཤེས་པ་རང་གི་རིགས་ཡིན་པའི་ཕྱིར། དངོས་པོ་དེ་ཤེས་པའི་ཁྱབ་བྱེད་ཡིན་ལ་ཤེས་པ་དེ་དངོས་པོའི་ཁྱབ་བྱ་ཡིན་པའི་ཕྱིར། གཞན་ཡང་སྤྱི་བྱེ་བྲག་འགྲོ་ཚུལ་གྱི་རྟགས་གསུམ་བརྩི་ཚུལ་ཡོད་པ་སོགས་གཞུང་དངོས་ལས་ཤེས་པར་བྱའོ།།།

language:
Tibetan

5. Thupten Phuntsok Dictionary

རང་གི་གསལ་བ་ལ་རྗེས་སུ་འགྲོ་བའི་ཆོས་དེ་སྤྱིའི་མཚན་ཉིད། མཚན་གཞི་ནི། ཤེས་བྱ་སྤྱི་ཡིན་ཏེ་རང་གི་གསལ་བ་སྟེ་རང་གི་བྱེ་བྲག་དངོས་པོ་དང་རྟག་པ་སོགས་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པའི་ཕྱིར། སྤྱི་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཚོགས་སྤྱི་རིགས་སྤྱི་དོན་སྤྱི་གསུམ་ཡོད། ཁྱབ་བྱེད་དུ་འཇུག་པའི་རང་གི་རིགས་ཡོད་པ་ཅན་གྱི་ཆོས་དེ་བྱེ་བྲག་གི་མཚན་ཉིད། མཚན་གཞི་ནི། ཤེས་པ་དང་། ཀ་བུམ་གཉིས་ལ་སོགས་པ་ལྟ་བུའོ། །དཔེར་ན། ཤེས་པ་བྱེ་བྲག་ཡིན་ཏེ། དངོས་པོ་དེ་ཤེས་པ་རང་གི་ཁྱབ་བྱེད་དུ་ཡོད་པའི་ཤེས་པའི་ཁྱབ་བྱེད་ཡིན་ལ་ཤེས་པ་དེ་དངོས་པོའི་ཁྱབ་བྱ་ཡིན་པའི་ཕྱིར། གཞན་ཡང་སྤྱི་བྱེ་བྲག་འགྲོ་ཚུལ་གྱི་རྟགས་གསུམ་བརྩི་ཚུལ་ཡོད་པ་སོགས་གཞུང་དངོས་ལས་ཤེས་པར་བྱའོ། །

language:
Tibetan