- byang chub rgyal mtshan/
- ID:
- T131644
- བྱང་ཆུབ་རྒྱལ་མཚན (Tibetan, Tibetan script, Original)
- > byang chub rgyal mtshan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > jangchup gyemtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
(ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན)ཕག་མོ་གྲུ་པའི་སྡེ་སྲིད་མི་རབས་དང་པོ་རབ་བྱུང་ལྔ་པའི་ཆུ་སྟག་༡༣༠༢ལོ་ནས་རབ་བྱུང་དྲུག་པའི་ཤིང་འབྲུག་༡༣༦༤ལོ་བར་དགུང་གྲངས་དྲུག་ཅུ་རེ་གཉིས་བཞུགས། འདི་ཡང་《ལྷོ་རོང་ཆོས་འབྱུང》ལྟར་བྱས་ན། འབྲི་གུང་པའི་དཔོན་རིན་ཆེན་སྐྱབས་ལ་ལྕམ་གཉིས་ཡོད་པའི་ཆུང་བ་ཁྲ་སྨོན་འབུམ་སྐྱིད་ཀྱི་བུ་གསུམ་ཡོད་པའི་ཆེ་བ་ཡིན། ལོ་བདུན་ནས་ཚེས་བཞི་རྙིང་མ་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་གྱི་བསྡོམ་པ་བླངས་ཏེ་མིང་ལ་བྱང་ཆུབ་རྒྱལ་མཚན་དུ་བཏགས། ལོ་དགུ་པ་ལ་མཁན་ཆེན་ཚུལ་དར་བ་དང་། སྮོབ་དཔོན་པུ་ཧྲེངས་པའི་སར་རབ་ཏུ་བྱུང་། རང་ལོ་བཅུ་བཞི་པ་ལ་ས་སྐྱར་བདག་ཆེན་བཟང་པོ་དཔལ་གྱི་ཞབས་ཕྱིར་བསྡད། རང་ལོ་ཉི་ཤུ་པ་རབ་བྱུང་ལྔ་པའི་ལྕགས་བྱ་༡༣༢༡ལོར་ས་སྐྱའི་ཏི་ཤཱི་ཀུན་དགའ་བློ་གྲོས་ཀྱིས་ཕག་གྲུའི་ཁྲི་དཔོན་དུ་བསྐོས་ཤིང་། ཡོན་རྒྱལ་རབས་ཀྱི་གོང་མ་ཤུད་དྷི་ཕ་ལ་དབྱི་ཙུང་ཀེ་ཀེན་ཧན་གྱིས་དམ་ཁ་སྟག་མགོ་མ་ནོར་བུ་གསུམ་པ་དང་ཏའི་སི་ཏུའི་གོ་གནས་སྤྲད། སྣེ་གདོང་རྫོང་ཁང་གི་མཁར་ལས་དང་། མདུན་གྱི་ཤམ་ཆུ་ལ་ཟམ་པ་འཛུགས་པ། རང་ཉིད་ཆང་དང་ཕྱི་དྲོའི་ཁ་ཟས་སྤོང་བ་སོགས་རབ་བྱུང་གི་སྡོམ་པ་བསྲུངས། རིང་པོར་མ་ལོན་པར་གཡའ་བཟང་པས་ཁ་མཆུ་བསླངས་ཏེ་གཡའ་བཟང་པ་དང་དམག་འཐབ་ཐེངས་ཁ་ཤས་བྱས་ཀྱང་ཐོག་མར་ཕམ། དེ་ནས་འབྲི་གུང་པ་དང་གཡའ་བཟང་པ། ཚལ་པ་བཅས་ལྐོག་ཏུ་ཁ་མཐུན་ནས་གཡའ་ཕག་གཉིས་ཀྱི་ཁ་མཆུ་ས་སྐྱའི་དཔོན་ཆེན་གྱི་མདུན་དུ་གཏུགས་བཤེར་བྱས་སྐབས་སླར་ཡང་སི་ཏུ་ཕམ། འོན་ཀྱང་སི་ཏུའུ་ཁྲི་དཔོན་གྱི་གོ་གནས་དང་ཐམ་ཀ་རྩིས་མ་སྤྲད་པའི་དབང་གིས་དཔོན་ཆེན་རྒྱལ་བ་བཟང་པོས་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་དམག་ཡར་ལུང་དུ་དྲངས་ནས་རྗེས་སུ་སི་ཏུ་བར་ཆིངས་སྒྲིགས་བྱེད་རྒྱུར་ཁ་གཡར་ཏེ་སི་ཏུ་འཛིན་བཟུང་ཐོག་བཙོན་འཇུག་དང་། སྲོག་ལ་ཐུག་པའི་ཉེས་རྡུང་ཐེངས་ཁ་ཤས་བཏང་ཡང་། ཁྲི་དཔོན་གྱི་གོ་གནས་དང་ཐམ་ཀ་རྩིས་མ་སྤྲད་པར་རེ་ཞིག་བཙོན་འཇུག་བྱས། རྗེས་སུ་ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོ་དང་དཔོན་ཆེན་དབང་བརྩོན་བར་འགལ་བ་ཆེར་སོང་ཞིང་ས་སྐྱའི་གདུང་རྒྱུད་ངོ་མ་མང་ཆེ་བ་དཔོན་ཆེན་དབང་བརྩོན་གྱི་ཕྱོགས་སུ་ལངས་ཏེ་དཔོན་ཆེན་དབང་བརྩོན་ལ་ཡོན་རྒྱལ་རབས་ཀྱི་གོང་མས་དཔོན་ཆེན་གྱི་འཇའ་ས་བྱུང་བར་བརྟེན། དཔོན་ཆེན་རྒྱལ་བ་བཟང་པོས་སི་ཏུ་བརྩོན་ཁང་ནས་ཤོར་བའི་ཁུལ་བྱས་ཏེ་གློདདཀྲོལ་བཏང་། དེ་རྗེས་དཔོན་ཆེན་དབང་བརྩོན་དང་ས་སྐྱའི་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་སྐུ་མཆེད་གཉིས་ཀྱིས་རབ་བྱུང་དྲུག་པའི་ཆུ་སྤྲེལ་༡༣༣༢ལོར་ལྷ་རྩེ་རྫོང་དུ་བཙོན་འཇུག་བྱས་ཐོག ཁྲི་སྐོར་བཅུ་གསུམ་གྱི་དམལ་ཡར་ལུང་དུ་དྲངས་ནས་ཡུན་རིང་དམག་འཐབ་བྱས་ཀྱང་གླགས་མ་རྙེད་པར་སི་ཏུར་རྒྱལ་ཁ་ཐོབ་སྟེ་རབ་བྱུང་དྲུག་པའི་ས་གླང་༡༣༤༩ལོར་བོད་ས་གནས་ཡོངས་ལ་དབང་བསྐུར་བྱས། དེ་རྗེས་དམག་ཆེན་ཁྲིད་དེ་ས་སྐྱའི་མཐའ་བསྐོར་བ་དང་སྦྲགས། དཔོན་ཆེན་རྒྱལ་བ་བཟང་པོ་བཙོན་ནས་བཏོན་ཞིང་། དམག་འཁྲུག་སློང་བའི་འགོ་གཙོ་རྣམས་ལ་ཁྲིམས་གཅོད་བྱས་ཏེ་ས་སྐྱའི་སྲིད་དབང་ཡོངས་རྫོགས་རྩིས་བླངས་ནས་ཕག་མོ་གྲུ་པས་བོད་ཡོངས་ལ་དབང་བསྒྱུར་བྱེད་པའི་འགོ་ཚུགས་པ་ཡིན། དེ་ནས་རབ་བྱུང་དྲུག་པའི་ཤིང་འབྲུག་༡༣༦༤ལོ་བར་ལོ་བཅུ་དྲུག་རིང་སྲིད་དབང་བཟུང་། རབ་བྱུང་དྲུག་པའི་མེ་སྤྲེལ་༡༣༤༧ལོར་ལྕགས་རྩེ་གྲི་གུ་རྫོང་དང་། འོག་ཁ་སྟག་རྩེ་རྫོང་། གོང་དཀར་རྫོང་། སྣེའུ་རྫོང་བཅས་བརྩིགས་ཤིང་། དེའི་ཕྱི་ལོ་མེ་བྱ་ལོར་གཞིས་ཀ་བྲག་དཀར་རྫོང་བརྩིགས། གཞན་ཡང་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དང་། རིན་སྤུངས་རྫོང་། པ་རྣམ་ལྷུན་གྲུབ་རྩེ་སོགས་རྫོང་ཆེན་བཅུ་གསུམ་བརྩིགས་ནས་རྫོང་སོ་སོར་རྫོང་དཔོན་བསྐོ་བཞག་དང་། ལོ་གསུམ་རེ་ནས་རྫོང་མཁན་སོ་སོས་ལོ་རེས་མོས་སུ་ས་གནས་སོ་སོར་ངོ་བསྐྱོད་རྟོག་ཞིབ་ཏུ་འགྲོ་དགོས་པ་བཅས་ཀྱི་ལམ་ལུགས་བཙུགས། རང་ལོ་ང་དགུ་པ་རབ་བྱུང་དྲུག་པའི་ལྕགས་གླང་༡༣༦༡ལོར་རང་ཉིད་ཀྱི་ལོ་རྒྱུས་《བཀའ་ཆེམས་དེབ་ཐེར》བརྩམས། དེ་ཡི་ཕྱི་ལོར་བུ་སྟོན་རིནན་པོ་ཆེའི་དངོས་སློབ་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་སོགས་དགེ་བཤེས་མཁས་པ་མང་པོ་ཞུས་དག་ཏུ་གདན་དྲངས་ཏེ་རྩེད་ཐང་དགོན་པར་གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་བཞེངས། རང་ལོ་དྲུག་ཅུ་རེ་གསུམ་པ་རབ་བྱུང་དྲུག་པའི་ཤིང་འབྲུག་༡༣༦༤ལོར་རང་ཉིད་སྲིད་ཁྲིའི་ལས་འགན་དགོངས་པ་ཞུས་ཏེ་ཚབ་ཏུ་འཇམ་དབྱངས་གུ་ཤྲཱི་ཤཱཀྱ་རྒྱལ་མཚན་བསྐོས་ནས་རིང་པོ་མ་སོང་བར་འདས། འདི་སྐོར་གྱི་ལོ་རྒྱུས་ཞིབ་པ་ནི་ཏཱ་སི་རང་ཉིད་ཀྱིས་བརྩམས་པའི་《བཀའ་ཆེམས་དེང་ཐེར》དང་གོང་དུ་གསལ་བའི་《ལྷོ་རོང་ཆོས་འབྱུང》གཉིས་ཁུངས་དག་པར་བསམས་ནས་དེ་ལྟར་དུ་བྲིས་པ་ཡིན་པ་ཞིབ་ཆ་དེ་གཉིས་སུ་གསལ།
- language:
- Tibetan
3. Thupten Phuntsok Dictionary
(ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན) ཕག་མོ་གྲུ་པའི་སྡེ་སྲིད་མི་རབས་དང་པོ་རབ་བྱུང་ལྔ་པའི་ཆུ་སྟག (༡༣༠༢) ལོ་ནས་རབ་བྱུང་དྲུག་པའི་ཤིང་འབྲུག་ (༡༣༦༤) ལོ་བར་དགུང་གྲངས་དྲུག་ཅུ་རེ་གཉིས་བཞུགས། འདི་ཡང་ལྷོ་རོང་ཆོས་འབྱུང》ལྟར་བྱས་ན། འབྲི་གུང་པའི་དཔོན་རིན་ཆེན་སྐྱབས་ལ་ལྕམ་གཉིས་ཡོད་པའི་ཆུང་བ་ཁྲ་སྨོན་འབུམ་སྐྱིད་ཀྱི་བུ་གསུམ་ཡོད་པའི་ཆེ་བ་ཡིན། ལོ་བདུན་ནས་ཚེས་བཞི་རྙིང་མ་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་མིང་ལ་བྱང་ཆུབ་རྒྱལ་མཚན་དུ་བཏགས། ལོ་དགུ་པ་ལ་མཁན་ཆེན་ཚུལ་དར་བ་དང་། སློབ་དཔོན་པུ་ཧྲེངས་པའི་སར་རབ་ཏུ་བྱུང་། རང་ལོ་བཅུ་བཞི་པ་ལ་ས་སྐྱར་བདག་ཆེན་བཟང་པོ་དཔལ་གྱི་ཞབས་ཕྱིར་བསྡད། རང་ལོ་ཉི་ཤུ་པ་རབ་བྱུང་ལྔ་པའི་ལྕགས་བྱ (༡༣༢༡) ལོར་ས་སྐྱའི་ཏི་ཤྲཱི་ཀུན་དགའ་བློ་གྲོས་ཀྱིས་ཕག་གྲུའི་ཁྲིད་དཔོན་དུ་བསྐོས་ཤིང་། ཡོན་རྒྱལ་རབས་ཀྱི་གོང་མ་ཤུད་དྷི་ཕ་ལ་དབྱི་ཚུང་ཀེ་ཀེན་ཧན་གྱིས་དམ་ཁ་སྟག་མགོ་མ་ནོར་བུ་གསུམ་པ་དང་ཏའི་སི་ཏུའི་གོ་གནས་སྤྲད། རང་ལོ་ང་དགུ་པ་རབ་བྱུང་དྲུག་པའི་ལྕགས་གླང (༡༣༦༡) ལོར་རང་ཉིད་ཀྱི་ལོ་རྒྱུསབཀའ་ཆེམས་དེབ་ཐེར》བརྩམས། དེ་ཡི་ཕྱི་ལོར་བུ་སྟོན་རིན་པོ་ཆེའི་དངོས་སློབ་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་སོགས་དགེ་བཤེས་མཁས་པ་མང་པོ་ཞུས་དག་ཏུ་གདན་དྲངས་ཏེ་རྩེད་ཐང་དགོན་པར་གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་བཞེངས་རང་ལོ་དྲུག་ཅུ་རེ་གསུམ་པ་རབ་བྱུང་དྲུག་པའི་ཤིང་འབྲུག (༡༣༦༤) ལོར་རང་ཉིད་སྲིད་ཁྲིའི་ལས་འགན་དགོངས་པ་ཞུས་ཏེ་ཚབ་ཏུ་འཇམ་དབྱངས་གུ་ཤྲཱི་ཤཱཀྱ་རྒྱལ་མཚན་བསྐོས་ནས་རིང་པོ་མ་སོང་བར་འདས་སོ། །
- language:
- Tibetan