Skip to main content Skip to search
dpag tshad/
ID:
T120036
  • དཔག་ཚད (Tibetan, Tibetan script, Original)
    • > dpag tshad/ (Tibetan, Latin script, Transliteration-THL Extended Wylie Transliteration)

A unit of measure, corresponding to the classical Indian measure of distance, the yojana.

language:
English
Language:
Other Dictionaries

Other Dictionaries

1. Rangjung Yeshe Dictionary

  • League, Yojana. Indian measure of distance equal of 16000 cubits, or about 4.5 miles (7.4 km); definitions differing by a factor of two are also given

    language:
    English
  • a league

    language:
    English
  • 4000 fathoms (1 land mile)/ a league; Yojana [measure of distance], mile, a 'league', acc. to Abhidharma. def. རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ 4000 fathoms, approximately 8 km. a distance measure equaling several miles, league. one mile; yojanas

    language:
    English

2. Ives Waldo Dictionary

pagtse, measure of distance

language:
English

3. Jim Valby Dictionary

mile, 4000 fathoms, geographical mile, league, league, yojana, maybe 9 or 4.5 miles

language:
English

4. bod rgya tshig mdzod chen mo

[1622] ༼ཡོཛནཾ༽ 1༽ མངོན་པའི་ལུགས་ལ་རྒྱང་གྲགས་བརྒྱད་ཀྱི་ཚད་དེ་རྒྱང་གྲགས་རེར་གཞུ་འདོམ་ལྔ་བརྒྱ་ཡོད། ... 2༽ དུས་འཁོར་ལུགས་ལ་སོར་མོ་ཉེར་བཞི་ལ་ཁྲུ་གང། དེ་བཞི་ལ་གཞུ་འདོམ་གང། དེ་ཉིས་སྟོང་ལ་རྒྱང་གྲགས་གཅིག་དེ་བཞི་ལ་དཔག་ཚད་གཅིག་...

language:
English

5. dag yig gsar bsgrigs

is related to
dpag

རྒྱང་རིང་ཐུང་བརྩི་བའི་ཚད་ཅིག་གི་མིང་སྟེ། ཁྲུ་བཞི་ནི་གཞུ་འདོམ་གང་། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་དང་། རྒྱང་གྲགས་བརྒྱད་ལ་དཔག་ཚད་ཟེར།

language:
Tibetan

6. dung dkar bod rig pa'i tshig mdzod chen mo

ཇི་སྐད་དུ། གཟུགས་མཐའ་ཕྲ་རབ་རྡུལ་བདུན་རྡུལ་ཕྲན་གཅིག། །དེ་བཞིན་ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་རྡུལ་སྲོ་མ་ཤིག་ནས་སོར་ཚིགས་སོར། །ཉི་ཤུ་རྩ་བཞི་ཁྲུ་གང་དེ་བཞི་ལ། །གཞུ་འདོམས་ཞེས་གྲགས་ལྔ་བརྒྱར་རྒྱང་གྲགས་གཅིག །དགོན་པའི་ཚད་དེ་དེ་བརྒྱད་དཔག་ཚད་དོ། །ཞེས་སངས་རྒྱས་ཆོས་ལུགས་ཀྱི《མངོན་པའི་གཞུང》དང《དུས་འཁོར》གྱི་གཞུང་ནས་བཤད་པའི་རྒྱང་ཐག་རིང་ཐུང་འཇལ་བྱེད་ཀྱི་ཚད་གཞི་མཐ་ཤོས་ཀྱི་མིང་ཡིན་ཅིང་། དཔག་ཚད་རྩི་སྟངས་ནི་ཕྲ་རབ་ཀྱི་རྡུལ་བདུན་ལ་རྡུལ་ཕྲན་གཅིག རྡུལ་ཕྲན་བདུན་ལ་ལྕགས་རྡུལ་གཅིག ལྕགས་རྡུལ་བདུན་ལ་ཆུ་རྡུལ་གཅིག ཆུ་རྡུལ་བདུན་ལ་རི་བོང་གི་རྡུལ་(སྤུ་རྩེར་ཆགས་པའི་རྡུལ་)གཅིག རི་བོང་རྡུལ་བདུན་ལ་ལུག་རྡུལ་(སྤུ་རྩེར་ཆགས་པའི་རྡུལ་)གཅིག ལུག་རྡུལ་བདུན་ལ་གླང་རྡུལ་(སྤུ་རྩེར་ཆགས་པའི་རྡུལ་)གཅིག གླང་རྡུལ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག ཉི་ཟེར་གྱི་རྡུལ་བདུན་ལ་སྲོ་མ་གཅིག སྲོ་མ་བདུན་ལ་ཤིག་གཅིག ཤིག་བདུན་ལ་ནས་འབྲུ་གཅིག ནས་འབྲུ་བདུན་ལ་སོར་མོ་དབུས་མའི་ཚིགས་གཅིག སོར་ཉི་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་འདོམ་གང་། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག གྲོང་ལས་རྒྱང་གྲགས་གཅིག་གིས་འཕགས་པ་ལ་དགོན་པ། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཏུ་བརྩིས་པ་ཡིན་ཏེ་སྤྱིར་ན་མི་གཟུགས་ཚད་ལྡན་གྱི་ཁྲུ་གང་ལ་སྤྱི་སྐར(公分)ལྔ་བཅུ་ཐམ་པ་ཡོད། ཁྲུ་བཞི་སྟེ་སྤྱི་སྐར་ཉིས་བརྒྱ་ལ་འདོམ་གང་། འདོམ་ལྔ་བརྒྱ་སྟེ་སྤྱི་སྐར་ཆིག་འབུམ་མམ་སྤྱི་ཁྲེ་ཆིག་སྟོང་སྟེ་སྤྱི་ལེ་གཅིག་དང་རྒྱང་གྲགས་གཅིག་གི་ཚད་མཉམ་ཞིང་།རྒྱང་གྲགས་བརྒྱད་དམ་སྤྱི་ལེ་བརྒྱད་ཀྱི་ཚད་མཉམ་པ་དེ་ལ་དཔག་ཚད་གཅིག་འབོད་པ་ཡིན། འོན་ཀྱང《བོད་རྒྱ་ཚིག་མཛོད་ཆེན་མོ》དེབ་གཉིས་པའི་ཤོག་གྲངས་༡༦༢༢ནང་དཔག་ཚད་ཅེས་པའི་འགྲེལ་བཤད་རྒྱ་ཡིག་གི་མཇུག་ཏུ་དཔག་ཚད་གཅིག་ནི་ཧྲི་ལེ་ཉི་ཤུ་རྩ་དྲུག་གི་ཚད་དང་མཉམ་ཞེས་གསལ་བ་ལྟར་བྱས་ན་ཧྲི་ལེ་གཉིས་ལ་སྤྱི་ལེ་གཅིག་ཡིན་ཅིང་། ཧྲི་ལེ་ཉི་ཤུ་རྩ་དྲུག་ལ་སྤྱི་ལེ་བཅུ་གསུམ་སྟེ་སྤྱི་ཁྲེ་ཆིག་ཁྲི་སུམ་སྟོང་ཡོད། དེ་རིགས་པས་གཞལ་ན་སྤྱི་ཁྲེ་ཆིག་ཁྲི་སུམ་སྟོང་ཆ་བརྒྱད་དུ་བགོས་པའི་ཆ་གཅིག་སྟེ་སྤྱི་ཁྲེ་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་དང་རྒྱང་གྲགས་གཅིག་གི་ཚད་མཉམ་དགོས་ཤིང་། དེ་ལ་སྤྱི་ལེ་གཅིག་དང་སྤྱི་ཁྲེ་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད་པས་དེ་ཧྲི་ལེར་ཕབ་ན་སྤྱི་ལེའི་ལྡབ་གཅིག་སྟེ་ཧྲི་ལེ་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་ཐམ་པ་ཡིན་ཅིང་། ཧྲི་ཁྲེར་བརྩིས་ན་སྤྱི་ཁྲེའི་གྲངས་གོང་གསལ་གྱི་ལྡབ་གསུམ་སྟེ་ཧྲི་ཁྲེ་བཞི་སྟོང་བརྒྱད་བརྒྱ་བདུན་ཅུ་དོན་ལྔ་ཡོད་པ་མངོན་གསུམ་དུ་གྲུབ་པས་གོང་དུ་རྒྱང་གྲགས་ཀྱི་གོ་དོན་འགྲེལ་བཤད་བྱས་པ་དེ་དང་རྒྱབ་འགལ་ཆེན་པོར་སོང་ཡོད།

language:
Tibetan

7. Thupten Phuntsok Dictionary

〈ཡོཛནཾ〉(1)མངོན་པའི་ལུགས་ལ་རྒྱང་གྲགས་བརྒྱད་ཀྱི་ཚད་དེ་རྒྱང་གྲགས་རེར་གཞུ་འདོམ་ལྔ་བརྒྱ་ཡོད།(2)དུས་འཁོར་ལུགས་ལ་སོར་མོ་ཉེར་བཞི་ལ་ཁྲུ་གང་། དེ་བཞི་ལ་གཞུ་འདོམ་གང་། དེ་ཉིས་སྟོང་ལ་རྒྱང་གྲགས་གཅིག དེ་བཞི་ལ་དཔག་ཚད་གཅིག

language:
Tibetan

8. smon lam tshig mdzod chen mo

  • 1.མངོན་པའི་ལུགས་ལ་རྒྱང་གྲགས་བརྒྱད་ཀྱི་ཚད་དེ་རྒྱང་གྲགས་རེར་གཞུ་འདོམ་ལྔ་བརྒྱ་ཡོད།

    language:
    Tibetan
  • 2.དུས་འཁོར་ལུགས་ལ་སོར་མོ་ཉེར་བཞི་ལ་ཁྲུ་གང༌། དེ་བཞི་ལ་གཞུ་འདོམ་གང༌། དེ་ཉིས་སྟོང་ལ་རྒྱང་གྲགས་གཅིག་དེ་བཞི་ལ་དཔག་ཚད་གཅིག

    language:
    Tibetan

10. Yogācāra Glossary

Sanskrit:
yojana

11. Negi Tibetan-Sanskrit Dictionary

yojanam, mānabhedaḥ — རྒྱང་གྲགས་བཞི་ལ་ནི་དཔག་ཚད་གཅིག་གོ༎ catvāraḥ krośā yojanam la.vi.77ka/104; རླུང་གི་དཀྱིལ་འཁོར…ཐད་ཀར་དཔག་ཚད་འབུམ་ཕྲག་བཞི་པ vāyumaṇḍalaṃ…tiryagmānena caturlakṣayojanam vi.pra.33ka/4.8.

language:
Sanskrit
Grammars:

dpag tshad/ has 1 other term directly related to it, which is presented here.


Sanskrit:


  • yojana
  • yojanam