- ba ri lo tsA ba/
- ID:
- T128094
- བ་རི་ལོ་ཙཱ་བ (Tibetan, Tibetan script, Original)
- > ba ri lo tsA ba/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > bari lotsawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
Bari Lotsawa; (1040-1111), contemporary of Milarepa, important lineage holder in early Sakya
- language:
- English
2. bod rgya tshig mdzod chen mo
[1803] བ་རི་ལོ་ཙཱ་བ་རིན་ཆེན་གྲགས་འདི་རྗེ་བཙུན་མི་ལ་རས་པ་དང་དུས་མཉམ་དུ་མངའ་རིས་སུ་འཁྲུངས། དོན་ཞགས་དང། སྲུང་བ་ལྔ། སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་བསྒྱུར། ས་ཆེན་ཀུན་དགའ་སྙིང་པོའི་བླ་མ་མཛད། ས་སྐྱ་གོང་མ་དཀོན་ཅོག་རྒྱལ་པོ་གཤེགས་དུས་སྲས་ས་ཆེན་ནར་མ་སོན་པས། བླ་མ་འདིས་གདན་ས་བསྐྱངས། རབ་བྱུང་གཉིས་པའི་ལྕགས་ཡོས་ལོ་ལ་འདས། ... ༼1040-1111༽ ...
- language:
- English
3. Thupten Phuntsok Dictionary
འདི་ཉིད་རབ་བྱུང་དང་པོའི་ལྕགས་འབྲུག (༡༠༤༠) ལོར་སྟོད་མངའ་རིས (ཁམས་སུ་འཁྲུངས་ཞེས་པའང་སྣང) སུ་སྐུ་འཁྲུངས། གཙོ་བོར་དོན་ཞགས་ཀྱི་སྐོར་ལ་འཕྲིན་ལས་ཆེ་བ་ལགས། རྒྱ་གར་དུ་མུ་སྟེགས་ཀྱི་རྒྱལ་པོས་མི་བརྒྱ་ཕྲག་གླུད་དུ་གསོད་པ་གསེར་གང་ཡོད་ཀྱིས་བླུས། ས་ཆེན་ཀུན་དགའ་སྙིང་པོའི་བླ་མ་མཛད། ས་སྐྱ་གོང་མ་འཁོན་དཀོན་མཆོག་རྒྱལ་པོ་སྐུ་གཤེགས་དུས་སྲས་ས་ཆེན་ནར་མ་སོན་པས་བླ་མ་འདི་ཉིད་ཀྱིས་གདན་ས་ལོ་བཅུའི་བར་བསྐྱངས། མཐར་དགུང་ལོ་དོན་གཉིས་པ་རབ་བྱུང་གཉིས་པའི་ལྕགས་ཡོས (༡༡༡༡) ལོར་སྐུ་གཤེགས། དགུང་ལོ་དོན་གཉིས་བཞུགས་ཤིང་། ལོ་རྒྱུས་རྒྱས་པ་ད་ཕན་མ་མཐོང་ལགས། བླ་མ་འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས》 བྱ་རྒྱུད》 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ》ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ》སོགས་དང་། བསྟན་འགྱུར་ལས། དཔལ་དགྱེས་པའི་རྡོ་རྗེའི་རྒྱུད་ཀྱི་རིམ་པ་ལས་བདག་བྱིན་གྱིས་བརླབས་པ་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས》 རྡོ་རྗེ་གུར་ནས་གསུངས་པའི་རོ་སྲེག་གི་ཆོ་ག》 དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ》སོགས་མང་ངོ་། །
- language:
- Tibetan
4. smon lam tshig mdzod chen mo
བ་རི་ལོ་ཙཱ་བ་རིན་ཆེན་གྲགས་འདི་རྗེ་བཙུན་མི་ལ་རས་པ་དང་དུས་མཉམ་དུ་མངའ་རིས་སུ་འཁྲུངས། (1040-1111)དོན་ཞགས་དང༌། སྲུང་བ་ལྔ། སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་བསྒྱུར། ས་ཆེན་ཀུན་དགའ་སྙིང་པོའི་བླ་མ་མཛད། ས་སྐྱ་གོང་མ་དཀོན་ཅོག་རྒྱལ་པོ་གཤེགས་དུས་སྲས་ས་ཆེན་ནར་མ་སོན་པས། བླ་མ་འདིས་གདན་ས་བསྐྱངས། རབ་བྱུང་གཉིས་པའི་ལྕགས་ཡོས་ལོ་ལ་འདས།
- language:
- Tibetan