Skip to main content Skip to search
bya yul ba chen po/
ID:
T131414
  • བྱ་ཡུལ་བ་ཆེན་པོ (Tibetan, Tibetan script, Original)
    • > bya yul ba chen po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jayül bachenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • བྱ་ཡུལ་བ་ཆེན་པོ་ [mtshan gzhon nu 'od, in the 1st wood rabbit year born in stod lung in gol go valley, stod lung pa rin chen snying po w spyan snga ba tshul khrims 'bar gyi nye bar gnas pa la, bla ma la bkur sti shin tu nan cher mdzad, attaining the oral instructions of both bskyed rim and rdzogs rim, in S dvags po kyi bya yul founded a monastery, after many students gathered, bka' gdams gdam ngag pa'i chos spel, and the kagyu guru dvags po lha rje, Gampopa, too de las chos gsan, in the 2nd earth horse year he died]

    language:
    Tibetan
  • བྱ་ཡུལ་བ་ཆེན་པོ་

    language:
    Tibetan

2. bod rgya tshig mdzod chen mo

[1865] མཚན་གཞོན་ནུ་འོད་ཅེས་པ་རབ་བྱུང་དང་པོའི་ཤིང་ཡོས་ལོར་སྟོད་ལུང་གི་གོལ་གོ་ལུང་དུ་འཁྲུངས། སྟོད་ལུང་པ་རིན་ཆེན་སྙིང་པོ་དང་སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱི་ཉེ་བར་གནས་པ་ལ། བླ་མ་ལ་བཀུར་སྟི་ཤིན་ཏུ་ནན་ཆེར་མཛད། བསྐྱེད་རྫོགས་གཉིས་ཀྱི་གདམ་ངག་ཐོབ། དྭགས་པོའི་ལྷོ་རྒྱུད་ཀྱི་བྱ་ཡུལ་དུ་དགོན་པ་བཏབ་སྟེ་སློབ་མ་མང་དུ་འདུས་ནས་བཀའ་གདམས་གདམ་ངག་པའི་ཆོས་སྤེལ། བཀའ་བརྒྱུད་བླ་མ་དྭགས་པོ་ལྷ་རྗེ་ཡང་དེ་ལས་ཆོས་གསན། རབ་བྱུང་གཉིས་པའི་ས་རྟ་ལོར་འདས། ...

language:
English

3. dung dkar bod rig pa'i tshig mdzod chen mo

རྗེ་འདི་ཉིད་ཡབ་གཡུང་དྲུང་བརྟན་འབར་དང་ཡུམ་ལྗང་བཟའ་ལྕམ་བུ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ཤིང་ཡོས་༡༠༧༥ལོར་སྟོད་ལུང་གི་གོལ་གོ་ལུང་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ལ་ཕེབས་སྐབས་སྤྱན་སྔའི་སློབ་མ་ཡེ་ཤེས་རྒྱལ་གྱིས་སློང་དཔོན་དང་། རྣལ་འབྱོར་པའི་སློང་མ་བྱང་གྲགས་བྱ་བས་མཁན་པོ་མཛད་ནས་དགེ་ཚུལ་མནོས། མཚན་གཞོན་ནུ་འོད་དུ་བཏགས། དེ་ནས་སྟོད་ལུང་པ་རིན་ཆེན་སྙིང་པོ་དང་སྤྱན་སྔ་ཚུལ་ཁྲིམས་འབར་གྱི་ཉེ་གནས་མཛད་པ་ལ་བླ་མར་བཀུར་སྟི་ཤིན་ཏུ་ནན་ཆེར་མཛད་པས་བསྐྱེད་རྫོགས་གཉིས་ཀྱི་གདམས་ངག་ཐོབ། དྭགས་པོའི་ལྷོ་རྒྱུད་ཀྱི་བྱ་ཡུལ་དདུ་དགོན་པ་བཏབ་སྟེ་སློབ་མ་མང་དུ་འདུས་ནས་བཀའ་གདམས་གདམསངག་པའི་ཆོས་སྤེལ། དབྱར་ཆོས་བྱ་ཡུལ་དུ་མཛད། དུས་གཞན་དུ་སྐྱིད་སྨད་ལ་སོགས་པར་ཡང་ཆོས་གཞི་མང་དུ་བསྐོར་ཞིང་འགྲོ་བའི་དོན་རྒྱ་ཆེར་མཛད། སྤྱན་སྔ་གཤེགས་ཁར་ཁྱོད་བསྙེན་རྫོགས་མ་བྱེད་ཅིག་གསུངས་པས་བསྙེན་རྫོགས་ཡུན་རིང་མ་གྲུབ། ཕྱིས་གསོལ་བ་བཏབ་པས་སྣམ་སྦྱར་རྒྱ་གར་མ་ཞིག་གནང་བ་རྨིས་ནས་དགེ་སློང་བྱེད་པར་གནང་བ་ཡིན་སྙམ་སྟེ་དགེ་བཤེས་རྔོག་ཆོས་དབང་གིས་མཁན་པོ་མཛད། མཐར་དགུང་ལོ་དྲུག་ཅུ་རྩ་བཞི་པ་རབ་བྱུང་གཉིས་པའི་ས་ཕོ་རྟའི་༡༡༣༨སྨིན་དྲུག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་སྐུ་གཤེགས། འདི་ཉིད་ལ་སློབ་མ་ཏིང་ངེ་འཛིན་སྐྱེས་པ་ལྔ་བརྒྱ། དགེ་བཤེས་ཇག་རྩེ་འཆའ་བ་བརྒྱ་དང་བཅུ། དེ་དག་གི་ནང་ནས་ཕྱིའི་ཆེན་པོ་དགུ། བར་གྱི་ཆེན་པོ་བརྒྱད། ནང་ཐུགས་གྱི་སྲས་གསུམ་སོགས་མང་དུ་བྱུང་བ་འདི་རྣམས་ཀྱིས་ཀྱང་གནས་དགོན་སོ་སོར་བཟུང་ནས་འགྲོ་བའི་དོན་རྒྱ་ཆེར་མཛད།

language:
Tibetan

4. Thupten Phuntsok Dictionary

མཚན་གཞོན་ནུ་འོད་ཅེས་པ་རབ་བྱུང་དང་པོའི་ཤིང་ཡོས(༡༠༧༥)ལོར་སྟོད་ལུང་གི་གོལ་གོ་ལུང་དུ་འཁྲུངས། སྟོད་ལུང་པ་རིན་ཆེན་སྙིང་པོ་དང་སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱི་ཉེ་བར་གནས་པ་ལ། བླ་མ་ལ་བཀུར་སྡི་ཤིན་ཏུ་ནན་ཆེར་མཛད་པས་བསྐྱེད་རྫོགས་གཉིས་ཀྱི་གདམས་ངག་ཐོབ། དྭགས་པོའི་ལྷོ་རྒྱུད་ཀྱི་བྱ་ཡུལ་དུ་དགོན་པ་བཏབ་སྟེ་སློབ་མ་མང་དུ་འདུས་ནས་བཀའ་གདམས་གདམས་ངག་པའི་ཆོས་སྤེལ། བཀའ་བརྒྱུད་བླ་མ་དྭགས་པོ་ལྷ་རྗེ་ཡང་དེ་ལས་ཆོས་གསན། རབ་བྱུང་གཉིས་པའི་ས་རྟ(༡༡༣༨)ལོར་འདས།

language:
Tibetan

5. smon lam tshig mdzod chen mo

མཚན་གཞོན་ནུ་འོད་ཅེས་པ་རབ་བྱུང་དང་པོའི་ཤིང་ཡོས་ལོར་སྟོད་ལུང་གི་གོལ་གོ་ལུང་དུ་འཁྲུངས། སྟོད་ལུང་པ་རིན་ཆེན་སྙིང་པོ་དང་སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱི་ཉེ་བར་གནས་པ་ལ། བླ་མ་ལ་བཀུར་སྟི་ཤིན་ཏུ་ནན་ཆེར་མཛད། བསྐྱེད་རྫོགས་གཉིས་ཀྱི་གདམ་ངག་ཐོབ། དྭགས་པོའི་ལྷོ་རྒྱུད་ཀྱི་བྱ་ཡུལ་དུ་དགོན་པ་བཏབ་སྟེ་སློབ་མ་མང་དུ་འདུས་ནས་བཀའ་གདམས་གདམ་ངག་པའི་ཆོས་སྤེལ། བཀའ་བརྒྱུད་བླ་མ་དྭགས་པོ་ལྷ་རྗེ་ཡང་དེ་ལས་ཆོས་གསན། རབ་བྱུང་གཉིས་པའི་ས་རྟ་ལོར་འདས།

language:
Tibetan