- phyi rgyal las khungs/
- ID:
- T123464
- ཕྱི་རྒྱལ་ལས་ཁུངས (Tibetan, Tibetan script, Original)
- > phyi rgyal las khungs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > chigyel lekhung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
Tibetan govt. Foreign Office [founded 1943, bod rang btsan zer ba zhig byed rgyu'i re ba bcangs te phyi rgyal dang 'brel ba byed mkhan gyi las khungs shig]
- language:
- English
-
[TT govt.] Foreign Office
- language:
- English
2. bod rgya tshig mdzod chen mo
[1740] སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་ཡིན་ཞིང། 1943ལོར་བཙུགས། བོད་རང་བཙན་ཟེར་བ་ཞིག་བྱེད་རྒྱུའི་རེ་བ་བཅངས་ཏེ་ཕྱི་རྒྱལ་དང་འབྲེལ་བ་བྱེད་མཁན་གྱི་ལས་ཁུངས་ཤིག་... 1943...
- language:
- English
3. dung dkar bod rig pa'i tshig mdzod chen mo
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ། དེའི་ནང་གཙོ་བོ་རྩེ་ཤོད་ཛ་སག་གཉིས་དང་། ལས་བྱ་ཤོད་སྐོར་རིམ་བཞི་གཅིག རྩེ་ཤོད་དྲུང་དཀྱུས་མི་འགའ་ཞིག་བཅས་ཡོད། འདི་ཚུགས་ཡུལ་ནི་ལྷ་སའི་གཙུག་ལག་ཁང་གི་ཤིང་རའི་ཡང་སྟེང་རབ་གསལ་བར་སྐོར་ལྷོ་ལྟའི་ནང་ཡིན། ལས་ཁུངས་འདི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་(༡༩༤༢)ལོར་སྲིད་སྐྱོང་སྟག་བྲག་གི་དུས་ཕྱི་རྒྱུལ་གྱི་ངན་སྐུལ་འོག་གསར་དུ་བཙུགས་ཤིང་། ཐོག་མའི་དོ་དམ་དུ་ཛ་སག་གཡུང་དགོན་དཀོན་མཆོག་འབྱུང་གནས་དང་། ཛ་སག་ཟུར་ཟུར་དབང་ཆེན་ཚེ་བརྟན་གཉིས་ལ་བསྐོས་ཤིང་། ལས་བྱར་ཕྱི་རྒྱལ་གྱི་སྐད་ཡིག་ཤེས་པ་ཆ་རྐྱེན་དུ་བྱས་ཏེ་མི་དྲུག་ཙམ་བསྐོས། ཕྱི་རྒྱལ་ལས་ཁུངས་འདི་ཕྱི་ཕྱོགས་རྒྱལ་ཁབ་ཁག་ལ་གང་ཅིའི་འབྲེལ་བ་བྱེད་མཁན་ཞིག་ཡིན་སྟབས་བོད་རང་བཙན་ཡིན་ཁུལ་གྱི་རྣམ་པ་དང་ནང་དོན་མཚོན་བྱེད་ཅིག་ཡིན་པ་ནི་སྨོས་མ་དགོས་པས་དེས་བྱས་པའི་ལས་དོན་ནི་ལོ་རྒྱུས་ཀྱི་འགྲོ་ཕྱོགས་དང་མི་མཐུན་པ་ཞིག་ཡིན། །
- language:
- Tibetan
4. Thupten Phuntsok Dictionary
སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་ཡིན་ཞིང་། སྤྱི་ལོ༡༩༣༤ལོར་བཙུགས། བོད་རང་བཙན་ཟེར་བ་ཞིག་བྱེད་རྒྱུའི་རེ་བ་བཅངས་ཏེ་ཕྱི་རྒྱལ་དང་འབྲེལ་བ་བྱེད་མཁན་གྱི་ལས་ཁུངས་ཤིག
- language:
- Tibetan
5. smon lam tshig mdzod chen mo
སྔར་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལས་ཁུངས་ཤིག་ཡིན་ཞིང༌། 1943 ལོར་བཙུགས། ཕྱི་རྒྱལ་དང་འབྲེལ་བ་བྱ་སའི་ལས་ཁུངས་ཤིག་ཡིན།
- language:
- Tibetan