Skip to main content Skip to search
'phags pa'i rjes thob ye shes/
ID:
T126365
  • འཕགས་པའི་རྗེས་ཐོབ་ཡེ་ཤེས (Tibetan, Tibetan script, Original)
    • > 'phags pa'i rjes thob ye shes/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pakpé jetop yeshé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

the post-meditation wisdom of noble beings, holy aftermath intuition

language:
English

2. Ives Waldo Dictionary

wisdom of the post-meditation of the noble 1s

language:
English

3. dung dkar bod rig pa'i tshig mdzod chen mo

མཉམ་བཞག་སྟོབས། ཀྱིས་བྱུང་ཞིང་མཉམ་བཞག་དེའི་རྗེས་སུ་ཐོབ་པའི་འཕགས་པའི་ཡེ་ཤེས་དེ་ལ་རྗེས་ཐོབ་ཡེ་ཤེས་ཟེར་ཞིང་།འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་མ་ཡིན་པར་ཤེས་པ་ལས་རྒྱང་ཆད་དུ་ཕྱི་རོལ་གྱི་དོན་གྲུབ་པ་རྡུལ་ཙམ་མེད་པར་ངེས་པའི་ངེས་ཤེས་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས། དེའི་ཚེ་སེམས་གཉིས་སྣང་མེད་པས་གཉིས་སྣང་ནུབ་པའི་ཤེས་པ་ཡིན་ཞིང་།ཤེས་པ་དེའི་སྟོབས་ཀྱིས་རྗེས་ཐོབ་ཡེ་ཤེས་ཀྱི་ཚེ་ཡུལ་སྣང་བ་ཐམས་ཅད་ནང་ཤེས་པའི་རྫས་ཀྱི་སྟེང་ནས་བྱུང་བའི་ངེས་ཤེས་ཀྱིས་གཉིས་སུ་སྣང་ཡང་ཞེན་པར་མི་བྱེད་དེ། དཔེར་ན་སྒྱུ་མ་མཁན་གྱིས་རང་གི་སྤྲུལ་པའི་ན་ཆུང་མ་སྣང་ཡང་ཞེན་པ་མེད་པ་བཞིན་ནོ། ། ཐེག་བསྡུས་ལས། མི་ཞིག་མིག་ནི་བཙུམ་པ་ལྟར། ། རྣམ་རྟོག་མེད་པའི་ཤེས་དེ་འདྲ། ། ཞེས་མཉམ་བཞག་སྣང་མེད་དང་། དེ་ཉིད་མིག་ནི་ཕྱི་བ་ལྟར། ། དེ་རྗེས་ཐོབ་པའི་ཤེས་དེ་འདྲ། ། ཞེས་རྗེས་ཐོབ་ཏུ་སྣ་ཚོགས་སྣང་བར་གསུངས་སོ། །

language:
Tibetan

4. Thupten Phuntsok Dictionary

མཉམ་བཞག་སྟོབས་ཀྱིས་བྱུང་ཞིང་མཉམ་བཞག་དེའི་རྗེས་སུ་ཐོབ་པའི་འཕགས་པའི་ཡེ་ཤེས་དེ་ལ་རྗེས་ཐོབ་ཡེ་ཤེས་ཟེར་ཞིང་། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་མ་ཡིན་པར་Šཤེས་པ་ལས་རྒྱང་ཆད་དུ་ཕྱི་རོལ་གྱི་དོན་གྲུབ་པ་རྡུལ་ཙམ་མེད་པར་ངེས་པའི་ངེས་ཤེས་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས། དེའི་ཚེ་སེམས་གཉིས་སྣང་མེད་པས་གཉིས་སྣང་ནུབ་པའི་ཤེས་པ་ཡིན་ཞིང་། ཤེས་པ་དེའི་སྟོབས་ཀྱིས་རྗེས་ཐོབ་ཡེ་ཤེས་ཀྱི་ཚེ་ཡུལ་སྣང་བ་ཐམས་ཅད་ནང་ཤེས་པའི་རྫས་ཀྱི་སྟེང་ནས་བྱུང་བའི་ངེས་ཤེས་ཀྱིས་གཉིས་སུ་སྣང་ཡང་ཞེན་པར་མི་བྱེད་དེ། དཔེར་ན་སྒྱུ་མ་མཁན་གྱིས་རང་གི་སྤྲུལ་པའི་ན་ཆུང་མ་སྣང་ཡང་ཞེན་པ་མེད་པ་བཞིན་ནོ། །ཐེག་བསྡུས་ལས། མི་ཞིག་མིག་ནི་བཙུམ་པ་ལྟར། །རྣམ་རྟོག་མེད་པའི་ཤེས་དེ་འདྲ། །ཞེས་མཉམ་བཞག་སྣང་མེད་དང་། །དེ་ཉིད་མིག་ནི་ཕྱེ་བ་ལྟར། །དེ་རྗེས་ཐོབ་པའི་ཤེས་དེ་འདྲ། །ཞེས་རྗེས་ཐོབ་ཏུ་སྣ་ཚོགས་སྣང་བར་གསུངས་སོ། །

language:
Tibetan