- bar rta/
- ID:
- T128916
- བར་རྟ (Tibetan, Tibetan script, Original)
- > bar rta/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > barta (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Dan Martin Dictionary
rlig ril bton pa na ba. Chödag. Dagyab. castration? Text 1.
- language:
- English
3. Thupten Phuntsok Dictionary
འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་རླིག་པའི་མིང་གི་རྣམ་གྲངས་ཤིག་སྟེ། འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཁ་ཐོར་གྱི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། བར་རྟ་ཞེས་རླིག་པའི་མིང་གི་རྣམ་གྲངས་ཏེ། དེ་འདོམས་ཀྱི་བར་དུ་རྟ་སྒྲོ་ལྟར་མཐུར་དུ་འཕྱང་བས་ན་མིང་ཡང་དེ་ལྟར་བཏགས་ཤིང་གཞན་ཡང་སྒྲ་བསྡུས་པའི་སྐབས་སུ་རླིག་རླུགས་ནད་ཀྱི་མིང་དུ་འཇུག་པའང་ཡོད་དོ། ཞེས་དང་། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་མན་ངག་ཀུན་གྱི་སྙིང་པོ་བསྡུས་པ་ཝ་ཎའི་ཕྲེང་བ་ལས། རླིག་རླུག་བར་རྟ་ཞེས་བྱ་བ། །རླུང་གི་རྒྱུ་ལམ་འགགས་པས་འཁྲུགས། །ཞེས་གསུངས།
- language:
- Tibetan