- bad kan ser po/
- ID:
- T128560
- བད་ཀན་སེར་པོ (Tibetan, Tibetan script, Original)
- > bad kan ser po/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > beken serpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
ནད་ཀྱི་རང་མདོག་ལ་བལྟོས་ནས་བཏགས་པའི་བད་ཀན་གཞན་རྒྱུད་ཅན་གྱི་ནད་མཁྲིས་པ་དང་བསྡོངས་པའི་མིང་སྟེ། མི་དབང་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་ལྷན་ཐབས་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ལས། བད་ཀན་སེར་པོ་མཁྲིས་པའི་ཁ་ལུད་ཡིན། །རྩ་ནི་དལ་ཞིང་སྟོང་ལ་ཆུ་མདོག་སེར། །ཕོ་བ་ལྟེམ་ཞིང་ཟས་ལ་དང་ག་ཞན། །ཆང་འཐུངས་དྲོས་ཚེ་མཚོག་མ་མིག་རུས་ན། །བྲང་ཚ་ཆུ་སྐྱུར་འབྱུང་ཞིང་མཁྲིས་པ་སྐྱུག །ས་རླན་རུལ་སྐྱུར་ཟོས་རྗེས་འཁྲུ་ཡང་སྲིད། །མཇུག་ཏུ་སྨུག་པོའམ་མཁྲིས་པའི་ནད་དུ་འགྱུར། །ཞེས་དང་། གོང་སྨན་པས། བད་ཀན་ཟེར་པོ་ཞེས་བྱ་བ། །ཕོ་བའི་དྲོད་ཤོར་དང་ག་འགག །སྣོད་མཁྲིས་ཁ་ལུད་རྩ་མིག་ཤོར། །ཤ་མདོག་སེར་འགྱུར་འཁྲུ་ཞིང་སྐྱུག །མཇུག་ཏུ་མཁྲིས་པ་གྲང་མཁྲིས་འགྱུར། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བད་ཀན་སེར་པོ་ནི། ནད་ཀྱི་རང་མདོག་ལ་བལྟོས་ནས་བཏགས་པའི་ཕོ་བའི་མེ་དྲོད་འཇུ་བྱེད་ཀྱི་སྟོབས་ཉམས་ནས་སྣོད་མཁྲིས་རྩ་མིག་ཏུ་བྱེར་ཏེ་ཤ་མདོག་སེར་པོར་འགྱུར་བའི་ནད་དོ། །
- language:
- Tibetan