Skip to main content Skip to search
bod khams/
ID:
T130636
  • བོད་ཁམས (Tibetan, Tibetan script, Original)
    • > bod khams/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bökham (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Po and Kham. Central and East Tibet

language:
English

2. Ives Waldo Dictionary

Tibet

language:
English

3. dung dkar bod rig pa'i tshig mdzod chen mo

《དེབ་ཐེར་དམར་པོ》དང《ལྷོ་བྲག་ཆོས་འབྱུང》གཉིས་ཀྱི་ནང་བོད་ས་གནས་སུ་མི་མ་བྱུང་གོང་མི་མ་ཡིན་རིགས་དགུས་དབང་སྒྱུར་བྱེད་སྐབས་ཡུལ་གྱི་མིང་མི་འདྲ་བ་རེ་རེ་བཏགས་པའི་ནང་ནས། བདུན་པ་མ་སངས་རུས་དགུས་དབང་བསྒྱུར་སྐབས་བོད་ཁ་ཉག་དྲུག་ཟེར་བའི་མིང་བཏགས་པ་ཡིན་ཞེས་བཤད། མཁས་དབང་དགེ་བདུན་ཆོས་འཕེལ་གྱིས་མཛད་པའི《དེབ་ཐེར་དཀར་པོའི》ནང་། གཡུང་དྲུང་བོན་རྣམས་ཀྱི་བཤད་སྲོལ་ལྟར་ན། ཐོག་མར་བོན་གྱི་ཡུལ་ཞེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟེར་བ་ཆགས་པ་ཡིན་ཟེར་བ་འདི་གད་མོ་སློང་བའི་གཏམ་འདྲ་བ་ཞིག་ཏུ་སྣང་ཡང་ཕྲན་བུ་བསམ་བློ་གཏོང་དགོས་པ་ཡིན་ཏེ་རྒྱལ་པོ་གནམ་རི་སྲོང་བཙན་ཡན་ཆོད་ལ་བོད་ཀྱི་ཡུལ་གང་པོ་ན་བོན་པོའི་ཆོས་ལུགས་རྐྱང་དར་བས་བོན་ཀྱི་ཡུལ་ཞེས་གྲགས་ནའང་ཡ་མཚན་རྒྱུ་ཆེར་མེད། རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཀྱི་ཡུལ་ལ་ཕོན་གྱི་ཡུལ་ཞེས་འབོད་པ་ཡང་བོན་གྱི་ཡུལ་ཞེས་འབོད་པའི་སྒྲ་དང་ཐག་ཉེ་པོ་ཡོད། དེར་མ་ཟད་རྗེས་གི་ད་ན་གཉིས་ཕན་ཚུན་བརྗེས་པ་ཡང་ཤིན་ཏུ་མང་བ་དཔེར་ན། བཙན་པོ་དང་བཙད་པོ། ཆུན་པོ་དང་ཆུད་པོ་སོགས་ངེས་མེད་དུ་བྲིས་པ་ལྟར་བོན་དང་བོད་གཉིས་ཀྱང་ཕན་ཚུན་བརྗེ་སྲིད། ཁ་ཆེའི་ཡུལ་རུ་དར་རྒྱས་ཆེ་བའི་ཨེ་སི་ལན་གྱི་ཆོས་ལུགས་ལ་ཁ་ཆེའི་ཆོས་ལུགས་ཞེས་གྲགས་པ་བཞིན་དུ་སྔོན་དུས་སུ་བོད་ཀྱི་ཡུལ་གྱི་ཆོས་དར་བའི་རྒྱུ་མཚན་གྱིས་ཡུལ་གྱི་མིང་བོན་ཟེར་བ་དེ་ཆོས་ལུགས་ལ་ཕར་ཐོགས་པ་ཡིན་ནམ། བོན་ཟེར་བའི་ཆོས་ཀྱི་མིང་ཡུལ་ལ་ཚུར་བཏགས་པ་ཡིན་སུས་ཀྱང་ཐག་གཅོད་མི་ཐུབ་ཅས་གསུངས་འདུག ང་རང་གི་བསམ་ཚོད་ལ། བོན་གྱི་དཔེ་ཆའི་ནང་སངས་རྒྱས་ཀྱི་སྐུ་དང་ཆོས་སྐུ་ལ་བོན་གྱི་སྐུ་དང་བོན་གྱི་ཆོས་སྐུ་ཞེས་བྲིས་འདུག་པས་བོན་ཟེར་བ་དེ་ཡུལ་མིང་ཡིན་ཟེར་བ་ལ་དོགས་པ་འདུག

language:
Tibetan

4. Thupten Phuntsok Dictionary

དེབ་ཐེར་དམར་པོ》དངལྷོ་བྲག་ཆོས་འབྱུང》གཉིས་ཀྱི་ནང་བོད་ས་གནས་སུ་མི་མ་བྱུང་གོང་མི་མ་ཡིན་རིགས་དགུས་དབང་སྒྱུར་བྱེད་སྐབས་ཡུལ་གྱི་མིང་མི་འདྲ་བ་རེ་རེ་བཏགས་པའི་ནང་ནས། བདུན་པ་མ་སངས་རུས་དགུས་དབང་བསྒྱུར་སྐབས་བོད་ཁ་ཉག་དྲུག་ཟེར་བའི་མིང་བཏགས་པ་ཡིན་ཞེས་བཤད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་དེབ་ཐེར་དཀར་པོའི་》ནང་། གཡུང་དྲུང་བོན་རྣམས་ཀྱི་བཤད་སྲོལ་ལྟར་ན། ཐོག་མར་བོན་གྱི་ཡུལ་ཞེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟུར་ཆག་པ་ཡིན་ཟེར་བ་འདི་གད་མོ་སློང་བའི་གཏམ་འདྲ་བ་ཞིག་ཏུ་སྣང་ཡང་ཕྲན་བུ་བསམ་བློ་གཏོང་དགོས་པ་ཡིན་ཏེ་རྒྱལ་པོ་གནམ་རི་སྲོང་བཙན་ཡན་ཆོད་ལ་བོད་ཀྱི་ཡུལ་གང་པོ་ན་བོན་པོའི་ཆོས་ལུགས་རྐྱང་དར་བས་བོན་གྱི་ཡུལ་ཞེས་གྲགས་ནའང་ཡ་མཚན་རྒྱུ་ཆེར་མེད། རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཀྱི་ཡུལ་ལ་ཕོན་གྱི་ཡུལ་ཞེས་འབོད་པ་ཡང་བོན་གྱི་ཞེས་འབོད་པའི་སྒྲ་དང་ཐག་ཉེ་པོ་ཡོད། དེར་མ་ཟད་རྗེས་འཇུག་གི་ད་ན་གཉིས་ཕན་ཚུན་བརྗེས་པ་ཡང་ཤིན་ཏུ་མང་བ་དཔེར་ན། བཙན་པོ་དང་བཙད་པོ། ཆུན་པོ་དང་ཆུད་ཕོ་སོགས་ངེས་མེད་དུ་བྲིས་པ་ལྟར་བོན་དང་བོད་གཉིས་ཀྱང་ཕན་ཚུན་བརྗེ་། ཁ་ཆེའི་ཡུལ་དུ་དར་རྒྱས་ཆེ་བའི་ཡི་སེ་ལན་གྱི་ཆོས་ལུགས་ལ་ཁེ་ཆེའི་ཆོས་ཞེས་གྲགས་པ་བཞིན་དུ་སྔོན་དུས་སུ་བོད་ཀྱི་ཡུལ་དུ་བོན་གྱི་ཆོས་དར་བའི་རྒྱུ་མཚན་གྱིས་ཡུལ་གྱི་མིང་བོན་ཟེར་བ་དེ་ཆོས་ལུགས་ལ་ཕན་ཐོགས་པ་ཡིན་ནམ། བོན་ཟེར་བའི་ཆོས་ཀྱི་མིང་ཡུལ་ལ་ཚུར་བཏགས་པ་ཡིན་སུས་ཀྱང་ཐག་གཅོད་མི་ཐུབ་ཅེས་གསུངས་འདུག ལ་ལའི་བསམ་ཚོད་ལ། བོན་གྱི་དཔེ་ཆའི་ནང་སངས་རྒྱས་ཀྱི་སྐུ་དང་ཆོས་སྐུ་ལ་བོན་གྱི་སྐུ་དང་བོན་སྐུ་ཞེས་བྲིས་འདུག་པས་བོན་ཟེར་བ་དེ་ཡུལ་གྱི་མིང་ཡིན་ཟེར་བ་ལ་དོགས་པ་འདུག

language:
Tibetan