Skip to main content Skip to search
'phags pa lha/
ID:
T126354
  • འཕགས་པ་ལྷ (Tibetan, Tibetan script, Original)
    • > 'phags pa lha/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pakpa lha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

Hopkins' Translations: Āryadeva
Sanskrit: {LCh}āryadeva

p.n. of the great Mādyamaka philosopher

language:
English

2. Rangjung Yeshe Dictionary

c. 450 B.C.? - Aryadeva, disciple of Nagarjuna and one of the six ornaments of India

language:
English

3. Ives Waldo Dictionary

  • Aryadeva [student of Nagarjuna mtsan snyan par grags pa who wrote 400 Verses on the Middle Way etc. dbu ma bzhi brgya pa extensively eluciding the intention of Nagarjuna.]

    language:
    English
  • Aryadeva

    language:
    English

4. Jim Valby Dictionary

aryadeva, chief disciple of klu sgrub, 1 of 'dzam gling rgyan drug

language:
English

5. bod rgya tshig mdzod chen mo

[1777] ༼ཨཱརྱདེཝ༽ སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་མཚན་སྙན་པར་གྲགས་པའི་རྒྱ་གར་གྱི་སློབ་དཔོན་ཞིག་འདིས་དབུ་མ་བཞི་བརྒྱ་པ་སོཊ་མཛད་དེ་ཀླུ་སྒྲུབ་ཀྱི་དགོངས་པ་རྒྱ་ཆེར་བཀྲལ། ...

language:
English

6. dung dkar bod rig pa'i tshig mdzod chen mo

(སྐུ་ཕྲེང་དང་པོ་)རྗེ་འདི་ནི་གཉན་ཆེན་ཐང་ལྷའི་མདུན་རྣོ་པ་ཞེས་བྱ་བའི་འདབས་སུ་ཟབ་མོ་རྡོ་རྗེ་ཐེག་པ་ལ་རྣལ་འབྱོར་དུ་མཛད་པ་ཡབ་ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ་བཟང་དང་ཡུམ་སངས་རྒྱས་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ས་ལུག་(༡༤༣༩)ལོར་འཁྲུངས་(གང་འདིའི《རྣམ་ཐར་ཆེན་མོ》ལས་ཆུ་ལུག་ལ་འཁྲུངས་པ་མཛད་འདུག་ཀྱང་ཡི་གེ་ནོར་བའི་སྐྱོན་དུ་སོང་བར་ངེས་ཏེ་འདིར《དགའ་ལྡན་ཆོས་འབྱུང》དང་ཤཱཀྱ་དབང་གིས་མཛད་པའི་《ཞལ་སྔ་བཀའ་བརྒྱུད་ཐུན་མོང་མིན་པའི་ཆོས་འབྱུང》ཞེས་པ་ལྟར་བྱས་ཤིང་། དེ་ནི་རྗེ་ཙོང་ཁ་པ་འདས་ནས་ལོ་བཅུ་དགུ་སོང་ཟིན་པ་དེ་ཡིན། རྒྱལ་བ་འཕགས་པ་ལྷ་ལུག་ལོར་འཁྲུངས་པ་དང་། ལོང་པོ་གླང་མཇུག་གི་བྲག་ལ་ཡིག་དྲུག་རང་བྱོན་ཤར་བ་དུས་མཚུངས་བྱུང་བར་གྲགས)དགུང་གྲངས་གསུམ་དུ་ཡབ་ཀྱིས་དགེ་བསྙེན་གྱི་སྡོམ་པ་གནང་བཞིན་། མཚན་འཇམ་དཔལ་དུ་གསོལ། ཡབ་ཀྱི་དྲུང་ནས་དབང་དང་རྗེས་གནང་སོགས་ཀྱི་ཆོས་བཀའ་མང་དུ་གསན། དགུང་ལོ་བརྒྱད་དུ་སོན་སྐབས་སེམས་དཔའ་ཆེན་པོ་ཆོས་འཕགས་ལས་རབ་ཏུ་བྱུང་ཞིང་། ཆོས་འཕགས་ཀྱིས་ཁྱོད་རྫུ་འཕྲུལ་ཅན་ཞིག་འདུག་པས་མོའུ་གལ་གྱི་བུ་ཞེས་མིང་ཐོགས་གསུངས་པར་ང་ལ་འཕགས་པ་ལྷ་ཟེར་བ་ཡིན་ཞེས་ཞུས་པས་མཚན་དེ་ལྟར་མཛད། གཙོ་བོར་སློབ་དཔོན་ནམ་རིམ་པ་དང་། སློབ་དཔོན་མགོན་པོ། བཀའ་བཅུ་པ་ནམ་བློ། རྟོགས་ལྡན་ བརྩོན་འགྲུས་འབུམ། བྱང་སེམས་ཤཱཀྱ་རིན་ཆེན་དཔལ། རྒྱལ་སྲས་ཤར་ལུང་པ། དྲུང་པ་འཇམ་དབྱངས་གཞོན་ནུ་མཁས་གྲུབ་གཉིས་ལྡན་གྱི་བླ་མ་བཞི་བཅུ་ལྷག་བསྟེན་ནས་ཟབ་རྒྱས་ཀྱི་ཆོས་བཀའ་དཔག་ཏུ་མེད་པ་གསན་ཅིང་། བསམ་སྒོམ་ཚུལ་བཞིན་དུ་མཛད་པས་མཁས་པར་གྱུར། དགུང་ལོ་བཞི་བཅུ་པ་རབ་བྱུང་བརྒྱད་པའི་ས་ཁྱི་(༡༤༧༨)ལོར་འབྲོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཆེན་པོར་འཇམ་དབྱངས་ཆོས་རྗེ་དང་ཁྲི་རིན་པོ་ཆེ་བ་སོ་ཆོས་ཀྱི་རྒྱལ་མཚན་པས་མཁན་པོ་དང་། རབ་འབྱམས་པ་བཀྲ་ཤིས་རྒྱལ་མཚན་གྱིས་སློབ་དཔོན། སེམས་དཔའི་ཆེན་པོ་དཔལ་ལྡན་དོན་གྲུབ་པས་གསང་དོན་བཅས་མཛད་དེ་དད་པའི་དགེ་སློང་བཅུ་ཚོགས་ཀྱི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་བཞེས་ལེགས་པར་བསྐྱངས། ཡེར་པ་ལྷ་རི་སྙིང་པོ་དང་། ལོང་པོ་རི་བོ་ཆོས་འཕེལ། བཀྲ་ཤིས་དྲག་ར། མཁའ་སྤྱོད་རི་ཁྲོད། སྟོད་སྨན་སྟེང་རི་ཁྲོད། ལེན་རི་ཁྲོད། ཤག་ཏི་ཕུག་སོགས་ལ་སྒྲུབ་སྡེ་བཙུགས། བཀྲ་ཤིས་ཆོས་ལུང་དང་། ཉི་ཟླ་ཐང་། ཉི་མ་གླིང་། དེ་མོ་བློ་གསལ་གླིང་། སྤོ་བོ་ཆུ་མདོ་དགོན། རྒྱུ་རི་བོ་ཆེ་སོགས་ས་དགོན་སྡེ་ཉི་ཤུ་ཙམ་ཕྱག་བཏབ་པ་དང་། དེ་རྣམས་ལ་སྐུ་གསུང་ཐུགས་རྟེན་ཡང་བསམ་གྱི་མི་ཁྱབ་པ་གསར་བཞེངས་བསྐྱངས། བརྩམས་ཆོས་ཀྱང་《བདེ་མཆོག་སྙན་བརྒྱུད་ཀྱི་དཀྱིལ་འཁོར་ཟིན་བྲིས་ཆེ་ཆུང་》དང་《སྤྱི་དོན་བློ་གསལ་མགུལ་རྒྱན་》སོགས་མང་དུ་མཛད། དགུང་གྲངས་ཞེ་དགུ་ཞེས་པ་རབ་བྱུང་བརྒྱད་པའི་མེ་ལུག་(༡༤༨༧)ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་གཉེར་བཞི་ཉིན་བྲག་གསུམ་མཚོ་ཆུའི་ཕུ། སྒམ་ནང་ལུང་པ་ཞེས་བྱ་བར་ཞི་བར་གཤེགས།སྐུ་གདུང་རིལ་པོ་ཐོག་མར་མདའ་ཕུ་མདོ་ཆེན་དགོན་དུ་གདན་གྲངས།དེ་ནས་བླ་མ་བྱང་ཆུབ་སྙིང་པོས་ཐབས་མཁས་ནང་ནས་བཀྲ་ཤིས་ཆོས་ལུང་དུ་གདན་དྲངས་ཏེ་གསེར་སྡོང་བཀྲ་ཤིས་འོད་འབར་དུ་བཞུགས་སུ་གསོལ་ཞེས་གྲགས།

language:
Tibetan

7. Thupten Phuntsok Dictionary

〈ཨཱརྱདེཝ〉སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་མཚན་སྙན་པར་གྲགས་པའི་རྒྱ་གར་གྱི་སློབ་དཔོན་ཞིག འདིས་དབུ་མ་བཞི་བརྒྱ་པ་སོགས་མཛད་དེ་ཀླུ་སྒྲུབ་ཀྱི་དགོངས་པ་རྒྱ་ཆེར་བཀྲལ།

language:
Tibetan

8. smon lam tshig mdzod chen mo

ཨཱརྻདེཝ སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་མཚན་སྙན་པར་གྲགས་པའི་རྒྱ་གར་གྱི་སློབ་དཔོན་ཞིག་འདིས་དབུ་མ་བཞི་བརྒྱ་པ་སོགས་མཛད་དེ་ཀླུ་སྒྲུབ་ཀྱི་དགོངས་པ་རྒྱ་ཆེར་བཀྲལ།

language:
Tibetan

10. Negi Tibetan-Sanskrit Dictionary

nā. āryadevaḥ, ācāryaḥ ma.vyu.3476 (59kha).

language:
Sanskrit

'phags pa lha/ has 1 other term directly related to it, which is presented here.


Sanskrit:


  • āryadeva
  • āryadevaḥ