Skip to main content Skip to search
phyi blon/
ID:
T123744
  • ཕྱི་བློན (Tibetan, Tibetan script, Original)
    • > phyi blon/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chilön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

subsidiary minister

language:
English

2. Ives Waldo Dictionary

foreign minister

language:
English

3. bod rgya tshig mdzod chen mo

[1743] སྔར་ཕྱི་ལོགས་ཀྱི་ལས་དོན་སྒྲུབ་མཁན་བློན་པོ། ...

language:
English

4. dung dkar bod rig pa'i tshig mdzod chen mo

སྔར་བཙན་པོའི་དུས་སྐབས་སུ་སྲིད་གཞུང་གི་ཕྱིའི་ལས་དོན་ལ་བཀོད་འདོམས་བྱེད་མཁན་གྱི་བློན་པོ་ལ་ཟེར་ཞིང་། ཕྱི་དོན་བློན་ཆེན་ཞིས་པའི་མིང་བསྡུས་ཏེ་ཕྱི་བློན་ཞེས་ཟེར། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཕྱི་བློན་དྲུག་ཡོད་པར་《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་དུ་གསལ་ཡང་། དེ་རྣམས་ཀྱི་གོ་གནས་མཐོ་དམན་རིམ་པ་དང་ཐོབ་ཐང་ཡིག་ཚང་གང་གི་ཁོངས་སུ་གཏོགས་པའི་སྐོར་ཆོས་འབྱུང་དེའི་ནང་དུ་མི་གསལ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཕྱི་བློན་བཅུ་གསུམ་ཡོད་པའི་སོ་སོའི་མིང་དང་བཅས་པའི་བཀའ་གཙིགས་རྡོ་རིང་ནང་གསལ་ཞིང་། ཁྲི་ལྡེ་སྲོང་བཙན་གྱི་སྐབས་ཕྱི་བློན་ཡོད་པ་བཀའ་གཙིགས་ནང་གསལ་ཡང་ཕྱི་བློན་དང་། སྟོད་སྨད་ཀྱི་དབང་པོ། དམག་དཔོན་བཅས་ཀྱི་མིང་ཐོ་མཉམ་དུ་སྦྲེལ་ནས་བཀོད་པ་ལས་མི་གྲངས་ཇི་ཡོད་ཀྱི་གསལ་ཁ་མེད། རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐབས་སུ་ཕྱི་བློན་འགའ་ཞིག་ཡོད་ངེས་ཀྱང་། དབོན་ཞང་མཐུན་འབྲེལ་གྱི་རྡོ་རིང་བཙུགས་དུས་གྲོས་མོལ་ནང་མཉམ་དུ་ཞུགས་པའི་ཕྱི་བློན་གོ་གནས་མཐོ་དམན་གཉིས་ཀྱི་མིང་འཁོད་ཡོད་པ་ལས། ཕྱི་བློན་གཞན་དག་གི་མིང་འཁོད་མིན་འདུག གཞན་ཡང་སྔོན་དུས་སུ་ས་མཚམས་ལ་སོ་ལྟ་བྱེད་མཁན་དང་ལྟ་རྟོགས་བྱེད་མཁན་བློན་པོ་བཞག་པ་དེ་ལའང་ཕྱི་བློན་ཟེར་ཞེས་《དེབ་ཐེར་དཀར་པོ་》ཡི་ནང་གསལ། །

language:
Tibetan

5. Thupten Phuntsok Dictionary

སྔར་ཕྱི་ལོགས་ཀྱི་ལས་དོན་སྒྲུབ་མཁན་བློན་པོ།

language:
Tibetan

6. smon lam tshig mdzod chen mo

སྔར་ཕྱི་ལོགས་ཀྱི་ལས་དོན་སྒྲུབ་མཁན་བློན་པོ།

language:
Tibetan