- 'phags pa'i bden pa bzhi/
- ID:
- T126385
- འཕགས་པའི་བདེན་པ་བཞི (Tibetan, Tibetan script, Original)
- > 'phags pa'i bden pa bzhi/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > pakpé denpazhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jeffrey Hopkins Dictionary
Hopkins' Translations: four noble truths
Sanskrit: catvāryāryasatyāni
- language:
- English
2. Rangjung Yeshe Dictionary
-
the four noble truths, the four truths of a noble being. སྡུག་བསྔལ་, ཀུན་འབྱུང་, ལམ་འགོག་པ་, བདེན་པ་བཞི་. Four Noble Truths
- language:
- English
-
Four noble truths. The truth of suffering, origin, path, and cessation. the four truths of noble beings
- language:
- English
3. Ives Waldo Dictionary
-
the four noble truths; སྡུག་བསྔལ་, ཀུན་འབྱུང་, ལམ་ འགོག་པ་, བདེན་པ་བཞི་ suffering, the cause of suffering, the cessation of suffering, the path which brings the cessation of suffering{]
- language:
- English
-
the four noble truths [suffering, the cause of suffering, the cessation of suffering, the path which brings the cessation of suffering]
- language:
- English
-
the four noble truths
- language:
- English
5. dung dkar bod rig pa'i tshig mdzod chen mo
སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་ཏུ་བྱ། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་བསྒོམ་པར་བྱ་དང་བཞིའོ། ། ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ལས། སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་ནི། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འཇིག་རྟེན་གྱི་ལས་ཀྱི་འབྲས་བུ་གྲུབ་ཟིན་པ་འདི་ནི་སྤང་དུ་མི་རུང་བས་དེ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་བདག་མེད་པར་ཤེས་པར་བྱའོ། ། ཀུན་འབྱུང་སྤང་བ་བྱ་བ་ནི། སྔོན་གྱི་ལས་དང་ཉོན་མོངས་པ་དེ་དག་ཁམས་གསུམ་རྒྱུད་ལྔར་འབྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ་དེ་བསྐྱེད་པ་སྟེ། རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་དང་འབྱུང་བའི་ཚུལ་དུ་རིག་ནས་ལམ་གྱིས་སྤང་བར་བྱ་བ་ཡིན་པར་ཤེས་པའོ། འགོག་པ་མངོན་དུ་བྱ་བ་ནི། སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་ཀ་སྤངས་པ་ཕུང་པོའི་ལྷག་མ་དང་བཅས་པ་དང་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ནི་འགོག་པ་དང་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བ་ལྟ་བུར་ཤེས་པའོ། ། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་བསྒོམ་པར་བྱ་བ་ལ། ལམ་ནི་བྱང་ཆུབ་ཀྱི་ཕྱོགས་སམ་ཡང་ན་འཕགས་པའི་ལམ་ཡན་ལག་བརྒྱད་པོ་དག་སྟེ། དེ་དག་གི་སྡུག་བསྔལ་དང་ཀུན་འབྱུང་འགག་ཅིང་སྤང་སྟེ། དེ་ཡང་ལམ་དང་རིགས་པ་དང་བསྒྲུབ་པ་དང་ངེས་པར་འབྱིན་པར་ཤེས་པ་སྟེ། དངོས་སུ་ན་གང་ཟག་དང་ཆོས་ལ་བདག་མེད་པ་བཙལ་ཏེ་རྙེད་པར་བྱེད་པ་དང་། སོ་སོའི་སྐྱེ་བོའི་ས་ནས་འཕགས་པའི་གནས་སུ་ཕྱིན་པར་བྱེད་པས་ན་ལམ་མོ།དེ་ལ་རྟོགས་པ་འདྲིས་པར་བྱེད་པ་ནི་བསྒོམ་པ་ཞེས་བྱའོ། ། ཞེས་གསུངས་སོ། ། ཤེས་ལྡན་ཡིད་ཀྱི་དགའ་སྟོན་ལས། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པའོ་ཞེས་དྲང་ངོ་། ། འདི་ལ་བདེན་པ་བཞིའང་ཟེར་ལ། སངས་རྒྱས་ཀྱིས་ཐོག་མར་བསྐོར་བའི་ཆོས་འཁོར་བཞི་ཡིན་པས་བདེན་པ་བཞིའི་ཆོས་འཁོར་ཡང་ཟེར་རོ། །
- language:
- Tibetan
6. Thupten Phuntsok Dictionary
སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་བསྒོམ་པར་བྱ་དང་བཞིའོ། །ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ལས། སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་ནི། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འཇིག་རྟེན་གྱི་ལས་ཀྱི་འབྲས་བུ་གྲུབ་ཟིན་པ་འདི་ནི་སྤང་དུ་མི་རུང་བས་དེ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཤེས་པར་བྱའོ། ། ཀུན་འབྱུང་སྤང་བར་བྱ་བ་ནི། སྔོན་གྱི་ལས་དང་ཉོན་མོངས་པ་དེ་དག་ཁམས་གསུམ་རྒྱུད་ལྔར་འབྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ་དེ་བསྐྱེད་པ་སྟེ། རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་དང་འབྱུང་བའི་ཚུལ་དུ་རིག་ལམ་གྱིས་སྤང་བར་བྱ་བ་ཡིན་པར་ཤེས་པའོ། །འགོག་པ་མངོན་དུ་བྱ་བ་ནི། སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་ཀ་སྤངས་པ་ཕུང་པོའི་ལྷག་མ་དང་བཅས་པ་དང་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ནི་འགོག་པ་དང་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བ་ལྟ་བུར་ཤེས་པའོ། །སྡུག་བསྔལ་འགོག་པར་འགྱུར་བའི་ལམ་བསྒོམ་པར་བྱ་བ་ལ། ལམ་ནི་བྱང་ཆུབ་ཀྱི་ཕྱོགས་སམ་ཡང་ན་འཕགས་པའི་ལམ་ཡན་ལག་བརྒྱད་པོ་དག་སྟེ། དེ་དག་གི་སྡུག་བསྔལ་དང་ཀུན་འབྱུང་འགག་ཅིང་སྤང་སྟེ། དེ་ཡང་ལམ་དང་རིགས་པ་དང་བསྒྲུབ་པ་དང་ངེས་པར་འབྱིན་པར་ཤེས་པར་བྱ་སྟེ། དངོས་སུ་ན་གང་ཟག་དང་ཆོས་ལ་བདག་མེད་པ་བཙལ་ཏེ་རྙེད་པར་བྱེད་པ་དང་། སོ་སོའི་སྐྱེ་བོའི་ས་ནས་འཕགས་པའི་གནས་སུ་ཕྱིན་པར་བྱེད་པས་ན་ལམ་མོ། །དེ་ལ་རྟོགས་པ་འདྲིས་པར་བྱེད་པ་བསྒོམ་པ་ཞེས་བྱའོ། །ཞེས་གསུངས་སོ། །ཤེས་ལྡན་ཡིད་ཀྱི་དགའ་སྟོན་ལས། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པའོ་ཞེས་དྲང་ངོ་། །འདི་ལ་བདེན་པ་བཞིའང་ཟེར་ལ། སངས་རྒྱས་ཀྱིས་ཐོག་མར་བསྐོར་བའི་ཆོས་འཁོར་བཞི་ཡིན་པས་བདེན་པ་བཞིའི་ཆོས་འཁོར་ཡང་ཟེར་རོ། །
- language:
- Tibetan
7. Yogācāra Glossary
- Sanskrit:
-
- catvāry ārya-satyāni
- catur-ārya-satya