- 'phags pa blo gros rgyal mtshan/
- ID:
- T126302
- འཕགས་པ་བློ་གྲོས་རྒྱལ་མཚན (Tibetan, Tibetan script, Original)
- > 'phags pa blo gros rgyal mtshan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > pakpa lodrö gyemtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
the exalted བློ་གྲོས་རྒྱལ་མཚན་ [one of the five Sakya ... gong ma [emperors?] [in the 4th wood sheep year born in Tsang sa skyar. In the water ox year Sakya Pandita skabs de'i Mongolia shis lang du bskyod pa'i zhabs phyir by going se chen go be la dang mchod yon du 'brel. In the iron monkey year lo se chen rgyal sar having arrived and having been made the head he proclaimed the establishment of a new fashion of Mongolin writing. In the wood mouse year he accepted the responsibility of being supreme head of Tibetan dharma administration. In the wood ox year bod du log snyan sgron zhus pa ltar sh'akya bzang por in U Tsang and Mnga' ri gyi lawmaker so wa'i si'i shel tham gnang ste gong ma'i lung gis bod kyi dpon chen bsko ba'i lam srol de nas btod, in the fire rabbit year yang bskyar pe cin du bcar, in the earth snake year by resolving a new Mingolian lettering phul te gong nas rgyal yongs su khyab bsgrags byas shing, phyin chad gzhung yig yod do cog this new Mongolian writing and yul khams so so rang gi yi ge nyis sbrags kyis 'grems dgos pa'i bka' lung phab, in the iron horse year rgyal po la gsang sngas kyi dbang chen lan gsum phul ba sogs kyi
- language:
- English
-
the exalted བློ་གྲོས་རྒྱལ་མཚན་ [one of the five Sakya ... gong ma [emperors?]R]
- language:
- English
-
the exalted བློ་གྲོས་རྒྱལ་མཚན་
- language:
- English
2. bod rgya tshig mdzod chen mo
[1776] ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་ཞིག་སྟེ། རབ་བྱུང་བཞི་པའི་ཤིང་ལུག་ལོ་གཙང་གི་ས་སྐྱར་འཁྲུངས། ཆུ་གླང་ལོ་ས་པཎ་སྐབས་དེའི་ཧོར་ཡུལ་ཤིས་ལང་དུ་བསྐྱོད་པའི་ཞབས་ཕྱིར་བྱོན་པས་སེ་ཆེན་གོ་བེ་ལ་དང་མཆོད་ཡོན་དུ་འབྲེལ། ལྕགས་སྤྲེལ་ལོ་སེ་ཆེན་རྒྱལ་སར་ཐོན་པའི་དབུ་བླར་གྱུར་ནས་ཧོར་ཡིག་གསར་པའི་སྲོལ་གཏོད་རྒྱུ་ཁས་བླངས། ཤིང་བྱི་ལོ་བོད་ཀྱི་ཆོས་སྲིད་སྤྱི་ཁྱབ་ཀྱི་འགན་ཁུར་བླངས་ཤིང། ཤིང་གླང་ལོ་བོད་དུ་ལོག་སྙན་སྒྲོན་ཞུས་པ་ལྟར་ཤཱཀྱ་བཟང་པོར་དབུས་གཙང་མངའ་རིས་སྐོར་གསུམ་གྱི་ཁྲིམས་ཀྱི་བྱེད་པོ་སོ་ཝའི་སིའི་ཤེལ་ཐམ་གནང་སྟེ་གོང་མའི་ལུང་གིས་བོད་ཀྱི་དཔོན་ཆེན་བསྐོ་བའི་ལམ་སྲོལ་དེ་ནས་བཏོད། མེ་ཡོས་ལོ་ཡང་བསྐྱར་པེ་ཅིན་དུ་བཅར། ས་སྦྲུལ་ལོ་ཧོར་ཡིག་གསར་པ་གཏན་ཕབ་ཀྱིས་ཕུལ་ཏེ་གོང་ནས་རྒྱལ་ཡོངས་སུ་ཁྱབ་བསྒྲགས་བྱས་ཤིང། ཕྱིན་ཆད་གཞུང་ཡིག་ཡོད་དོ་ཅོག་ཧོར་ཡིག་གསར་པ་འདི་དང་ཡུལ་ཁམས་སོ་སོ་རང་གི་ཡི་གེ་ཉིས་སྦྲགས་ཀྱིས་འགྲེམས་དགོས་པའི་བཀའ་ལུང་ཕབ། ལྕགས་རྟ་ལོ་རྒྱལ་པོ་ལ་གསང་སྔས་ཀྱི་དབང་ཆེན་ལན་གསུམ་ཕུལ་བ་སོགས་ཀྱི་གཏང་རག་གི་ཡོན་དུ་བནྡེ་ཤེད་སྐྱེད་མ་ཞེས་པའི་འཇའ་ས་དང་གྱང་ཊི་ཐམ་གའི་ཁ་ཡིག་ཏུ་གནམ་གྱི་འོག་སའི་སྟེང་ན་རྒྱ་གར་ལྷའི་སྲས་པོ་སྤྲུལ་པའི་སངས་རྒྱས་ཡི་གེ་རྩོམ་མི་རྒྱལ་ཁམས་འཇགས་སུ་འཇུག་པ་པོ་གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏེ་ཤྲི་ཞེས་གསལ་བ་ཞིག་དང། བོད་ཁྲི་སྐོར་བཅུ་གསུམ་སོགས་ཕུལ། རབ་བྱུང་ལྔ་པའི་མེ་བྱི་ལོར་བོད་དུ་ཕྱིར་ཕེབས་ནས་ས་སྐྱའི་ཆོས་རྒྱལ་མཛད། དཔོན་ཆེན་ཤཱཀྱ་བཟང་པོས་བོད་ཀྱི་ཁྲིམས་ཀྱི་བྱེད་པོ་བྱས་པས་བོད་དུ་ས་སྐྱ་བས་ཆོས་སྲིད་ཟུང་འབྲེལ་གྱི་སྲོལ་བཏོད། དུས་སྐབས་དེ་དག་ནས་བཟུང་བོད་ལྗོངས་མེས་རྒྱལ་དང་ཁ་བྲལ་དུ་མི་རུང་བའི་མངའ་ཁོངས་གྲས་ལ་དངོས་སུ་གྱུར། རང་ལོ་ཞེ་དྲུག་པ་ལྕགས་འབྲུག་ལ་གཤེགས། ... ༼1235-1280༽ ... 1253... 1260... 1264... 1265... 1269... 1270... 1276...
- language:
- English
3. dung dkar bod rig pa'i tshig mdzod chen mo
གོང་དུ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ཞེས་པར་གཟིགས།
- language:
- Tibetan
4. Thupten Phuntsok Dictionary
ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་ཞིག་སྟེ། རབ་བྱུང་བཞི་པའི་ཤིང་ལུག་ལོར་གཙང་གི་ས་སྐྱར་འཁྲུངས། ཆུ་གླང་ལོར་ས་པཎ་སྐབས་དེའི་ཧོར་ཡུལ་ཤིས་ལང་དུ་བསྐྱོད་པའི་ཞབས་ཕྱིར་བྱོན་པས་སེ་ཆེན་གོ་བེ་ལ་དང་མཆོད་ཡོན་དུ་འབྲེལ། ལྕགས་སྤྲེལ་ལོར་སེ་ཆེན་རྒྱལ་སར་ཐོན་པའི་དབུ་བླར་གྱུར་ནས་ཧོར་ཡིག་གསར་པའི་སྲོལ་གཏོད་རྒྱུ་ཁས་བླངས། ཤིང་བྱི་ལོར་བོད་ཀྱི་ཆོས་སྲིད་སྤྱི་ཁྱབ་ཀྱི་འགན་ཁུར་བླངས་ཤིང་། ཤིང་གླང་ལོར་བོད་དུ་ལོག སྙན་སྒྲོན་ཞུས་པ་ལྟར་ཤཱཀྱ་བཟང་པོར་དབུས་གཙང་མངའ་རིས་སྐོར་གསུམ་གྱི་ཁྲིམས་ཀྱི་བྱེད་པོ་སོ་ཝའི་སིའི་ཤེལ་ཐམ་གནང་སྟེ་གོང་མའི་ལུང་གིས་བོད་ཀྱི་དཔོན་ཆེན་བསྐོ་བའི་ལམ་སྲོལ་དེ་ནས་བཏོད། མེ་ཡོས་ལོར་ཡང་བསྐྱར་པེ་ཅིན་དུ་བཅར། ས་སྦྲུལ་ལོར་ཧོར་ཡིག་གསར་པ་གཏན་ཕབ་བྱས་ཏེ་གོང་ནས་རྒྱལ་ཡོངས་སུ་ཁྱབ་བསྒྲགས་བྱས་ཤིང་། ཕྱིན་ཆད་གཞུང་ཡིག་ཡོད་དོ་ཅོག་ཧོར་ཡིག་གསར་པ་འདི་དང་ཡུལ་ཁམས་སོ་སོ་རང་གི་ཡི་གེ་ཉིས་སྦྲགས་ཀྱིས་འགྲེམས་དགོས་པའི་བཀའ་ལུང་ཕབ། ལྕགས་རྟ་ལོ་རྒྱལ་པོ་ལ་གསང་སྔགས་ཀྱི་དབང་ཆེན་ལན་གསུམ་ཕུལ་བ་སོགས་ཀྱི་གཏང་རག་གིས་ཡོན་དུ་བནྡི་ཤེད་སྐྱེད་མ་ཞེས་པའི་འཇའ་ས་དང་གཡང་ཊིའི་ཐམ་གའི་ཁ་ཡིག་ཏུ་གནམ་གྱི་འོག་སའི་སྟེང་ན་རྒྱ་གར་ལྷའི་སྲས་པོ་སྤྲུལ་པའི་སངས་རྒྱས་ཡི་གེ་རྩོམ་མི་རྒྱལ་ཁམས་འཇགས་སུ་འཇུག་པ་པོ་གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏི་ཤྲི་ཞེས་གསལ་བ་ཞིག་གནང་། བོད་ཁྲི་སྐོར་བཅུ་གསུམ་སོགས་ཕུལ། རབ་བྱུང་ལྔ་པའི་མེ་བྱི་ལོར་བོད་དུ་ཕྱིར་ཕེབས་ནས་ས་སྐྱའི་ཆོས་རྒྱལ་མཛད། དཔོན་ཆེན་ཤཱཀྱ་བཟང་པོས་བོད་ཀྱི་ཁྲིམས་ཀྱི་བྱེད་པོ་བྱས་པས་བོད་དུ་ས་སྐྱ་བས་ཆོས་སྲིད་ཟུང་འབྲེལ་གྱི་སྲོལ་བཏོད། རང་ལོ་ཞེ་དྲུག་པ་ལྕགས་འབྲུག་ལ་གཤེགས།
- language:
- Tibetan
5. smon lam tshig mdzod chen mo
ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་ཞིག་རབ་བྱུང་བཞི་པའི་ཤིང་ལུག་ལོ་གཙང་གི་ས་སྐྱར་འཁྲུངས། ཆུ་གླང་ལོ་ས་པཎ་སྐབས་དེའི་ཧོར་ཡུལ་ཤིས་ལང་དུ་བསྐྱོད་པའི་ཞབས་ཕྱིར་བྱོན་པས་སེ་ཆེན་གོ་བེ་ལ་དང་མཆོད་ཡོན་དུ་འབྲེལ། ལྕགས་སྤྲེལ་ལོ་སེ་ཆེན་རྒྱལ་སར་ཐོན་པའི་དབུ་བླར་གྱུར་ནས་ཧོར་ཡིག་གསར་པའི་སྲོལ་གཏོད་རྒྱུ་ཁས་བླངས། ཤིང་བྱི་ལོ་བོད་ཀྱི་ཆོས་སྲིད་སྤྱི་ཁྱབ་ཀྱི་འགན་ཁུར་བླངས་ཤིང༌། ཤིང་གླང་ལོ་བོད་དུ་ལོག་སྙན་སྒྲོན་ཞུས་པ་ལྟར་ཤཱཀྱ་བཟང་པོར་དབུས་གཙང་མངའ་རིས་སྐོར་གསུམ་གྱི་ཁྲིམས་ཀྱི་བྱེད་པོ་སོ་ཝའི་སིའི་ཤེལ་ཐམ་གནང་སྟེ་གོང་མའི་ལུང་གིས་བོད་ཀྱི་དཔོན་ཆེན་བསྐོ་བའི་ལམ་སྲོལ་དེ་ནས་བཏོད། མེ་ཡོས་ལོ་ཡང་བསྐྱར་པེ་ཅིན་དུ་བཅར། ས་སྦྲུལ་ལོ་ཧོར་ཡིག་གསར་པ་གཏན་ཕབ་ཀྱིས་ཕུལ་ཏེ་གོང་ནས་རྒྱལ་ཡོངས་སུ་ཁྱབ་བསྒྲགས་བྱས་ཤིང༌། ཕྱིན་ཆད་གཞུང་ཡིག་ཡོད་དོ་ཅོག་ཧོར་ཡིག་གསར་པ་འདི་དང་ཡུལ་ཁམས་སོ་སོ་རང་གི་ཡི་གེ་ཉིས་སྦྲགས་ཀྱིས་འགྲེམས་དགོས་པའི་བཀའ་ལུང་ཕབ། ལྕགས་རྟ་ལོ་རྒྱལ་པོ་ལ་གསང་སྔས་ཀྱི་དབང་ཆེན་ལན་གསུམ་ཕུལ་བ་སོགས་ཀྱི་གཏང་རག་གི་ཡོན་དུ་བནྡེ་ཤེད་སྐྱེད་མ་ཞེས་པའི་འཇའ་ས་དང་གྱང་ཊིའི་ཐམ་གའི་ཁ་ཡིག་ཏུ་གནམ་གྱི་འོག་སའི་སྟེང་ན་རྒྱ་གར་ལྷའི་སྲས་པོ་སྤྲུལ་པའི་སངས་རྒྱས་ཡི་གེ་རྩོམ་མི་རྒྱལ་ཁམས་འཇགས་སུ་འཇུག་པ་པོ་གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏེ་ཤྲི་ཞེས་གསལ་བ་ཞིག་དང༌། བོད་ཁྲི་སྐོར་བཅུ་གསུམ་སོགས་ཕུལ། རབ་བྱུང་ལྔ་པའི་མེ་བྱི་ལོར་བོད་དུ་ཕྱིར་ཕེབས་ནས་ས་སྐྱའི་ཆོས་རྒྱལ་མཛད། དཔོན་ཆེན་ཤཱཀྱ་བཟང་པོས་བོད་ཀྱི་ཁྲིམས་ཀྱི་བྱེད་པོ་བྱས་པས་བོད་དུ་ས་སྐྱ་བས་ཆོས་སྲིད་ཟུང་འབྲེལ་གྱི་སྲོལ་བཏོད། དུས་སྐབས་དེ་དག་ནས་བཟུང་བོད་ལྗོངས་མེས་རྒྱལ་དང་ཁ་བྲལ་དུ་མི་རུང་བའི་མངའ་ཁོངས་གྲས་ལ་དངོས་སུ་གྱུར། རང་ལོ་ཞེ་དྲུག་པ་ལྕགས་འབྲུག་ལ་གཤེགས། 12351280 1253 1260 1264 1265 1269 1270 1276
- language:
- Tibetan