- phar phyin/
- ID:
- T121240
- ཕར་ཕྱིན (Tibetan, Tibetan script, Original)
- > phar phyin/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > parchin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jeffrey Hopkins Dictionary
ཕ་རོལ་ཏུ་ཕྱིན་པ་
Hopkins' Translations: perfection
Sanskrit: {LCh}pāramitā
Synonyms: ཕ་རོལ་ཏུ་ཕྱིན་པ་
- language:
- Tibetan
2. Dan Martin Dictionary
Apart from its use as a contraction of pha rol tu phyin pa, I have also noticed this as a [mis]spelling of phar chin, 'embroidery.'
- language:
- English
3. Rangjung Yeshe Dictionary
-
perfection, paramita. Syn ཕ་རོལ་ཏུ་ཕྱིན་པ་; the paramitas
- language:
- English
-
paramitas
- language:
- English
-
shes rab kyi pha rol tu phyin pa - Prajna-paramita. The Perfection of Wisdom, esp. as a branch of literature and study; (sher phyin ma) The Perfection of Wisdom as a female deity
- language:
- English
-
Paramita teachings
- language:
- English
4. Ives Waldo Dictionary
-
1) paramita, perfection [reach the other side, [theg chen gyi bsgrub pa'i bslab bya gang zhig khyad chos bzhi ldan gyi phyin drug gis bsdus pa'i dge ba mtha' dag sgrub pa'i sems pa mtshungs ldan dang bcas pa'o, de ni 'jig rten pa dang nyan rang gi dge ba kun las phul du byung bas phar ngos su song ba'am, pha mthar son pa'o]; 2) shes rab kyi pha rol tu phyin pa'i man ngag gi bstan bcos mngon par rtogs pa'i rgyan)
- language:
- English
-
1) paramita, perfection
- language:
- English
5. Jim Valby Dictionary
transcending functions, perfection, SA pha rol tu phyin pa, abbr of pha rol tu phyin pa
- language:
- English
7. bod rgya tshig mdzod chen mo
[1709] ༼པརཱམིཏཿ༽ 1༽ ཕ་རོལ་ཏུ་ཕྱིན་པ་སྟེ། ཐེག་ཆེན་གྱི་བསྒྲུབ་པའི་བསླབ་བྱ་གང་ཞིག་ཁྱད་ཆོས་བཞི་ལྡན་གྱི་ཕྱིན་དྲུག་གིས་བསྡུས་པའི་དགེ་བ་མཐའ་དག་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའོ། དེ་ནི་འཇིག་རྟེན་པ་དང་ཉན་རང་གི་དགེ་བ་ཀུན་ལས་ཕུལ་དུ་བྱུང་བས་ཕར་ངོས་སུ་སོང་བའམ། ཕ་མཐར་སོན་པའོ། ... 2༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་པའི་གཞུང་གི་མིང། ...
- language:
- English
8. dung dkar bod rig pa'i tshig mdzod chen mo
སྐབས་འདིའི་ཕར་ཕྱིན་ནི་ཕར་ཕྱིན་དྲུག་དང་བཅུ་སོགས་ལ་གོ་རྒྱུ་མིན་པར་ཕར་ཕྱིན་གྱི་གཞུང་ལ་གོ་དགོས། ཕར་ཕྱིན་གྱི་གཞུང་ནི་བྱང་ཆུབ་སེམས་དཔའ་བྱམས་པས་མཛད་པའི《བྱམས་ཆོས་སྡེ་ལྔ》(༡《མངོན་རྟོགས་རྒྱན》《མདོ་སྡེ་རྒྱན》《རྒྱུད་བླ་མ》《དབུས་མཐའ་རྣམ་འབྱེད》《ཆོས་ཉིད་རྣམ་འབྱེད》བཅས་ཡིན) བསྟན་འགྱུར་པོད[ཕི]པའི་ནང་ཡོད་ཅིང་། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་བརྩམས་པའི《ས་སྡེ་ལྔ》(《སའི་དངོས་གཞི》《གཏན་ལ་དབབ་པ་བསྡུ་བ》《གཞི་བསྡུ་བ》《རྣམས་གྲངས་བསྡུ་བ》《རྣམ་པར་བཤད་པའི་སྒོ་བསྡུ་བ》བཅས་ཡིན) བསྟན་འགྱུར་གྱི་པོད་[ཛི][ཝི]「ཞི་」[ཟི][འི][ཡི]བར་པོད་དྲུག་ཡོད་ཅི་། དེ་རྣམས་ལས་མང་ཆེ་བ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་བ་ཡིན་ལ། འགའ་ཞིག་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ་ཡིན། ཕར་ཕྱིན་གྱི་གཞུང་གི་ནང་དོན་གཙོ་བོ་ནི《ཡུམ་རྒྱས་འབྲིང་བསྡུས་གསུམ》གྱི་བརྗོད་དོན་དུ་སྦས་པའི་དགོངས་པ་རྣམས། དངོས་པོ་བརྒྱད(མཁྱེན་པ་གསུམ། སྦྱོར་བ་བཞི། འབྲས་བུ་ཆོས་ཀྱི་སྐུ།)དང་དོན་བདུན་ཅུ(རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག རྩེ་མོའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད། མཐར་གྱིས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ། སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི། ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི)བཅས་སུ་བསྡུས་ནས་བཤད་པ་ཡིན་ཞིང་། གོང་དུ་བཤད་པའི་ཕར་ཕྱིན་གི་གཞུང་དེ་རྣམས་ཀྱི་ནང་དོན་དབྱེ་ཚུལ་དང་གོ་རིམ་བཤད་ཚུལ་བཅས་རྒྱས་བསྡུས་འདྲ་མིན་སྣ་ཚོགས་ཡོད་ཀྱང་ནང་དོན་གཙོ་བོ་དེ་དག་ཡིན། གཞན་ཡང་བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་མཁས་པ་མང་པོས་བརྩམས་པའི་ཕར་ཕྱིན་གྱི་གཞུང་གི་འགྲེལ་པ་ནི་མཐའ་ཡས་སོ། །
- language:
- Tibetan
9. Thupten Phuntsok Dictionary
〈པརཱམིཏཿ〉(1)ཕ་རོལ་ཏུ་ཕྱིན་པ་སྟེ། ཐེག་ཆེན་གྱི་བསྒྲུབ་པའི་བསླབ་བྱ་གང་ཞིག་ཁྱད་ཆོས་བཞི་ལྡན་གྱི་ཕྱིན་དྲུག་གིས་བསྡུས་པའི་དགེ་བ་མཐའ་དག་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །དེ་ནི་འཇིག་རྟེན་པ་དང་ཉན་རང་གི་དགེ་བ་ཀུན་ལས་ཕུལ་དུ་བྱུང་བས་ཕར་ངོས་སུ་སོང་བའམ། ཕ་མཐར་སོན་པའོ། (2)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་པའི་གཞུང་གི་མིང་།
- language:
- Tibetan
10. smon lam tshig mdzod chen mo
-
1.ཕ་རོལ་ཏུ་ཕྱིན་པ་ཐེག་ཆེན་གྱི་བསྒྲུབ་པའི་བསླབ་བྱ་གང་ཞིག་ཁྱད་ཆོས་བཞི་ལྡན་གྱི་ཕྱིན་དྲུག་གིས་བསྡུས་པའི་དགེ་བ་མཐའ་དག་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའོ། དེ་ནི་འཇིག་རྟེན་པ་དང་ཉན་རང་གི་དགེ་བ་ཀུན་ལས་ཕུལ་དུ་བྱུང་བས་ཕར་ངོས་སུ་སོང་བའམ། ཕ་མཐར་སོན་པའོ། །
- language:
- Tibetan
-
2.ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་པའི་གཞུང་གི་མིང༌།
- language:
- Tibetan