Skip to main content Skip to search
byang chub sems dpa' rnams kyi dbang bcu/
ID:
T131835
  • བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བཅུ (Tibetan, Tibetan script, Original)
    • > byang chub sems dpa' rnams kyi dbang bcu/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jangchup sempa namkyi wangchu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

the 10 powers of bodhisattvas

language:
English

2. dung dkar bod rig pa'i tshig mdzod chen mo

ཚེ་ལ་དབང་བ། སེམས་ལ་དབང་བ། ཡོ་བྱད་ལ་དབང་བ། ལས་ལ་དབང་བ། མོས་པ་ལ་དབང་བ། སྨོན་ལམ་ལ་དབང་བ། ཡེ་ཤེས་ལ་དབང་བ། ཆོས་ལ་དབང་བའོ། ། ༡བསྐལ་པ་ཇི་ཙམ་འདོད་པར་གནས་པ་ཚེ་ལ་དབང་བ། ༢ ཏིང་ངེ་འཛིན་དཔག་ཏུ་མེད་པ་སྐད་ཅིག་རེ་རེར་མཉམ་པར་འཇོག་ཅིང་ལྡང་ནུས་པ་སེམས་ལ་དམའ་བ། ༣ བསམ་པ་ཙམ་གྱིས་འཇིག་རྟེན་དུ་ཟས་ནོར་སྣ་ཚོགས་པས་གང་བར་ནུས་པ་ལ་ཡོ་བྱད་དབང་བ། ༤ བཟོད་དང་ལས་ཀྱི་གནས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་སྤྱོད་པ་ལས་ལ་དབང་བ། ༥ ལྷ་དང་མི་ལ་སོགས་པ་གང་འདོད་དུ་སྐྱེ་བ་ལ་དབང་བ། ༦ ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་སུ་བསྒྱུར་བ་ལ་སོགས་པ་དངོས་པོ་ཐམས་ཅད་ཇི་ལྟར་འདོད་པར་བསྒྱུར་བ་སེམས་ཅན་གྱིས་མཐོང་ནས་སྤྱད་དུ་རུང་བ་རྫུ་འཕྲུལ་ལ་དབང་བ། ༧ འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱིས་གང་བ་ལ་སོགས་པ་ཇི་ལྟར་སྨོན་ལམ་ལྟར་འགྲུབ་པ་མོས་པ་ལ་དབང་བ། ༨ ཞིང་ཁམས་དཔག་ཏུ་མེད་པ་སྐྲ་རྩེ་གཅིག་གི་ནམ་མཁར་འཛིན་པ་ལ་སོགས་པ་ཇི་ལྟར་འདོད་པ་ལྟར་སྤྲུལ་ནུས་པ་སྨོན་ལམ་ལ་སོགས་པ་ཇི་ལྟར་འདོད་པ་ལྟར་སྤྲུལ་ནུས་པ་སྨོན་ལམ་ལ་དབང་བ། ༩ ཤེས་བྱ་གང་ཤེས་པར་འདོད་པ་ཤེས་པ་ཡེ་ཤེས་ལ་དབང་བ། ༡༠ ཆོས་ཐམས་ཅད་ཀྱི་མིང་རྣམ་པར་གཞག་པ་ལ་མཁས་པ་ཆོས་ལ་དབང་བ། སྤྱིར་དབང་བཅུ་ཐོབ་པ་ཙམ་ནི་མ་དག་ས་བདུན་ནས་ཡོད་ལ། དབང་བཅུ་ཕུལ་བྱུང་ནི་དག་པ་ས་གསུམ་ན་ཡོད་ལ། དབང་བཅུ་ཤིན་ཏུ་རྣམ་དག་ནི་སངས་རྒྱས་ཀྱི་ས་ན་ཅེས་གསུངས།

language:
Tibetan

3. Thupten Phuntsok Dictionary

ཚེ་ལ་དབང་བ། སེམས་ལ་དབང་བ། ཡོ་བྱད་ལ་དབང་བ། ལས་ལ་དབང་བ། སྐྱེ་བ་ལ་དབང་བ། རྫུ་འཕྲུལ་ལ་དབང་བ། མོས་པ་ལ་དབང་བ། སྨོན་ལམ་ལ་དབང་བ། ཡེ་ཤེས་ལ་དབང་བ། ཆོས་ལ་དབང་བའོ། །༡བསྐལ་པ་ཇི་ཙམ་འདོད་པར་གནས་པ་ཚེ་ལ་དབང་བ། ༢ ཏིང་ངེ་འཛིན་དཔག་ཏུ་མེད་པ་སྐད་ཅིག་རེ་རེར་མཉམ་པར་འཇོག་ཅིང་ལྡང་ནུས་པ་སེམས་ལ་དབང་བ། ༣ བསམ་པ་ཙམ་གྱིས་འཇིག་རྟེན་དུ་ཟས་ནོར་སྣ་ཚོགས་པས་གང་བར་ནུས་པ་ཡོ་བྱད་ལ་དབང་བ། ༤ བཟོད་དང་ལས་ཀྱི་གནས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་སྤྱོད་པ་ལས་ལ་དབང་བ། ༥ ལྷ་དང་མི་ལ་སོགས་པ་གང་འདོད་དུ་སྐྱེ་བ་ལ་དབང་བ། ༦ ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་སུ་བསྒྱུར་བ་ལ་སོགས་པ་དངོས་པོ་ཐམས་ཅད་ཇི་ལྟར་འདོད་པར་བསྒྱུར་བ་སེམས་ཅན་གྱིས་མཐོང་ནས་སྤྱད་དུ་རུང་བ་རྫུ་འཕྲུལ་ལ་དབང་བ། ༧ འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱིས་གང་བ་ལ་སོགས་པ་ཇི་ལྟར་སྨོན་ལམ་ལྟར་འགྲུབ་པ་མོས་པ་ལ་དབང་བ། ༨ ཞིང་ཁམས་དཔག་ཏུ་མེད་པ་སྐྲ་རྩེ་གཅིག་གི་ནམ་མཁར་འཛིན་པ་ལ་སོགས་པ་ཇི་ལྟར་འདོད་པ་ལྟར་སྤྲུལ་ནུས་པ་སྨོན་ལམ་ལ་དབང་བ། ༩ ཤེས་བྱ་གང་ཤེས་པར་འདོད་པ་དེ་ཤེས་པ་ཡེ་ཤེས་ལ་དབང་བ། ༡༠ ཆོས་ཐམས་ཅད་ཀྱི་མིང་རྣམ་པར་གཞག་པ་ལ་མཁས་པ་ཆོས་ལ་དབང་བ། སྤྱིར་དབང་བཅུ་ཐོབ་པ་ཙམ་ནི་མ་དག་ས་བདུན་ནས་ཡོད་ལ། དབང་བཅུ་ཕུལ་བྱུང་ནི་དག་པ་ས་གསུམ་ན་ཡོད་ལ། དབང་བཅུ་ཤིན་ཏུ་རྣམ་དག་ནི་སངས་རྒྱས་ཀྱི་ས་ན་ཡོད་ཅེས་གསུངས།

language:
Tibetan