Skip to main content Skip to search
bi kra ma la shI la/
ID:
T129387
  • བི་ཀྲ་མ་ལ་ཤཱི་ལ (Tibetan, Tibetan script, Original)
    • > bi kra ma la shI la/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bitra mala shila (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[1826] ༼ལེགས༽ ཚུལ་ཁྲིམས་དྲི་ངད་ལྡན་པའི་དགོན་པ། རྒྱ་གར་ཆུ་བོ་གངྒཱ་འགྲམ་ན་ཆགས་པའི་དགོན་ཆུང་ཞིག་སྟེ་མཉམ་མེད་ཇོ་བོ་ཨ་ཏི་ཤ་སོགས་པཎྜི་ཏ་མང་པོ་བཞུགས་མྱོང་ས་ཞིག་...

language:
English

2. dung dkar bod rig pa'i tshig mdzod chen mo

《མདོ་སྡེ་དྲན་པ་ཉེར་བཞག》གི་འགྱུར་བྱང་དུ། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ལ་ཤཱི་ལ་ནའང་ཞེས་གསལ་ཞིང་། ཇོ་ནང་ཏཱ་ར་ན་ཐའི《རྒྱ་གར་ཆོས་འབྱུང》ཤོག་གྲངས༢༦༢ལས། རྒྱལ་པོ་ངྷརྨ་པ་ལས་བཞེངས་པར་བཤད་པས་མི་མཐུན་པ་འདུག་ཀྱང་། པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་ནི་པཎ་ཆེན་བྷྱ་རའི་སློབ་པ་ཡིན་པས་གོང་གི་ལོ་རྒྱུས་དེ་ཁུངས་དག་པར་མངོན་པ་མ་ཟད། 《ལྷོ་བྲག་ཆོས་འབྱུང》ལེའུ་བཞི་པ་རྒྱ་གར་གྱི་རྒྱལ་རབས་སུ་ཡང་གཙུག་ལག་ཁང་འདི་རྒྱལ་པོ་དེ་ཝ་པཱ་ལས་བཞེངས་པར་གསུངས་ལ་《འཛམ་གླིང་རྒྱས་བཤད》ལས། གྲོང་ཁྱེར་པ་ཋ་ན་ཡི་ནུབ་འགྲམ་བརྒྱུད་དེ་ཆུ་བོ་གསེར་ལྡན་ཨན་ངྷ་ན་ཏི་དང་ཤར་འགྲམ་བརྒྱུད་དེ་ཆུ་བོ་ནེ་རཉྫ་ན་གཉིས་ལྷོ་ནས་བྱང་དུ་གངྒར་འབབ་པ་ལས། ཆུ་བོ་གསེར་ལྡན་དང་ཆུ་བོ་གངྒ་གཉིས་ཀྱི་འདུས་མཚམས་དང་ཧ་ཅང་མི་རིང་བའི་སར་རི་བྲག་ཆུང་ངུ་ཞིག་གི་སྟེང་ན་རྡོ་ཁང་འགའ་རེ་ཡོད་པ་དེ་ནི་བི་ཀྲ་མ་ལ་ཤཱི་ལའི་ཤུལ་ཡིན་པ་དང་། དེར་སྔོན་དུས་དགོན་སྡེ་དང་གཙུག་ལག་ཁང་མང་པོ་ཡོད་ཀྱང་དུ་ཀའི་དཔུང་གིས་གཏོར་བ་ཡིན་ཅིང་། དེང་སང་ཡང་ནང་པའི་རབ་བྱུང་རྒྱུད་སྔགས་པ་འགའ་ཞིག་རྒྱུན་དུ་གནས་ཅེས་ཨཙརྱ་དག་ཟེར་ཅེས་གསལ། གཞན་ཡང་དགེ་ཆོས་རིན་པོ་ཆེའི་གསུང་ལས། ཡང་གཱ་ཡ་ནས་ཀ་ལི་ཀ་ཏར་འགྲོ་བའི་ལམ་དུ་སུལ་ཏན་གན་ཇི་བྱ་བའི་གྲུ་ཟན་ལ་སླེབས། དེར་གྲོང་དང་ཉེ་བའི་གངྒའི་ཆུ་དཀྱིལ་ན་བྲག་རི་ལྷ་ཁང་ཅན་ཞིག་ཡོད་པའི་ཚུར་ངོས་ཀྱི་ཆུ་འགྲམ་བྲག་རི་ཆུང་ངུ་ཞིག་ཡོད་ས་དེ་བི་ཀྲ་མ་ལ་ཤཱི་ལའི་དགོན་ཤུལ་ཡིན་ཀྱང་ས་མ་བརྐོས་པས་ས་མིག་འདི་ཡིན་ད་དུང་མི་ཤེས། དེ་ནས་སོང་པས་བྷང་གལ་པུར་དུ་སླེབས་ཤིང་དེ་ནི་སྔོན་གྱི་བྷངྒལའི་རྒྱལ་ཁབ་སྟེ་སློབ་དཔོན་ཞི་བ་འཚོ་དང་ཇོ་བོ་རྗེ་འཁྲུངས་སའི་གནས་ཡིན་ཅིང་ཡུལ་ཙམྤ་ཡང་དེ་ཡིན། ཟ་ཧོར་རམ་ས་ཧོར་ཡང་དེ་དང་ཉེ་བ་ནས་སྔོན་གྱི་ཕོ་བྲང་གི་ཤུལ་ཡིན་སོགས་ཡོད་ཟེར། ཀ་ལི་ཀ་ཏ་ནས་རེལ་དང་འཇའ་ཙི་ལས་ཤར་ཕྱོགས་སུ་ཆེར་མི་རིང་ན་ཙི་ཌ་གོང་ཡོད། དེར་མ་ཧཱ་མུ་ནིའི་གཙུག་ལག་ཁང་སོགས་དང་དགེ་འདུན་གྱི་སྡེ་མང་དུ་བཞུགས། ཡུལ་དེར་ནི་སྔོན་ནས་ད་ལྟའི་བར་བསྟན་པ་མ་ཉམས་པར་བཞུགས་ཤིང་། པི་ཎྜི་ཏ་ནགས་ཀྱི་རིན་ཆེན་བྱོན་ས་ཡང་འདི་ཡིན་པར་སེམས་ཞེས་གསལ།

language:
Tibetan

3. Thupten Phuntsok Dictionary

〔ལེགས〕 ཚུལ་ཁྲིམས་དྲི་ངད་ལྡན་པའི་དགོན་པ། རྒྱ་གར་ཆུ་བོ་གངྒཱའི་འགྲམ་ན་ཆགས་པའི་དགོན་ཆུང་ཞིག་སྟེ་མཉམ་མེད་ཇོ་བོ་ཨ་ཏི་ཤ་སོགས་པཎྜི་ཏ་མང་པོ་བཞུགས་མྱོང་ས་ཞིག

language:
Tibetan

4. smon lam tshig mdzod chen mo

(ལེགས་སྦྱར།) ཚུལ་ཁྲིམས་དྲི་ངད་ལྡན་པའི་དགོན་པ། རྒྱ་གར་ཆུ་བོ་གངྒཱའི་འགྲམ་ན་ཆགས་པའི་དགོན་ཆུང་ཞིག་སྟེ་མཉམ་མེད་ཇོ་བོ་ཨ་ཏི་ཤ་སོགས་པཎྜི་ཏ་མང་པོ་བཞུགས་མྱོང་ས་ཞིག

language:
Tibetan