Skip to main content Skip to search
bya 'chad kha ba/
ID:
T131031
  • བྱ་འཆད་ཁ་བ (Tibetan, Tibetan script, Original)
    • > bya 'chad kha ba/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > janché khawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • བྱ་འཆད་ཁ་བ་ [born in the 2nd iron snake year in bya, w the name ye shes rdo rje, kadampa oral instructions zhang sha ra ba's student, having gone to mal gro, founded 'chad kha monastery, composed a text of doctrine, whose commentary was by lha lung gi dbang phyug, presenting buddhist and outsider doctrines. in particular kadampa lo sbyong oral instructions the oral instructions of the 7 points of mind training du sa bcad, having presented the root text, these well known de 'gre phu tshogs chos su mdzad, in the 3rd wood sheep year he died, (1101-1175]

    language:
    Tibetan
  • {bya 'chad kha ba

    language:
    English

2. bod rgya tshig mdzod chen mo

[1858] རབ་བྱུང་གཉིས་པའི་ལྕགས་སྦྲུལ་ལོར་བྱ་ཞེས་པའི་ས་ཆར་འཁྲུངས། མཚན་ཡེ་ཤེས་རྡོ་རྗེ། བཀའ་གདམས་པའི་གདམས་ངག་པ་ཞང་ཤ་ར་བའི་སློབ་མ། མལ་གྲོར་བྱོན་ནས་འཆད་ཁ་དགོན་པ་བཏབ། གྲུབ་མཐའི་གཞུང་བརྩམས། དེའི་འགྲེལ་པ་ལྷ་ལུང་གི་དབང་ཕྱུག་གིས་མཛད་པར་ཕྱི་ནང་གི་གྲུབ་མཐའི་འདོད་ཚུལ་རྣམས་བཀོད། ཁྱད་པར་དུ་བཀའ་གདམས་བློ་སྦྱོང་གི་མན་ངག་དོན་བདུན་དུ་ས་བཅད། རྩ་བའི་ཚིག་ཡི་གེར་བཀོད་པས་བློ་སྦྱོང་དོན་བདུན་མར་གྲགས་པ་དེ་འགྲེ་ཕུ་ཚོགས་ཆོས་སུ་མཛད། རབ་བྱུང་གསུམ་པའི་ཤིང་ལུག་ལོར་འདས། ... ༼1101-1175༽ ...

language:
English

3. dung dkar bod rig pa'i tshig mdzod chen mo

རྗེ་འདི་ཉིད་རབ་བྱུང་གཉིས་པའི་ལྕགས་སྦྲུལ(༡༡༠༡)ལོར་ཡུལ་ལུ་ར་རུ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ལོ་རོ་རས་ཆུང་པའི་སློབ་མ་མཛད། རྩེ་བོར་བས་མཁན་པོ་དང་དྭགས་པོ་གཙང་འདུལ་གྱིས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། མཚན་ཡེ་ཤེས་རྡོ་རྗེ་ཞེས་བཏགས། ཚ་རོང་ཇོ་སྟན་དང་དྭགས་པོ་གཙང་འདུལ་གཉིས་ལ་མཁན་སློབ་ཞུས་ནས་བསྙེན་པར་རྫོགས། དགུང་ལོ་སུམ་ཅུར་ཕེབས་སྐབས་དབུས་སུ་བྱོན། བླ་མ་ཤར་ར་བའི་སྐུ་མདུན་ནས་བློ་སྦྱོང་གི་ཁྲིད་ཚར་གཅིག་ལ་ལོ་བཅུ་གསུམ་བྱས་པས་ཇོ་ལྟ་བ་བཞིན་དུ་ཐུགས་རྒྱུད་སྐྱེས། བཀའ་གདམས་བློ་སྦྱོང་གི་མན་ངག་དོན་བདུན་དུ་ས་བཅད། བློ་སྦྱོང་དོན་བདུན་མར་གྲགས་པ་དེ་འགྲེས་ཕུ་སྒོམ་ཆེན་སྡིངས་སུ་ཚོགས་ཆོས་སུ་གསུངས་པས། བློ་སྦྱོང་ལ་ཚོགས་ཆོས་བྱེད་པའི་སྲོལ་དེ་དེ་ནས་བྱུང་བ་ཡིན། དེ་ནས་མལ་གྲོར་བྱོན་ནས་འཆད་ཁ་དགོན་བཏབ། སེ་སྤྱིལ་བུ་བ་ལ་འཆད་ཁ་གསར་མ་འདེབས་པའི་ལུང་བསྟན། དེ་རྗེས་བྱ་དུར་མོར་བྱོན། མཐར་ཐུག་གསུམ་གྱི་གདམས་པ་ལ་སོགས་མཛད། རང་གི་རྣམ་ཐར་རྣམས་ཚིགས་སུ་བཅད་ནས་གསུངས། མཐར་དགུང་ལོ་དོན་ལྔར་ཕེབས་པ་རབ་བྱུང་གསུམ་པའི་ཤིང་ལུག(༡༡༧༥)ལོར་སྐུ་གཤེགས།

language:
Tibetan

4. Thupten Phuntsok Dictionary

རབ་བྱུང་གཉིས་པའི་ལྕགས་སྦྲུལ་(༡༡༠༡)ལོར་བྱ་ཞེས་པའི་ས་ཆར་འཁྲུངས། མཚན་ཡེ་ཤེས་རྡོ་རྗེ། བཀའ་གདམས་པའི་གདམས་ངག་པ་ཞང་ཤ་ར་བའི་སློབ་མ། མལ་གྲོར་བྱོན་ནས་འཆད་ཁ་དགོན་པ་བཏབ། གྲུབ་མཐའི་གཞུང་བརྩམས། དེའི་འགྲེལ་པ་ལྷ་ལུང་གི་དབང་ཕྱུག་གིས་མཛད་པར་ཕྱི་ནང་གི་གྲུབ་མཐའི་འདོད་ཚུལ་རྣམས་བཀོད། ཁྱད་པར་དུ་བཀའ་གདམས་བློ་སྦྱོང་གི་མན་གང་དོན་བདུན་དུ་ས་བཅད། རྩ་བའི་ཚིག་ཡི་གེར་བཀོད་པས་བློ་སྦྱོང་དོན་བདུན་མར་གྲགས་པ་དེ་འགྲེས་ཕུ་ཚོགས་ཆོས་སུ་མཛད། རབ་བྱུང་གསུམ་པའི་ཤིང་ལུག(༡༡༧༥)ལོར་འདས།

language:
Tibetan

5. smon lam tshig mdzod chen mo

རབ་བྱུང་གཉིས་པའི་ལྕགས་སྦྲུལ་ལོར་བྱ་ཞེས་པའི་ས་ཆར་འཁྲུངས། མཚན་ཡེ་ཤེས་རྡོ་རྗེ། བཀའ་གདམས་པའི་གདམས་ངག་པ་ཞང་ཤ་ར་བའི་སློབ་མ། མལ་གྲོར་བྱོན་ནས་འཆད་ཁ་དགོན་པ་བཏབ། གྲུབ་མཐའི་གཞུང་བརྩམས། དེའི་འགྲེལ་པ་ལྷ་ལུང་གི་དབང་ཕྱུག་གིས་མཛད་པར་ཕྱི་ནང་གི་གྲུབ་མཐའི་འདོད་ཚུལ་རྣམས་བཀོད། ཁྱད་པར་དུ་བཀའ་གདམས་བློ་སྦྱོང་གི་མན་ངག་དོན་བདུན་དུ་ས་བཅད། རྩ་བའི་ཚིག་ཡི་གེར་བཀོད་པས་བློ་སྦྱོང་དོན་བདུན་མར་གྲགས་པ་དེ་འགྲེ་ཕུ་ཚོགས་ཆོས་སུ་མཛད། རབ་བྱུང་གསུམ་པའི་ཤིང་ལུག་ལོར་འདས།

language:
Tibetan