- bir wa pa/
- ID:
- T129485
- བིར་ཝ་པ (Tibetan, Tibetan script, Original)
- > bir wa pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > birwapa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
Virupa [Sakya lineage master, indian mahasiddha.]
- language:
- English
-
Virupa
- language:
- English
2. dung dkar bod rig pa'i tshig mdzod chen mo
(གྲུབ་ཆེན་བིར་ཝ་པ)འདི་རྒྱ་གར་དུ་གྲགས་ཆེ་བའི་གྲུབ་ཐོག་ཅིག་ཡིན། དུས་སྐབས་གང་དུ་བྱུང་མིན་གསལ་བར་བཤད་པའི་ལོ་རྒྱུས་མ་མཐོང་། རིགས་ནི་རྒྱལ་རིགས་ཡིན་ཀྱང་རྒྱས་སྲས་སྤངས་ནས་ན་ལེནྡྲ་དགོན་པར་རབ་ཏུ་བྱུང་། མཁན་པོ་དྷརྨ་མི་ཧྲས་ཤྲི་དྷརྨ་པ་ལ་ཞེས(བོད་སྐད་དུ་དཔལ་ལྡན་ཆོས་སྐྱོང་དུ་གྲགས)བཏགས། མཁན་པོ་དེ་ཉིད་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མཐའ་དག་ལ་སྦྱངས་ཏེ་མཁས་པར་གྱུར། མཁན་པོ་དེ་སྐུ་འདས་རྗེས་ན་ལེནྡྲ་དགོན་པའི་མཁན་པོ་མཛད། དེ་ནས་ཡུན་རིང་མ་སོང་བར་གྲུབ་པ་ཐོབ་པའི་རྟགས་སྣ་ཚོགས་མིས་རང་ཉིད་ལ་དམའ་འབེབས་བྱེད་པ་གསན་ཏེ་དགོན་པའི་སྒྲིག་ནས་ཁ་བྲལ་ཏེ་སྤྱོད་པ་ལ་གཤེགས། སློབ་དཔོན་འདིའི་ལོ་རྒྱུས་གཞན་དག་སྐོར་སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་པ་ཚོར་མ་གཏོགས་དགོས་པ་མེད་སྟབས་འདིར་མ་བྲིས། གཟིགས་པར་འདོད་ན་《ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར》པོད་གསུམ་སྡེ་དགེ་པར་ཁང་དུ་ཤིང་དཔར་ཡོད་པ་དེར་གཟིགས།
- language:
- Tibetan
3. Thupten Phuntsok Dictionary
(གྲུབ་ཆེན་བིར་ཝ་པ) འཕགས་པའི་ཡུལ་གྱི་མཁས་པ་ཡོངས་ཀྱི་གཙུག་གི་ནོར་བུ་རྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་འདྲེན་མཆོག་རྗེ་བཙུན་དམ་པ་དཔལ་ལྡན་ཆོས་སྐྱོང་བི་རུ་པ་ནི། བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ནས་ལོ་སྟོང་དང་ཉི་ཤུ་ཙམ་དུ་རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་པོའི་རིགས་སུ་སྐུ་འཁྲུངས་ཤིང་། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་བོར་ཏེ་ཤར་ཕྱོགས་སོ་མ་པུ་རིའི་གཙུག་ལག་ཁང་དུ་མཁན་པོ་དུལ་བའི་ལྷ་དང་། སློབ་དཔོན་རྒྱལ་བ་གྲགས་པ་ལས་རབ་ཏུ་བྱུང་། དཀོན་མཆོག་གི་རྟེན་བཞེངས། དཔལ་ནཱ་ལེན་དྲར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་མཁན་པོ་དྡྷཱརྨཱ་མི་དྲ་ཞེས་བྱ་བའམ། རྣམ་པར་རྒྱལ་བའི་ལྷ་ཞེས་བྱ་བ་ལས་རབ་ཏུ་བྱུང་སྟེ་ཤྲི་དྷརྨ་པ་ལ་ (བོད་སྐད་དུ་དཔལ་ལྡན་ཆོས་སྐྱོང་) ཞེས་པ་མཚན་གསོལ། བདག་ཉིད་ཆེན་པོ་འདི་སྤྱིར་ཡང་རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་། ལྷག་པར་དུ་མཁན་པོ་དེ་ཉིད་ཀྱིས་དཔལ་འཁོར་ལོ་བདེ་མཆོག་གི་གདམས་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གནང་བར་མཛད་དེ། དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་གི་པཎྚིཏ་ཐམས་ཅད་ཀྱི་མཁན་པོར་ཆེན་པོ་གྱུར་ཏེ། ཉིན་མོ་འཆད་རྩོད་རྩོམ་གསུམ་དགེ་འདུན་གྱི་བྱ་བ་དང་། མཚན་མོ་བདེ་མཆོག་གི་སྒྲུབ་པ་ལ་བརྩོན་པ་ཡུན་རིང་དུ་མཛད་ཀྱང་རྟགས་སམ་དངོས་གྲུབ་ཏུ་ངེས་པ་གང་ཡང་མ་བྱུང་བའི་ཁར་ནུབ་གཅིག་ཆུ་བོ་གྱེན་ལ་འགྲོ་བ་དང་། ཉི་ཟླ་ས་ལ་ལྷུང་བ་དང་། རི་བོ་གྲུམ་པ་སོགས་རྨིས་པས། ད་ཕན་རྩོམ་པ་དང་། འཆད་པ་དང་། དགེ་འདུན་གྱི་བྱ་བ་ལས་ཡི་དམ་ལྷའི་སྒྲུབ་པ་མི་བྱེད་དོ་ཞེས་དམ་བཅས་ནས། དཔྱིད་ཟླ་ར་བ་ས་གའི་ཉི་ཤུ་གཉིས་ཀྱི་ནུབ་མོར་ཕྲེང་བ་འཆག་ཁང་དུ་བསྐྱུར་ནས་ཅི་བདེར་གནས་སོ། །དེའི་ནུབ་མོ་རྨི་ལམ་དུ་བདག་མེད་མ་ཐ་མལ་པའི་བུད་མེད་སྔོན་མོའི་གཟུགས་སུ་བྱོན་ཏེ། །རིགས་ཀྱི་བུ་ཚུལ་བཞིན་མ་ཡིན་པའི་སྤྱོད་པ་དེ་ལྟ་བུ་བྱེད་པ་མ་ལེགས་པར་གྱིས་ལ་སྒྲུབ་པ་ཚུལ་བཞིན་དུ་གྱིས་ཤིག ཁྱོད་ཀྱིས་ལས་བསགས་པའི་ལྷ་ང་ཡིན་པས་བྱིན་གྱིས་བརླབ་ཀྱི་ཁྱོད་ཀྱི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་གསུངས་ནས་མི་སྣང་བར་གཤེགས་སོ། ། དེ་ནས་སང་ཉི་ཤུ་གསུམ་གྱི་ཉིན་མོ་ཕྲེང་བ་བླངས་ཏེ་ལུང་བསྟན་པ་བཞིན་བྱས་པས། དེའི་ནུབ་མོར་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་སྣང་བ་ལྷ་བཅོ་ལྔའི་དཀྱིལ་འཁོར་གྱི་རྣམ་པར་བྱོན་ཏེ་དབང་བཞི་རྫོགས་པར་བསྐུར་བས་ས་དང་པོ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེས། དེ་བཞིན་དུ་ཞག་བདུན་གྱི་མཐར་ཉི་ཤུ་དགུར་སོང་བའི་ནུབ་མོར་ས་དྲུག་གི་རྟོགས་པ་བྱུང་ངོ་། །དེ་ལྟར་དབང་བཞི་རྫོགས་པར་བསྐུར་བས་དབང་གི་ཆུ་བོ་མ་ནུབ། ས་དང་པོ་ནས་དྲུག་པ་ཚུན་ཆད་ཀྱི་རྟོགས་པ་སྐྱེས་པ་དང་། བྱིན་རླབས་ཀྱི་རྒྱུན་མ་ཆད། སྔར་གྱི་རྟགས་སམ་དངོས་གྲུབ་ཏུ་ཚོར་བའི་ངེས་པ་གང་ཡང་མ་བྱུང་ལ། མི་འཚལ་པ་དུ་མ་བྱུང་བས་ཐུགས་མུག་པ་དེ་ཏིང་ངེ་འཛིན་གྱི་དྲོད་རྟགས་ཡིན་པར་འདུག་པ་ལ་ད་སྔར་དམ་པའི་གསུང་གིས་མ་བརྒྱན་པས་དེར་ངོ་མ་ཤེས་པ་དེ་ད་ལེགས་པར་རྟོགས་པས་ན་གདམས་ངག་གི་སརྒ་མ་ལོག་སྟེ་སྙན་བརྒྱུད་བཞིས་བྱིན་གྱིས་བརླབས་ཤིང་། སྙན་བརྒྱུད་བཞིའི་གདམས་པའོ། ། དེ་ལྟར་རྟོགས་པ་དེ་སྐྱོང་ཞིང་རང་གི་བྲང་ཁང་དུ་བཞུགས་པ་ན། ལ་ལས་བུད་མེད་བཅོ་ལྔ་དང་ལྷན་ཅིག་གནས་པ་མཐོང་། འགའ་ཞིག་གིས་མར་མེ་འབར་བ་བཅོ་ལྔར་མཐོང་བ་སོགས་ཀུན་ཐེ་ཚོམ་དུ་གྱུར་ཡང་ཀུན་གྱི་མཁན་པོ་ཆེན་པོ་ཡིན་པས་གླེང་བ་དང་དབྱུང་བར་མ་ནུས་སོ། ། དེའི་ཚེ་བསྟན་པ་ལ་སྨོད་པའི་ཉེས་པ་སྤང་བའི་དོན་དུ་བདག་ཉིད་ངན་པར་ཁས་བླང་བར་བཞེད་ནས། ཆོས་གོས་ལྷུང་བཟེད་ལ་སོགས་པ་དཀོན་མཆོག་གི་སྤྱན་སྔར་མཆོད་པ་ཕུལ་ཏེ་གཅེར་བུ་ཨ་མེ་བི་རུ་པ་ཞེས་བརྗོད་ཅིང་ཧ་དེར་བྱོན་ཏེ། ཆང་འཚོང་མ་དང་སྨད་འཚོང་མའི་ཁྱིམ་དུ་ཡང་བྱོན་པས་མི་ཐམས་ཅད་ཧ་ལས་པར་གྱུར་ནས། རྔ་དང་འཁར་རྔ་བརྡུངས་ཏེ་གནས་ནས་ཕྱུང་ཞིང་། སླ་འོང་དུ་མི་འཇུག་པའི་ནང་ཁྲིམས་བཅས་སོ། །དེ་ནས་ཝ་ར་ཎ་སིར་འགྲོ་བའི་ལམ་གངྒའི་དྲུང་དུ་བྱོན་ནས་ང་ངན་པ་ཡིན་པས་ཁྱེད་ལ་རེག་མི་རུང་བས་ཁྱོད་ཀྱིས་ལམ་བྱིན་ཅིག་ཅེས་བརྗོད་པས་ཆུ་བོ་མར་སོང་དང་ཡར་སོང་ལོག་པའི་མཚམས་སུ་ལམ་བྱུང་ཞིང་མགུར་བཞེངས་པས་དགེ་འདུན་གྱིས་གྲུབ་པ་ཐོབ་པར་ཤེས་ནས་ཞབས་ལ་འཇུ་བ་ལ་སོགས་པས་བཟོད་པ་གསོལ་བ་དང་། བཞུགས་པར་ཞུ་བ་ཕུལ་བས། བཟོད་པར་གནང་ཞིང་བཞུགས་པར་མ་གནང་ནས། དེ་ནས་ཝ་ར་ཎ་སིར་བྱོན་ནས་མུ་སྟེགས་ཀྱི་རྒྱལ་པོ་གདུག་པ་ཅན་རྣམས་རྫུ་འཕྲུལ་ཡ་མ་ཟུང་དུ་མ་བསྟན་ནས་རྡོ་རྗེ་ཐེག་པའི་ལམ་ལ་བཀོད། དེ་ནས་རྒྱ་གར་ལྷོ་ཕྱོགས་བི་མེ་ས་ར་དང་ཉེ་བའི་ཀ་ནས་ཏའི་གྲོང་ཁྱེར་དུ་ཆང་འཚོང་མ་ཞིག་གི་ཁྱིམ་དུ་ཆང་ཉོ་བྱས་པས་རིན་ཅི་ཡོད་ཟེར་ནས་ངེད་ངོམས་པར་གྱིས་དང་ཁྱེད་ཅི་འདོད་པ་སྦྱིན་གྱི་གསུངས་པས། ཡིད་མ་ཆེས་ཏེ་ཇི་ཙམ་ན་སྟེར་ཞེས་དྲིས་པས། ཉི་གྲིབ་ཀྱི་མཚམས་སུ་རི་མོ་རེ་མཛད་ནས་འདི་སོང་མ་ཐག་ཁྱེད་ལ་སྦྱིན་ནོ་ཞེས་གསུངས་ཏེ་ཉི་མ་གཏེང་པར་བཙུད་ནས་ཆང་རྣམས་ཟད་པ་དང་རིན་སློངས་བྱས་པས་ད་དུང་ཉི་མ་མ་སོང་གསུངས། དེ་བཞིན་དུ་ཡུལ་ཁམས་བཅོ་བརྒྱད་ཀྱི་ཆང་ཟད་པར་གསོལ། དེའི་ཚེ་རྒྱལ་པོའི་དབྱུ་གུ་དང་ཆུ་ཚོད་ལ་སོགས་པའི་རྩིས་ཐམས་ཅད་ཀྱང་འཁྲུགས་མི་རྣམས་ཀྱང་གཉིད་ར་རོ་བ་ལྟ་བུར་གྱུར་པས། རྒྱལ་པོས་ཉི་མ་གཏོང་བར་ཞུས་པས་ང་ལ་ཆང་རིན་མེད་གསུངས་ཏེ་རྒྱལ་པོས་ཆང་འཚོང་མ་རྣམས་ལ་ཆང་རིན་འཇལ་བས་ཉི་མ་དམར་ཧྲིལ་གྱིས་ནུབ་པ་གྱུར་ཏེ། ཞག་གསུམ་གྱི་མཚན་ཕྱེད་ཙམ་དུ་གྱུར། དེའི་ཚེ་མགུར་བླངས་ཏེ་གྲགས་པ་ཉི་མ་དང་མཉམ་པར་གྱུར། གཞན་ཡང་དབང་ཕྱུག་ཆེན་པོའི་གྲུབ་མཐའ་འཛིན་པའི་རལ་པ་ཅན་ལྔ་བརྒྱ་དང་། རྒྱ་གར་ཤར་ཕྱོགས་ཀྱི་ཕྲ་མན་མ་སོགས་མུ་སྟེགས་ཀྱི་གྲུབ་མཐའ་སྨྲ་བ་དུ་མ་གྲུབ་པའི་བརྟུལ་ཞུགས་ཀྱི་སྒོ་ནས་ནང་པ་སངས་རྒྱས་པའི་བསྟན་པ་ལ་བཙུད་ནས་མཛད་ཕྲིན་དང་སྙན་གྲགས་ནོར་འཛིན་སྒེག་མོའི་ཁྱོན་ཀུན་ཏུ་ཁྱབ་པར་གྱུར་ཏོ། །དེས་ཤར་ཕྱོགས་ཀྱི་གྲུབ་ཆེན་ནག་པོ་པ་ལ་བརྒྱུད། དེས་ཡུལ་དབུས་ཀྱི་རྣལ་འབྱོར་པ་ཆེན་པོ་ཌ་མ་རི་པ་ལ་བརྒྱུད། དེས་གྲུབ་ཆེན་ཨ་ཝ་དྷཱུ་ཏཱི་པ་ཞེས་གཉིས་སྤངས་ཀྱི་སྤྱོད་པ་མཛད་པ་དེ་ལ་བརྒྱུད། དེས་ཤར་ཕྱོགས་ཀྱི་རྒྱལ་པོའི་རིགས་ཡི་གེ་པ་ཀཱ་ཡ་སྟ་པའི་རིགས་བསྐྱེད་རིམ་ཅུང་ཟད་བརྟན་པ་སྤྲུལ་སྐུ་འགའ་མཐོང་བ། རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ནུས་ཤིང་གྲོང་འཇུག་དང་འཕོ་བ་ལ་ཐོགས་པ་མེད་པ་ནུས་པ་མངོན་དུ་མཛད་པ་གྲུབ་ཆེན་ཀཱ་ཡ་སྟ་པ་ག་དྷྭ་ར་ལ་བརྒྱུད། དེས་འབྲོག་མི་ཤཱཀྱ་ཡེ་ཤེས་སོགས་ནས་བརྒྱུད། དེ་ནས་བླ་མ་ས་སྐྱ་པའི་ཡབ་སྲས་ནས་རིམ་བཞིན་བརྒྱུད་དོ། །རྒྱས་པ་གཟིགས་པར་འདོད་ནལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར》པོད་གསུམ་སྡེ་དགེ་པར་ཁང་དུ་ཤིང་དཔར་ཡོད་པ་དེར་གཟིགས།
- language:
- Tibetan