Skip to main content Skip to search
bon gzhung /
ID:
T130797
  • བོན་གཞུང (Tibetan, Tibetan script, Original)
    • > bon gzhung / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bönzhung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

Bn tradition/ texts

language:
English

2. bod rgya tshig mdzod chen mo

[1854] བོན་ལུགས་ཀྱི་དཔེ་ཆ་ཀླུ་འབུམ་སོགས། ...

language:
English

3. dung dkar bod rig pa'i tshig mdzod chen mo

འདི་ལ་ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི《གྲུབ་མཐའ་ཤེལ་དཀར་མེ་ལོང》གི་བོན་ཀྱི་སྐབས་སུ་འདི་ལྟར། བོན་གྱི་ཆོས་ལ་བཀའ་འགྱུར་བྱིངས་ཀྱི་ཚབ་ཡོད་ཅིང་། ལྟ་བ་སྟོན་པའི་གཞུང《རྫོགས་པ་རིན་ཆེན་གསེར་གྱི་ཕྲེང་བ》《རྩ་འགྲེལ་རླུང་གི་སྤུ་གྲི》《མན་ངག་འཁོར་ལོ་འོད་གསལ》སོགས་དང། སྒོམ་གྱི་གཞུང《ཕུང་པོ་རང་འགྱུར་ཐིག་ལེ་དགུ་སྐོར》《གསེར་ཐིག》《ལུས་སེམས་ཡེ་ཁྲེ་དཀར་པོ》སོགས་དང་། སྤྱོད་པའི་སྐོར་ལ་《ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ》《ཡེ་གཤེན་བཀོད་པ་དོན་གྱི་འཕྲུལ》《གཡུང་དྲུང་ས་བཅུ་ལམ་གྱི་འབུམ》《རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ》 གཞན་ཡང་《ནད་འབུམ་ནག་པོ》《ཚེ་འབུམ་ཁྲ་བོ》《སྨན་འབུམ་དཀར་པོ》《གཏོ་ཐབས་སུམ་བརྒྱ་དྲུག་ཅུ》《དཔྱད་ཐབས་བརྒྱད་ཁྲི་བཞི་སྟོང》《གྱེར་སྒོམ་བཞི》《སྐད་ཅོང་བརྒྱད》《ཤིད་ཐབས་སུམ་བརྒྱ་དྲུག་ཅུ》《འདུར་ཐབས་བརྒྱད་ཅུ་རྩ་གཅིག》དེ་རྣམས་ལ་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ཟེར། བསྐྱེད་རྫོགས་འབྲས་བུའི་སྐོར་ལ《སྤྱི་སྤུངས་བོན་མཛད》《ཕ་རྒྱུད་ཉི་མ་དགུ་ཤར》《ཁྲོ་རྒྱུད་མདོ་ཆེན་འབྱམས་པ》སོགས་ཏེ་དེ་དག་ལ་ཆབ་དཀར་སྔགས་ཀྱི་བོན་ཟེར་ཞེས་སོགས་གསུངས། གཞན་ཡང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི《བོན་གྱི་སོ་འབྱུང་ལེགས་བཤད་མཛོད》སོགས་ལ་གཟིགས་ན་གསལ།

language:
Tibetan

4. Thupten Phuntsok Dictionary

བོན་ལུགས་ཀྱི་དཔེ་ཆ་ཀླུ་འབུམ་སོགས།

language:
Tibetan

5. smon lam tshig mdzod chen mo

བོན་ལུགས་ཀྱི་དཔེ་ཆ་ཀླུ་འབུམ་སོགས།

language:
Tibetan